མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་མཆོག་གིས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་ཧྥ་རན་སིའི་ནང་ཞི་བདེ་བག་ཡངས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་པར་ནང་ཆོས་ཀྱི་ཐོག་ནས་ཞབས་འདེགས་གནང་ཡོད་པར་ཆེད་བསྟོད་དུ་ཧྥ་རན་སིའི་ན་ཡེ་ཊི་ཤ་ཝི་ལིར་ཞེས་པའི་གཟེངས་རྟགས་དེ་དབུལ་གཏན་ཁེལ་འདུག

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཧྥ་རན་སིའི་ནང་སྲིད་ལྷན་ཁང་གིས་༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་མཆོག་གིས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱལ་ཁབ་དེའི་ནང་ཞབས་འདེགས་བསྒྲུབས་པའི་དབང་གིས། ཁོང་ཉིད་ལ་ཧྥ་རན་སི་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་(Legion of Honour) ཀྱི་གཟེངས་རྟགས་རིམ་པ་ལྔ་པ་སྟེ། ན་ཡེ་ཊི་ཤ་ཝི་ལིར་(Knight  Chevalier) ཞེས་པའི་གཟེངས་རྟགས་ཐོབ་ཡོད་པ་གསལ་བསྒྲགས་གནང་འདུག 

ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། ༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་མཆོག་གིས་འདས་པའི་མི་ལོ ༦༠ ལྷག་རིང་འགྲོ་བའི་དོན་དུ་ནང་པ་སངས་རྒྱས་པའི་ཆོས་དར་སྤེལ་དུ་གཏོང་བར་འབད་འབུངས་གནང་ཡོད་ཅིང་། རིན་པོ་ཆེ་མཆོག་གིས་བོད་རིག་པ་བ་རྣམས་དང་། བོད་དང་ཧྥ་རན་སི་གཉིས་ཀའི་མི་སེར་ཡིན་པའི་སྐད་བསྒྱུར་བ་གཙོས། ཁོང་གི་འཆད་ཁྲིད་ལ་ཉན་མཁན་མང་པོའི་སེམས་སུ་བག་ཆག་ཟབ་མོ་བཞག་ཡོད་པའི་ཁར། ཧྥ་རན་སི་རྒྱལ་ཁབ་ཏུ་དམ་པའི་ལྷ་ཆོས་སྤེལ་ནས་ཞི་བདེ་དང་འཆམ་མཐུན་གྱི་རྒྱལ་ཁབ་ཅིག་བསྐྲུན་རྒྱུར་ཞབས་འདེབས་བསྒྲུབས་ཡོད་སྐོར་སོགས་གསལ་འདུག 

སྤྱིར་བཏང་Legion of Honour ཞེས་པའི་གཟེངས་རྟགས་དེ་ཕྱི་ལོ་ ༡༨༠༢ ལོར་ཐོག་མར་ཧྥ་རན་སི་རྒྱལ་ཁབ་དེར་དམག་དོན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་རྣམས་ལ་འབུལ་བའི་མགོ་བཙུགས་ཡོད་པ་དང་། རྒྱལ་ཁབ་དེའི་རིམ་པ་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་ཤིག་ཡིན་ཞིང་། གཟེངས་རྟགས་དེར་རིམ་པ་མི་འདྲ་བ་ལྔ་ཡོད་པའི་ཁྲོད། ན་ཡེ་ཊི་ཤ་ཝི་ལིར་(Knight  Chevalier) དང་། ཨོ་ཧྥི་སིར་(Officer)། ཁ་མན་ཌིར་( (Commander)  གྷ་རེན་ཌི་ཨོ་ཧྥི་སིར་ (Grand Officer)། གྷ་རེན་ཌི་ཁོ་རི་སི་ (Grand Cross) བཅས་ཡིན་འདུག

རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༣༢ ལོར་ཀོང་པོའི་ཡུལ་དུ་སྐུ་འཁྲུངས་ཤིང་། ༡༩༣༣ ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དྭགས་པོ་བླ་མ་རིན་པོ་ཆེ་འཇམ་དཔལ་ལྷུན་འགྲུབ་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་གྲངས་དྲུག་ཐོག་བཀའ་གདམས་བང་རིམ་ཆོས་སྡེ་དང་། དགུང་གྲངས་ ༡༣ ལ་ཕེབས་སྐབས་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་ཆོས་བཞུགས་མཛད་དེ་བོད་ཀྱི་རིག་གནས་སྤྱི་དང་གཞུང་ཆེན་བཀའ་པོད་ལྔ་གཙོས་པའི་མདོ་སྔགས་ཀྱི་གཞུང་ལུགས་དུ་མར་གསན་བསམ་རྒྱ་ཆེར་མཛད། དགུང་གྲངས་༢༤ སྐབས་བོད་ཀྱི་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་བཞུགས་ཀྱིས་བཤེས་གཉེན་དུ་མར་བསྟེན། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྟེ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་རྗེས་ ༡༩༦༠ ལོར་ཧྥ་རན་སིར་བོད་མི་བཞི་འབྱོར་ཡོད་པའི་ཁུངས་ནས་གཅིག་ཡིན་འདུག 

ཁོང་གིས་ཕ་རི་སིར་རྟེན་གཞི་བྱས་པའི་ཤར་ཕྱོགས་ཀྱི་ཤེས་རིག་དང་སྐད་ཡིག་སློབ་གྲྭ་ཆེན་མོར་ ( INALCO ) བོད་ཀྱི་སྐད་ཡིག་དགེ་རྒན་དང་། ( Sorbonne university ) སོར་བོན་མཐོ་སློབ་ནང་ཞིབ་འཇུག་སློབ་སྦྱོང་སོགས་གནང་ཡོད་པ་མ་ཟད། ད་བར་ཧྥ་རན་སི་གཙོས་པའི་ནེ་ཐར་ལེན་ཌི་དང་། སུད་སི། མ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་ཆོས་ཚོགས་ཆེ་ཆུང་ཁག་ཅིག་ཆེད་འཛུགས་གནང་སྟེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

he mother of 17-year-old Nahel, seen at left on a truck, gestures during a march on Thursday.
Mobile App

ཧྥ་རན་སིའི་ནང་ཟིང་འཁྲུག་ངོ་རྒོལ་བྱུང་།

༢༠༢༣/༠༦/༣༠
Vehicles burned during protests over the Paris traffic stop shooting. ( Image Source : Twitter/@TT0121 | Twitter/@GGiigi58398299 )
Mobile App

ཉེན་རྟོག་པས་མེ་མདས་བརྒྱབ་ནས་ན་གཞོན་ཞིག་བསད་འདུག

༢༠༢༣/༠༦/༢༩
བྷང་ལོར་སན་ཊི་ཇོ་སི་སྨན་ཞབས་མཐོ་སློབ་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཐོན་པ་རྒྱལ་ཐང་ཆོས་འཕེལ་ལྷ་སྒྲོན་ལགས་ལ་གཟེངས་རྟགས་ཁག་གསུམ་ཐོབ། ༢༠༢༣།༠༥།༡༦ པར་ཁོང་མོས་འདི་གར་མཁོ་སྤྲོད་གནང་།
Mobile App

སྨན་ཞབས་སློབ་ཐོན་པ་རྒྱལ་ཐང་ཆོས་འཕེལ་ལྷ་སྒྲོན་ལགས་ལ་གཟེངས་རྟགས་གསུམ་ཐོབ་འདུག

༢༠༢༣/༠༥/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese