མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་ལོ་ ༤༤ ཙམ་རིང་མགོ་འཁྲིད་སོགས་ཀྱི་ལས་ཀ་བྱས་མྱོང་བའི་ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ (Wu Yingjie)ཡིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་རྐྱེན་དམར་ཤོག་ཚོགས་པ་དང་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༦ ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་པ་ཕྱིར་བསྒྲགས་བྱས་འདུག འོན་ཀྱང་། རྒྱ་ནག་གི་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་དེ་ཚོ་ཚེ་བཙོན་སོགས་ཀྱི་ངོ་བོར་འགྱུར་འགྲོ་བ་ཡོང་གི་ཡོད་པ་རེད། 

ཝུའུ་ཡེན་ཅེ་ཟེར་བ་དེ་རིག་གནས་གསར་བརྗེའི་དུས་སྐབས་ཏེ་ཕྱི་ལོ་ ༡༩༧༤ ལོར་ཐོག་མར་བོད་ཉིང་ཁྲི་ས་ཁུལ་དུ་ན་གཞོན་ཤེས་ཡོན་ཅན་གྱི་མིང་ཐོག་ནས་ལས་བགོས་བྱས་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༧༧ ལོར་ལྷ་ས་ལྷོ་ཁུལ་གློག་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༧༩ ལོར་བོད་རང་སྐྱོང་ལྗོངས་མི་རིགས་སློབ་གླིང་གི་རྒྱ་ཡིག་ཚན་ཁག་ཏུ་སློབ་གཉེར་བྱས། ཕྱི་ལོ་ ༡༩༨༣ ལོར་བོད་རང་སྐྱོང་ཟེར་བའི་ཤེས་རིག་ལྷན་ཁང་དུ་ལས་ཀ་བྱས་ནས་རིམ་གྱིས་གོ་གནས་འཕར་ཏེ། ཕྱི་ལོ་ ༢༠༠༣ ལོ་ནས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་གཞོན་པ་དང་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་དམར་ཤོག་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ་སོགས་བྱས་ཏེ། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ ཟླ་ ༢ པ་བར་དུ་བོད་རང་སྐྱོང་ཟེར་བའི་དམར་ཤོག་དྲུང་ཆེ་ཡི་ལས་ཀ་བྱས་ཡོད་པ་བཅས་ཁྱོན་མི་ལོ་ ༤༤ ཙམ་རིང་བོད་རང་སྐྱོང་ཟེར་བའི་ནང་ལས་ཀ་བྱས་ཡོད་འདུག 

ཝུའུ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མགོ་འཁྲིད་ཀྱི་ལས་ཀ་བྱས་པའི་རིང་གོ་དབང་བེད་སྤྱད་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། བོད་ནང་གི་བོད་ཕྲུག་མང་དག་ཅིག་བཙན་གྱིས་རྒྱ་ནག་གཞུང་གིས་ཆེད་གཉེར་སློབ་གྲྭ་ཁག་ཏུ་བཅུག་སྟབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཟུར་བ་ཁོའི་ཨ་རིར་ཡོད་པའི་རྒྱུས་དངོས་རྣམས་བཀག་སྡོམ་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༠ ནང་ཁེ་ན་ཌའི་གཞུང་གིས་ཁེ་ན་ཌས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ནས་དམིགས་བསལ་དཔལ་འབྱོར་གྱི་ཐབས་ལམ་ཁག་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་ (Regulations on Special Economic Measures) ཟེར་བ་ལག་བསྟར་འོག རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བརྒྱད་ཀྱིས་བོད་དང་ཤར་ཊུར་ཀི་སི་ཐན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བར་བརྟེན། དཔོན་རིགས་དེ་དག་གི་རྒྱུ་དངོས་རྣམས་གཞུང་འབྲེལ་བཀག་སྡོམ་དང་། འབྱུང་འགྱུར་ཁེ་ན་ཌའི་མི་མང་གིས་ཉེས་ཆད་བཀལ་བའི་རྒྱའི་དཔོན་རིགས་དེ་དག་དང་མཉམ་དུ་རྒྱུ་དངོས་དང་ཚོང་ལས་སོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཡོད་ཅིང་། དེའི་ཁྲོད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ཟེར་བའང་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་ཝུའུ་ཡེན་ཅེ་ཡི་དམར་ཤོག་ཚོགས་པར་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་སོགས་ཀྱི་ཉེས་མིང་འོག་ནས་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་མགོ་བཙུགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་པ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་འོག་་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་རེད།  

ཕྱི་ལོ་ ༢༠༢༤ ལོའི་ཟླ་  ༢ ཚེས་ ༣ ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དཔོན་པོ་གཞོན་པ་ཡེ་ཤེས་རྡོ་རྗེ་དང་།  ཕྱི་ལོ་ ༢༠༢༢ ལོའི་ཟླ་  ༡༡ ཚེས་ ༢༤ ཉིན་ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཚེ་རིང་འགྱུར་མེད།  དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་མཚོ་ཤར་དང་མཚོ་ནུབ་ཁུལ། སྐྱེ་རྒུ་མདོ་ཁུལ་སོགས་སུ་ལོ་ངོ་ ༣༣ ལྷག་ཙམ་རིང་མགོ་ཁྲིད་བྱས་མྱོང་བའི་རྒྱ་དཔོན་ཝུན་གོ་ཏུང་ཟེར་བ་སོགས་ཚུད་པའི་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་མང་དག་ཅིག་ལ་ཞིབ་བཤེར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

འདམ་གཞུང་རྫོང་ཁོངས་ཀྱི་མ་ཎི་རྡོ་རྐོས། པར་བོད་ནས་འདི་གར་བཏང་།
Mobile App

མ་ཎི་རྡོ་བརྐོས་ཚོགས་པ་བཙུགས་རྐྱེན་བོད་མི་གཉིས་འཛིན་བཟུང་བྱས།

༢༠༢༣/༠༣/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese