མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

དྭང་བླངས་མི་མང་ལས་འགུལ་ཚོགས་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་སྤེལ་སོང་།

དྭང་བླངས་མི་མང་ལས་འགུལ་ཚོགས་པའི་གསར་འགོད་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༧།༢༥

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་མེག་གྷན་གྱི་བྷག་སོའུ་གསོལ་མགྲོན་ (Hotel Bhagsu) ཁང་དུ། དྭང་བླངས་མི་མང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་སོང་བ་དང་། སྐབས་དེར་དྭང་བླངས་མི་མང་ལས་འགུལ་ཚོགས་པའི་སློབ་སྟོན་པ་དང་ཚོགས་གཙོའི་ལས་ཚབ་ཕུ་པ་དཔོན་ལགས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཕུལ་བའི་ཁ་མཆུའི་ཞུ་རྩ་སྒྲོག་སྦྱང་དང་འབྲེལ་བའི་གསལ་བཤད་དང་། ཚོགས་པའི་རྒྱུན་ལས་སྒོ་སྤེལ་ཡོན་ཏན་རྒྱ་མཚོ་ལགས་ནས་དབུ་མའི་ལམ་གྱི་བྱུང་རབས་དང་འབྲེལ་དབུ་མའི་ལམ་གྱི་གྲུབ་འབྲས་ཇི་ཐོན་སྐོར་ལ་གཏམ་བཤད་སྤེལ་སོང་།

སྐབས་དེར་དྭང་བླངས་མི་མང་ལས་འགུལ་ཚོགས་པའི་ཚོགས་གཞོན་ལས་རོགས་ངག་དབང་དཔལ་བཟང་ལགས་ཀྱིས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༡ ནས་བཟུང་ཁེ་ན་ཌར་རང་བཙན་ཚོགས་ཆེན་ལ་མཉམ་ཞུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཟུར་ཟ་དང་། འཁྱོག་བཤད། ཁྱད་གསོད་བྱེད་མཁན་ལས་ཐོག་སྤྱི་འཐུས་རྣམ་པ་བདུན་གྱིས་ ༼   བཅའ་ཁྲིམས་ལ་རྩིས་མེད་དང་། སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བའི་སྐོར་ ༽   ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཕུལ་བ་དང་། དེ་བཞིན། བཟང་སྤྱོད་ཀྱི་སྒོ་ནས་སྤྱི་འཐུས་རྣམ་པ་བདུན་དགོངས་ཞུ་དགོས་པའི་སྙན་བཀུར་ཇི་ལྟར་ཞུས་ཀྱང་གསན་བཞེས་གཏན་ནས་མ་གནང་བར་བརྟེན། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༤ ཉིན་གསར་འགོད་གསལ་བསྒྲགས་མི་ཞུ་ཐབས་མེད་བྱུང་བ་དང་། དུས་མཚམས་དེ་ནས་ཉིན་བཅུའི་ནང་ཚུད་མཐའ་མའི་དགོངས་བཞེས་གང་ཡང་མ་གནང་ཚེ། ཁྲིམས་ཐོག་ནས་ཞུ་གཏུག་བྱ་རྒྱུ་ཞེས་གོ་སྐབས་ཕུལ་ཡང་སྐབས་དེར་བརྡ་ལན་གང་ཡང་བྱུང་མེད་པ་བཅས་ལ་བརྟེན་ནས་སྤྱི་མང་གཏུག་བཤེར་ཁྲིམས་ལུགས་ཀྱི་དགོངས་དོན་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༤ ཉིན་ནས་ཟླ་ ༧ ཚེས་ ༡༨ བར་ཡིག་འབྲེལ་ཐེངས་བཅུ་གཅིག་གི་ལམ་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་གི་སྙན་ཞུ་ཕུལ་ཡང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལས་ཁུངས་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་ཁྲིམས་ཡིག་དོན་ཚན་བཅུ་གསུམ་དང་ཉི་ཤུ་རྩ་བཞིའི་འབྲུ་དོན་འཐུས་ཚང་བྱུང་མེད་པ་ཁོ་ན་གསུངས་ནས་ཕྱིར་སློག་བྱས་པར་བརྟེན། དྭང་བླངས་མི་མང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཞུ་ཡི་ཡོད། ཅེས་བརྗོད་སོང་།

གསར་འགོད་གསལ་བསྒྲགས་སུ་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་འགྲེམས་སྤེལ་བྱས་པའི་ནང་། དང་པོ། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་བཅུ་གསུམ་གྱི་འབྲུ་དོན་གཞིར་བཟུང་ཁྲིམས་མཐུན་ཞུ་སྙན་རིམ་པར་ཕུལ་བའི་སྙིང་དོན།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་གསུམ་དུས་གཅིག་ཏུ་གནས་དབྱུང་བཏང་བ་དང་། ཁྲིམས་དཔོན་རྣམ་གསུམ་བསྐྱར་དུ་ལས་གནས་སུ་ཕེབས་པར་གྲོས་ཚོགས་ཀྱིས་ཡིག་ཆ་ཨང་ ༣༩ པར་བརྙད་དེ་ལུགས་མཐུན་ངོས་བཞེས་མ་གནང་བ། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཅིག་བགྲེས་ཡོལ་དུ་ཕེབས་རྗེས་སྐབས་ ༡༧ པའི་གྲོས་ཚོགས་ནས་དུས་ཐོག་འདེམ་བསྐོ་གནང་ཐུབ་མེད། ཁྲིམས་ཞིབ་པ་གཞན་གཅིག་སྟེ་སྐུ་ངོ་བསྟན་འཛིན་ལུང་རྟོགས་མཆོག་ལ་ཁྲིམས་ཁང་ནང་བཙན་འཛུལ་བྱེད་མཁན་དང་ཁྲིམས་རྫུན་རེད་ཅེས་གསུངས་པ་ལ་སོགས་པའི་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ ལུང་དྲངས་ཏེ་དགག་བྱ་སྣ་ཚོགས་གནང་བ་བཅས་གོང་གསལ་བྱུང་རིམ་དེ་དག་གིས་རྐྱེན་པས། ཕྱི་ལོ་ ༢༠༢༥ ལོའི་སྤྱི་འཐུས་གྲོས་ཚོགས་འཚོགས་ཐེངས་ ༩ པའི་བར་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་བསྐོ་གཞག་གནང་ཐུབ་མེད་པ་མ་ཟད། གྲོས་ཚོགས་དང་སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཞིབ་པ་སྐུ་ངོ་བསྟན་འཛིན་ལུང་རྟོགས་མཆོག་ཁྲིམས་མཐུན་ཡིན་པའི་ངོས་བཞེས་གནང་བའི་ཚད་ལྡན་ཡིག་ཆ་གང་ཡང་མེད་པ་ཡོངས་གྲགས་གནས་སྟངས་དེའི་རྐྱེན་པས། སྐབས་དེར་གུས་ཅག་གིས་སྙན་ཞུ་ཕུལ་ཡང་བདག་སྤྲོད་གནང་མཁན་མེད་པ་ས་རིས་ཐང་གསལ་རེད།

གཉིས་པ། མི་མང་ནས་མཁྱེན་རྟོགས་སླད་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་བཅུ་གསུམ་ དང་། ཉི་ཤུ་རྩ་བཞི་པ་ངོས་སྦྱོར་ཞུ་རྒྱུ།

ཁྲིམས་ཡིག་དོན་ཚན་བཅུ་གསུམ་པ། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ནང་གསེས་༼ ག ༽   དོན་ཚན་འདིའི་ནང་གསེས་ ༼ ཀ ༽    ནང་གསལ་དུས་ཐོག་ཅེས་པ་ཆ་འཛིན་བྱ་ཡུལ་ནི། སྤྱིར་ཁ་མཆུ་གང་འདྲ་ཞིག་ཡིན་རུང་ཞུ་སྦྱོར་གང་སྔ་བྱ་རྒྱུར་འབད་རྩོལ་བྱེད་དགོས་པ་ཡིན། འོན་ཀྱང་རྩོད་གཞི་གང་དེ་བྱུང་བ་ནས་བཟུང་ཞུ་སྦྱོར་བྱེད་མཚམས་བར་ཟླ་བ་བརྒྱད་ལས་འགྱངས་ན་མི་འགྲིག གལ་ཏེ་དེ་ལས་འགྱངས་བ་ཞིག་ཡིན་ན་འགྱང་དོན་རྒྱུ་མཚན་དང་འབྲེལ་ཁྲིམས་ཞིབ་ཁང་ནས་བཀའ་འཁྲོལ་ཞུ་དགོས་པ་ཡིན། བཀའ་འཁྲོལ་ཞུ་སྙན་ནང་དོ་བདག་དེར་ཁག་མེད་པའི་གནས་ཚུལ་བྱུང་བའམ། གྱོད་གཞིའི་ངོ་བོའི་ཆ་ནས་རན་འཚམས་ཀྱི་རྒྱུ་མཚན་ཡང་དག་མཐོང་ན་རྒྱུ་མཚན་གང་དེ་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁོངས་བཞག་ཐོག་ཁྲིམས་ཞིབ་ཁང་ནས་བཀའ་འཁྲོལ་སྤྲོད་ཆོག་པ་ཡིན།

དོན་ཚན་ཉེར་བཞི་པ། ཞུ་སྦྱོར་དེབ་འགོད། ༼ ང ༽   ཞུ་སྦྱོར་ཡིག་ཆར་ཁྲིམས་ལུགས་གང་རུང་ཞིག་མ་འགྲིགས་པས་ཞུ་རྩ་དེབ་འགོད་མ་བྱས་པར་ཕྱིར་སློག་བྱས་པ་ཞིག་ལ།  ཞུ་སྦྱོར་བས་རྗེས་སུ་སླར་ཡང་ཞུ་སྦྱོར་བྱས་ཏེ་ཁྲིམས་མཐུན་བྱེད་སྒོ་རྣམས་འགྲིགས་ཡོད་ན་དེབ་འགོད་ཆོག་པ་ཡིན། གོང་གསལ་འབྲུ་དོན་གཞིར་བཟུང་ཐོག་ནས་ཁྲིམས་དྲུང་ལས་ཁུངས་སུ་མགྲིན་པ་ས་ཕབ་ཀྱིས་ཐོག་ནས་སྙན་ཞུ་ཐེངས་བཅུ་གཅིག་ཕུལ་ཡང་ངོས་བཞེས་གནང་མ་ཐུབ་པར་ཁྲིམས་ཡིག་དོན་ཚན་བཅུ་གསུམ་དང་ཉེར་བཞི་གཉིས་ཀྱི་འབྲུ་དོན་བསྐང་ཐུབ་མིན་གསུངས་ཏེ་ཕྱིར་སློག་གནང་བྱུང་།

གསུམ་པ། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༣ ནས་  ༡༥ བར་ཀེ་ན་ཀྲར་བསྐོང་ཚོགས་ས་པའི་རྒྱལ་སྤྱིའི་བོད་རང་ བཙན་ཚོགས་ཆེན་ཐེངས་བདུན་པའི་ནང་སྐུ་མགྲོན་དུ་ཕེབས་ནས་གཞུང་དམངས་གཉིས་ཀྱིས་གཏན་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁྱད་གསོད་དང་། ཟུར་ཟ། འཁྱོད་བཤད་གང་བ་དེ་དག་ནི།

༡༽   བཅའ་ཁྲིམས་ལེའུ་ལྔ་པ། དོན་ཚན་ང་བདུན་པ།  སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།  ༡) སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ ནང་གསལ་བའི་སྤྱི་འཐུས་ཀྱི་འོས་ཆོས་གང་རུང་མ་ཚང་བ་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུཪ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུ་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས་ཞེས་དང་། ཡང་གོང་གསལ་ལེའུ་ལྔ་པ། དོན་ཚན་ ༣༨ པ།  སྤྱི་འཐུས་ཀྱི་འོས་ཆོས་ཞེས་པའི་ནང་གསེས་ཨང་ ༨ པ་དང་ ༩ པའི་ནང་དུ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་དང་། ཞེས་གསལ་ཡོད་པ་ཞིག་ལ། སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ནང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག་ཞུ་རྒྱུའི་དམ་བཅའ་དང་ཡོངས་སུ་འགལ་ཡོད།

༢༽   བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་ཆེས་མཐོའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་ནི་ ༸གོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེའི་དགོངས་བཞེད་ལ་གཞིས་བྱེས་མི་མང་བརྒྱ་ཆ་ ༦༤་་༦༠ ལྷག་གིས་རྒྱབ་སྐྱོར་ཞུས་པ་དང་བོད་མི་མང་ཆེས་མཐོའི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཚོགས་ནས་འོས་བསྡུ་བྱ་མ་དགོས་པར་སྤྱི་མོས་ཀྱིས་ཡང་ཡང་གཏན་འབེབས་གནང་བའི་སྲིད་བྱུས་ལ། སྤྱི་འཐུས་རྣམ་པ་བདུན་གྱིས་མཁྱེན་བཞིན་ཁྱད་གསོད་ཀྱིས། ཀེ་ན་ཀྲར་སྐོང་ཚོགས་བྱས་པའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཟེར་བའི་ཚོགས་ཐོག་སྤྱི་འཐུས་ལས་ཐོག་དགེ་བཤེས་སྨོན་ལམ་མཐར་ཕྱིན་གཙོ་མགྲོན་དང་། དེ་བྱིངས་སྤྱི་འཐུས་ལས་ཐོག་རྣམ་པ་མཉམ་ཞུགས་བྱས་པ་མ་ཟད། དོན་དངོས་དང་མ་མཚུངས་པའི་དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པའི་ལོ་རྒྱུས་གང་བྱུང་དུ་གཏམ་བཤད་དང་འབྲེལ་རང་བཙན་གྱི་གཞུང་ཞིག་གསར་འཛུགས་བྱ་རྒྱུ་ཡོད་བཟོ་བསྟན་པ་ལ་སོགས་པའི་གནང་ལམ་དེའི་རྐྱེན་པས་རང་རེའི་སྤྱི་ཚོགས་ནང་གི་ཅོལ་ཆུང་བསམ་མེད་ཁ་ཤས་ཀྱིས་བོད་རང་བཙན་ཁར་འཁྱེར་གྱིས་༸གོང་ས་མཆོག་ལ་མཚན་སྨད་སྒྲོ་བཀུར་བྱུང་རྒྱལ་དུ་ཞུས་པས་མ་ཚད། མགོན་པོ་མཆོག་གི་སྐུ་ཕྱྭ་ལའང་ཇི་མི་སྙམ་པར་ཐོ་བརྩམ་རྒྱུའི་འཇིགས་སྐུལ་ཞུ་ནུས་པའི་ཚད་དུ་སླེབས་པ་དེ་དག་ཆུ་མགོ་ནས་རྙོག་པས་ངན་འབྲས་ཡིན་པར་ས་རིས་ཐང་གསལ་དུ་གྱུར་ཡོད་སྟབས། ཁོང་རྣམ་པ་བོད་མི་མང་སྤྱི་ འཐུས་ཀྱི་མཚན་གནས་བཞེས་རྒྱུར་འོས་འཚམ་གཏན་ནས་མེད།

བཞི་པ། གོང་གསལ་གནད་དོན་དེ་དག་གཙང་སེལ་མ་བྱུང་བར་དེ་མུར་འཇོག་ཐབས་རྩ་བྲལ་ལ་སོང་། རྒྱ་བལ་གཉིས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཞུགས་པའི་དྭང་བླངས་མི་མང་ངོས་ནས་མུ་མཐུད་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་སུ། ཞེས་གསལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། བློ་བཟང་སྒྲོལ་མ། བསྟན་འཛིན་ཉི་སྒྲོན།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese