མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་གི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་ནས་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་པ་དང་སྦྲགས་མྱ་ངན་གུས་འདུད་མཚོན་སླད་བོད་མིའི་སྒྲིག་ཉིན་ཕྱེད་རིང་ལས་མཚམས་བཞག་སོང་།

བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་གི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༨

ཟླ་འདིའི་ཕྱི་ཚེས་ ༧ ཉིན་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་སྙུང་གཞིའི་རྐྱེན་གྱིས་དྷ་རམ་ས་ལའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་པ་ལྟར། དེ་རིང་ཕྱི་ཚེས་  ༨ ཀྱི་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་བཀའ་ཟུར་མཆོག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་ཏེ། དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་སླད་བོད་མིའི་སྒྲིག་འཛུགས་ཉིན་ཕྱེད་རིང་ལས་མཚམས་བཞག་སོང་།

བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་ནི་རྒྱ་ནག་གིས་བོད་ལ་བཙན་བཟུང་བྱས་པའི་ཕྱི་ལོ་སྟེ། ཁོང་གི་ཕ་མ་གཉིས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོར་སྐྱེས་ཤིང་། ཁོང་གིས་མ་སུ་རི་བོད་ཁྱིམ་དང་མ་སུ་རི་གཏན་སློབ་གཉིས་ནང་ཕྱི་ལོ་ ༡༩༨༡ བར་སློབ་གཉེར་བྱས། ཕྱི་ལོ་ ༡༩༨༣ ལོར་པན་ཇབ་གཙུག་ལག་སློབ་ཆེན་དུ་དཔལ་འབྱོར་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། སྐབས་དེར་ཁོང་ཅན་དྷི་གྷར་དུ་བོད་མིའི་རང་དབང་ལས་འགུལ་གྱི་ཚོགས་གཙོ་ཡང་ཡིན་འདུག

ཕྱི་ལོ་ ༡༩༨༤ ཟླ་ ༡༢ ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་ལས་ཁུངས་སུ་དྲུང་གཞོན་གྱི་ལས་གནས་ཐོག་འཛུལ་ཞུགས་བྱས་ཏེ་ཕྱི་ལོ་ ༡༩༩༡ ལོར་དྲུང་གཞོན་དུ་གནས་སྤར་གནང་བ་དང་།  ཕྱི་ལོ་ ༡༩༩༣  ཟུང་དྲུང་གི་གནས་རིམ་དུ་བསྐོ་གཞག་བྱུང་བ་དང་ལྷན་དུ། ལོ་དེར་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན་ཡོད། ཕྱི་ལོ་ ༡༩༩༣ ལོའི་སྟོན་ཁར་ཨ་རིའི་མངའ་སྡེ་མོན་ཊ་ནའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་པའི་སློབ་ཡོན་ཐོབ་སྟེ་ལོ་གཅིག་རིང་ཚོང་ལས་འཛིན་སྐྱོང་གི་སློབ་སྦྱོང་བྱས།

ཕྱི་ལོ་ ༡༩༩༤ ཟླ་ ༡༠ ནང་ཕྱིར་རྒྱ་གར་དུ་ཕེབས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་མུ་མཐུད་ཟུང་དྲུང་གནས་རིམ་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༤ ནང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༠༠ ཟླ་ ༣ ནས་ལས་གནས་རང་ཐོག་ཤེས་རིག་ལས་ཁུངས་སུ་དྲུང་ཆེའི་ལས་འགན་བཞེས་ཏེ་ཕྱི་ལོ་ ༢༠༠༠ ཟླ་ ༧ ནང་དངོས་སུ་དྲུང་ཆེར་གནས་སྤར་གནང་ཡོད། ཕྱི་ལོ་ ༢༠༠༢ ཟླ་ ༤ ནས་ནང་སྲིད་ལས་ཁུངས་སུ་དྲུང་ཆེའི་ལས་འགན་བཞེས། ཕྱི་ལོ་ ༢༠༠༢ ཟླ་ ༤ ནས་ཕྱི་ལོ་ ༢༠༠༧ བར་ནང་སྲིད་ལས་ཁུངས་སུ་དྲུང་ཆེའི་ལས་འགན་བཞེས།

ཕྱི་ལོ་ ༢༠༠༧ ལོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་བཅུ་གསུམ་པའི་བཀའ་ཤག་གིས་འདས་པོ་དམ་པ་ཁོང་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༣ ལོར་སྲིད་ཟུར་བློ་བཟང་སེང་གེ་མཆོག་གི་བཀའ་ཤག་སྐབས་བཅུ་བཞི་པས། ཁོང་ཉིད་བསྐྱར་དུ་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་གནང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese