མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི་རྣམས་བོད་ནང་གཉེན་འཕྲད་དུ་ཕྱིན་སྐབས་རྒྱ་ནག་གི་དྲིལ་བསྒྲགས་རིགས་ཀྱི་བརྙན་ཐུང་སྤེལ་རྒྱུ་མེད་པའི་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་དྲིལ་བསྒྲགས་རིགས་སྤེལ་གྱི་མེད་པས་བཙན་བྱོལ་བོད་མི་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ཚོས་ཀྱང་དེ་རིགས་སྤེལ་རྒྱུ་མེད་པའི་ལམ་སྟོན་གནང་།

བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ༢༠༢༥།༠༩།༠༢ མི་ཎི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་པར།

ཉེ་ལམ་ནས་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཁག་ཅིག་གིས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁྱིམ་དང་སློབ་གྲྭ་སོགས་ཀྱི་ནང་ཕྱིན་ཏེ་བརྙན་ཐུང་སྣ་ཚོགས་བླངས་ནས་སྤྱི་ཚོགས་དྲ་ལམ་དུ་སྤེལ་རྐྱེན། བཙན་བྱོལ་སྤྱི་ཚོགས་ཁྲོད་རྙོག་གླེང་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་བོད་ཀྱི་མང་གཙོ་ཉིན་མོ་དང་བསྟུན། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༣ པ་མཇུག་སྒྲིལ་བའི་ཚོགས་འདུའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས།  དེང་སང་བོད་ནང་གི་བོད་མི་ཚོའི་ཁོག་པའི་ནང་དུ་མེ་འབར་བཞིན་ཡོད་ཀྱང་། ཁ་ནང་ནས་དུ་བ་འདོན་མ་ཐུབ་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད། དེ་ཡང་རིག་གནས་གསར་བརྗེ་ལྟར་མངོན་སུམ་དོད་པོའི་ཐོག་ནས་གཏོར་བཅོམ་གསོད་གསུམ་བྱེད་བཞིན་མེད་ཀྱང་། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་དམ་དྲག་བྱེད་བཞིན་པ་གསལ་བོ་རེད། དེའི་ཐོག་རྒྱལ་སྤྱིའི་རང་དབང་ཁང་པས་ལོ་བསྟུད་མར་རྒྱ་ནག་ནི་འཛམ་གླིང་ཐོག་རང་དབང་མེད་པའི་རྒྱལ་ཁབ་ཅིག་ཡིན་པའི་སྙན་ཐོ་བཏོན་ཡོད། ཉེ་ལམ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༥ འཁོར་བའི་མཛད་སྒོའི་ཐོག་ཡོང་དགོས་དོན་གྱིས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་ཏེ་ལོ་ ༦༥ འགོར་བཞིན་ཡོད་ཀྱང་། ད་དུང་རྒྱ་ནག་གཞུང་ལ་གདེང་སྤོབས་མེད་པ་དང་། བོད་མི་ཚོའི་བློ་སེམས་རྒྱ་ནག་གཞུང་ལ་གཏད་ཀྱི་མེད་པ་གསལ་བོ་སྟོན་གྱི་ཡོད་པ་རེད། མཚམས་རེར་བོད་ནང་གི་གནས་སྟངས་གསལ་བོ་གོ་རྒྱུ་མེད་དུས། བོད་ཀྱི་གནད་དོན་ཡལ་འདུག་བསམ་གྱི་ཡོད་ཀྱང་། བོད་ཀྱི་གནད་དོན་རྩ་བ་ཉིད་ནས་ཡལ་ཡོད་པ་མ་རེད། ཐེངས་འདིར་རྒྱ་ནག་གི་གནད་ཡོད་མི་སྣ་བོད་ནང་བསླེབས་ཡོད་པ་བོད་ཀྱི་གནད་དོན་སེལ་ཐུབ་མེད་པ་གསལ་བོ་སྟོན་གྱི་ཡོད། དེ་ནི་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཐོག་འགྲོ་ཐུབ་ཀྱི་མེད་པས་གནས་སྟངས་ཤིག་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། བོད་ནང་གཉེན་འཕྲད་དུ་འགྲོ་མཁན་རྣམས་ལམ་ལུགས་ཤིག་ཐོག་ནས་འགྲོ་བཞིན་ཡོད་ཀྱང་།  དེ་དག་ལ་དཀའ་ངལ་མང་པོ་ཞིག་ཡོད་པའང་ཤེས་ཀྱི་ཡོད། ཚོགས་པ་ཁ་ཤས་བཙུགས་ཏེ་གནས་སྐོར་དང་། ཡུལ་སྐོར་སྤྲོ་འཆམ། ཤེས་ཡོན་བཅས་ཀྱི་མིང་ཐོག་ནས་བོད་ནང་དུ་འགྲོ་བཞིན་ཡོད་པར་བསམ་བློ་ངེས་པར་དུ་གཏོང་དགོས་ཀྱི་འདུག ང་ཚོས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱས་ཏེ་རང་དབང་མེད་པ་བཤད་ཀྱི་ཡོད་ཀྱང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་མི་རྣམས་གཉེན་འཕྲད་དུ་འཁྲིད་པའི་དགོས་པ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་༧གོང་ས་མཆོག་གི་གྱ་སྟོན་སྐབས་སུ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་ཁག་ཅིག་བོད་ནང་དུ་འཁྲིད་དེ། བོད་ནང་དུ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་སྐོར་ལ་དྲིལ་བསྒྲགས་བྱས་ཡོད། ད་ལོར་ཡང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་གཉེར་མཁན་མི་གྲངས་ ༡༠ བོད་དུ་འཁྲིད་ཡོད། ཡིན་ནའང་ཁོང་ཚོས་བོད་ནང་དུ་ཡར་རྒྱས་ཕྱིན་པའི་སྐོར་གནས་ཚུལ་གང་ཡང་སྤེལ་མེད། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་གནས་ཚུལ་སྤེལ་གྱི་མེད་ཚེ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་གོ་སྒྲིག་འོག་བོད་ནང་དུ་འགྲོ་མཁན་ཚོས་སྤྱི་ཚོགས་དྲ་ལམ་དུ་རྒྱ་ནག་གི་དྲིལ་བསྒྲགས་གནས་ཚུལ་སྤེལ་གྱི་ཡོད་པ་དོ་སྣང་བྱེད་དགོས་ཀྱི་འདུག ང་ཚོས་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་པར་བཤད་ཀྱི་ཡོད་ཀྱང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་གོ་སྒྲིག་འོག་བོད་དུ་འགྲོ་མཁན་ཚོས་བསམ་ཤེས་བྱ་དགོས་པ་ཞིག་རེད། བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་མེད་བསམ་བློ་གཏོང་དགོས། ལས་གཞི་འདིའི་རིགས་ལ་རྒྱལ་སྤྱིའི་བདེ་འཇགས་ཐོག་ནས་ལྟ་སྟངས་མང་པོ་ཞིག་ཡོང་གི་ཡོད། ཅེས་བརྗོད་སོང་།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་དོན་ཚན་བདུན་གནང་ཡོད་པའི་ནང་། ༡། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང༌། ལས་ཁུངས་མ་ལག་གི་ལས་བྱེད་པ་ལས་ཐོག་རྣམས་དང་། ལས་འགན་འཁྱུར་བ་རྣམས་བདེ་སྲུང་ལས་ཁུངས་ལ་སྙན་གསན་མ་ཞུས་པར་བོད་ནང་བསྐྱོད་ཐལ་མེད་པ་དགོས་རྒྱུ།                  ༢། བོད་མི་སྒེར་པ་སུ་ཡིན་རུང་བོད་དང་རྒྱ་ནག་ཏུ་བསྐྱོད་པར་བོད་མིའི་སྒྲིག་འཛུགས་ནས་དགག་ཆ་མེད་ནའང་། རང་རང་གནས་ཡུལ་གྱི་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ངོ་ཐུག་གམ། གློག་འཕྲིན་ནམ་ཁ་པར་བརྒྱུད་ཕྱོགས་བསྐྱོད་འཆར་གཞི་སྙན་གསན་ཞུ་དགོས་པ་དང་། སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ཞུ་སྟབས་འགྲིག་མིན་བྱུང་ཚེ། ཐད་ཀར་བདེ་སྲུང་ལས་ཁུངས་ལ་སྙན་གསན་ཞུ་འཐུས། སྙན་གསན་མེད་རིགས་ལ་བོད་མིའི་སྒྲིག་འཛུགས་ནས་ངོས་སྦྱོར་རྒྱབ་གཉེར་དང་མཐུན་འགྱུར་རོགས་རམ་སྦྱོར་སྤྲོད་མི་བྱེད།

༣། རྒྱ་ནག་གཞུང་ནས་བོད་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་སྐབས་ཆ་རྐྱེན་སྣ་ཚོགས་འཇོག་བཞིན་པ་དང་། ལྷག་པར་དེང་སྐབས་རྒྱ་གཞུང་གི་བཀོད་བྱུས་འོག་མི་ཉུང་ཤས་ལ་བོད་རིགས་སམ་བོད་འབྲེལ་གྱི་མིང་ཐོག་ནས་ཚོགས་པ་བཟོ་རུ་བཅུག་སྟེ། ཚོགས་པ་དེ་རིགས་ཀྱི་རྒྱབ་གཉེར་མེད་པར་ཐོངས་མཆན་མི་སྤྲོད་པའམ། ཚོགས་པ་འདྲ་མིན་གྱི་མིང་ཐོག་ནས་བོད་དུ་གནས་སྐོར་དང་། ལྟ་སྐོར། མཁས་པའི་འགྲུལ་བཞུད་ཟེར་བ་སོགས་གོ་སྒྲིག་བྱེད་བཞིན་པ་དེ་དག་ནི་ཕ་རོལ་པོའི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པའི་ངན་བྱུས་ཡིན་ངེས་ལ་སོང་། ཚོགས་པ་དེ་དག་ནང་མཉམ་ཞུགས་སམ། དེ་རིགས་ཀྱི་བསླུ་བྲིད་འོག་མ་ཚུད་པ་དགོས་གལ།                    ༤། རྒྱ་གཞུང་གི་བསླུ་བྲིད་འོག་ནས་བོད་ནང་སྐྱོད་མཁན་རྣམས་མཐའ་གཅིག་ཏུ་བོད་ཀྱི་རྩ་དོན་ལངས་ཕྱོགས་དོར་ཟིན་པར་ཁ་ཚོན་གཅོད་མི་ནུས་ནའང་། བོད་ནས་ཚུར་འཁོར་རྗེས་རྒྱ་གཞུང་གི་སྲིད་ཇུས་ལངས་ཕྱོགས་བརྒྱུད་བསྒྲགས་དང་། བོད་མིའི་ཁེ་ཕན་ལ་གནོད་པའི་ལས་ཀ་བྱེད་མཁན་བྱུང་ན། བོད་མི་རིགས་དང་། བོད་མིའི་སྒྲིག་འཛུགས་ལ་རྒྱབ་གཏོད་བྱས་པར་ངོས་འཛིན་བྱེད་དགོས་པ་ཡིན་པས། དེ་རིགས་གང་ན་སུ་ཡོད་ལ་བོད་མི་ཚང་མས་སྐབས་མཚམས་འབྲེལ་ཡོད་ལ་གནས་ཚུལ་སྙན་གསན་དང་། ཐེར་འདོན་གདོང་ལེན་དགོས་གལ།

༥། རྒྱ་གཞུང་གིས་བོད་ནང་སྐྱོད་མཁན་སྒེར་སོ་སོར་མཉམ་ལས་མཉམ་འབྲེལ་དང་། མུ་མཐུད་འབྲེལ་འཇོག་དགོས་ལུགས་སོགས་དངུལ་དངོས་ཀྱི་བསླུ་བྲིད་དང་། དབང་ཤེད་དང་། སྡིགས་བསྐུལ། ཐ་ཚིག་སྒྲོག་པ་སོགས་ཀྱི་སྒོ་ནས་ཁས་ལེན་འདྲ་མིན་བྱེད་དུ་འཇུག་རྒྱུའི་གཡོ་བྱུས་འོག་ཏུ་མ་ཚུད་པར་རང་ཚུགས་བརྟན་པོར་འཛིན་དགོས་རྒྱུ་གལ་ཆེན་ཡིན་པས། བོད་ནང་ཐོན་བསྐྱོད་མ་བྱས་གོང་དུ་འབྲེལ་ཡོད་ནས་ལམ་སྟོན་ལེན་ཐབས་བྱེད་དགོས་ཤིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རང་རིགས་རྣམས་ཀྱིས་གནས་ཚུལ་དེ་རིགས་སྔོན་འགོག་སླད། རྒྱ་ནག་ཏུ་བཅའ་སྡོད་སོ་སོའི་གཞུང་ཚབ་ལ་འབྲེལ་གཏུག་གི་ཁ་པར་ཨང་གྲངས་སོགས་སྔོན་ཚུད་གྲ་སྒྲིག་ཨང་གསར་དགོས་གལ།   ༦། རྒྱ་གཞུང་གི་བསླུ་བྲིད་ཀྱི་ཆ་རྐྱེན་ལ་ཁས་ལེན་བྱེད་ཐལ་ཤོར་ཚེ། གནས་ཡུལ་རྒྱལ་ཁབ་ལ་ཕྱིར་འཁོར་རྗེས་བསུན་པོ་དང་གནོན་ཤུགས་འདྲ་མིན་སྤྲད་རྒྱུའི་ལམ་ཁ་བཤངས་པ་ལྟ་བུ་ཡིན་སྟབས། དེ་འདྲའི་དཀའ་ངལ་ཇི་བྱུང་སྐབས་མཚམས་སོ་སོར་བདེ་སྲུང་ལས་ཁུངས་ལ་སྙན་གསན་ཞུས་ཏེ་རྒྱ་གཞུང་གི་རྒྱ་རྙི་ལས་ཐར་ཐབས་བྱེད་དགོས། འོལ་ཚོད་བྱས་ནས་བསྡད་པའམ་ཡང་ན་ལྐོག་འབྲེལ་བྱས་ན། འབྱུང་འགྱུར་རང་ཉིད་ལ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དཀའ་ངལ་ཅི་རིགས་འཕྲད་སྲིད།

༧། དེང་སང་རྒྱ་གཞུང་གིས་བཙན་བྱོལ་བོད་མི་ཚོར་རྩ་དོན་ལས་འགུལ་དང་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་མི་ཆོག་པ་དང༌། རྒྱ་གཞུང་ལ་མཉམ་འབྲེལ་དང་མཐུན་འགྱུར་དགོས་ལུགས་རྒྱལ་མཚམས་བརྒལ་ནས་གནོན་ཤུགས་སྤྲོད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་སྟབས། དེ་ལྟའི་གནོན་ཤུགས་ཡོང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བློ་སྤོབས་ཆེན་པོས་དཔང་རྟགས་དང་བཅས་ཡོངས་བསྒྲགས་བྱེད་ཐུབ་ན་རབ་དང་། དེ་མིན་སོ་སོའི་གནས་ཡུལ་གཞུང་ངམ། སྐུ་ཚབ་དོན་གཅོད། ས་གནས་འགོ་འཛིན། བདེ་སྲུང་ལས་ཁུངས་བཅས་གང་རུང་ལ་གནས་ཚུལ་ཁུངས་འཕེར་འདོན་སྤྲོད་བྱེད་གལ་ཆེ་བ། ཞེས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༡ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༢ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༣ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese