མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དགེ་འདུན་པ་ཞིག་གར་སོང་ཆ་མེད་ཆགས་ནས་མི་ལོ་བཞི་ལྷག་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་བོད་ཀྱི་དགེ་འདུན་པ་ཞིག་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ནང་མི་དང་ཉེ་འབྲེལ་ཚོས་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་མི་ལོ་ ༤ ལྷག་ཕྱིན་འདུག

Tibettimes Photo 2025/9/16

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༢༡ ཟླ་༨ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ནས་རྒྱ་གཞུང་ཉེན་རྟོག་པས་དགེ་འདུན་པ་དར་རྒྱས་ལགས་དང་ཁོང་གི་རོགས་པ་གཉིས་བཅས་བོད་མི་གསུམ་གང་བྱུང་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འགའི་རྗེས་ནས་རོགས་པ་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་གྲྭ་དར་རྒྱས་ལགས་སུ་ད་དུང་ཡང་ཅི་བྱུང་གི་གནས་སྟངས་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

དེ་འབྲེལ་འབྲེལ་ཡོད་ཅིག་གིས་འདི་གའི་གསར་ཁང་ལ། ཡུལ་མི་ཚོས་ལྷ་སའི་ཉེན་རྟོག་པར་འབྲེལ་གཏུག་བྱས་ནས་དགེ་འདུན་པ་ཁོང་གར་ཡོད་ཅི་བྱས་ཀྱི་གནས་སྟངས་དྲིས་པར། ལྷ་སའི་ཉེན་རྟོག་པས་ཨ་ཁུ་དར་རྒྱས་མྱུར་དུ་ཀློད་གྲོལ་གཏོང་ངེས་ཡིན་རབས་དང་། ཁོང་ལ་དཀའ་ངལ་གང་ཡང་མེད་པར་ཁོང་བདེ་འཚམས་ཡིན་རབས་བཤད་ནས། འབྲེལ་ཡོད་ཡུལ་མི་ཚོ་རྒྱ་ནག་གཞུང་གི་མགོ་སྐོར་བསླུ་བྲིད་ཀྱི་སྐད་ཆར་ཡིད་ཆེས་དང་རེ་བ་བྱས་ནས། ཁོང་གི་ཛ་དྲག་གི་གནས་སྟངས་འདི་ད་བར་དུ་བོད་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་མ་ཐུབ་པར་ལྷག་པ་རེད། འབྲེལ་ཡོད་བོད་མི་ཚོས་དགེ་འདུན་པ་དར་རྒྱས་ཀྱི་ཛ་དྲག་གི་གནས་སྟངས་འདི་ད་དུང་ཡང་ཤེས་རྟོགས་མ་ཐུབ་པའི་གནས་སྟངས་འདི་ལས། དོན་དངོས་སུ་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོར་གང་བྱུང་དྲག་གནོན་དང་བཀག་ཉར། ཐ་ན་གང་སོང་ཆ་མེད་དུ་གཏོང་བཞིན་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་དང་འགྲོ་མུས་ཡིན་པའི་དངོས་ཡོད་གནས་སྟངས་ཤེས་ཐུབ་པ་ཞིག་རེད། ཅེས་བརྗོད་བྱུང་།

ད་ཆར་རང་ལོ་ ༦༣ ཡས་མས་ཤིག་ཡིན་པའི་དགེ་འདུན་པ་དར་རྒྱས་ཀྱི་ཕ་ཡུལ་མགོ་ལོག་དབལ་ཤུལ་གསེར་རྟ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཆོས་འཕེལ་དང་མ་མིང་ལ་ཆོས་ལྷ་ཞུ་ཞིང་། ཁོང་གསེར་རྟ་སེ་ར་དགོན་པའི་གྲྭ་བ་ཡིན་པ་དང་། འཛིན་བཟུང་མ་བྱས་པའི་ཡར་སྔོན་དུ་ཁོང་ལྷ་སར་བསྡད་ནས། བོད་ཀྱི་གནས་ཆེན་ཁག་ལ་གནས་སྐོར་དུ་བསྐྱོད་པ་དང་སྐུ་མཚམས་ལ་བཞུགས་པ། བོད་ཁུལ་གྱི་བླ་ཆེན་གང་མང་གི་མདུན་ནས་གསུང་ཆོས་ཞུ་བ། སྐུ་གསུང་ཐུགས་རྟེན་ལ་གཟུངས་གཞུག་འབུལ་མཁན་དགེ་འདུན་པ་ཚད་ལྡན་ཞིག་ཡིན་པར་མ་ཟད། མང་ཚོགས་ཀྱིས་ཡིད་ཆེས་བྱེད་སའི་ཕྱི་ཐག་རིང་བའི་མི་དྲང་བདེན་ཅན་ཞིག་ཡིན་འདུག དད་ལྡན་མང་ཚོགས་ཀྱི་རེ་འདུན་བསྐོང་ཐབས་སུ་བོད་ཀྱི་རྒྱལ་ས་ལྷ་སར་དགེ་འདུན་པ་ཁོང་ལ་སྐུ་གསུང་ཐུགས་རྟེན་ལ་གཟུངས་གཞུག་ཚད་ལྡན་མཁོ་སྒྲུབ་གནང་སའི་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཡོད་འདུག

དབལ་ཤུལ་གསེར་ཐར་གྱི་ལོ་རྒྱུས་གསར་བསྒྲིགས་བློ་ལྡན་མིག་གི་བདུད་རྩི་ལྟར་ན། སེ་ར་ཐེག་ཆེན་ཆོས་འཁོར་གླིང་དགོན་པ་འདི་ནི་གསེར་རྟ་རྫོང་གི་ནུབ་ཕྱོགས་ཀྱི་ཁེས་སྐོར་ཤང་གི་ས་གནས་སུ་ཆགས་ཡོད་པ་དང་། དགོན་པ་འདི་ནི་སྔོན་སྤྱི་ལོ་ ༡༧༣༦ ལོར་ཨ་བོས་བླ་མ་བློ་བཟང་དང་སང་སང་བད་མ་སྦྱིན་པ་གཉིས་ཀྱིས་ཕྱག་བཏབ་ཅིང་། དགོན་འདི་ནི་ཆོས་ལུགས་གསར་རྙིང་འདྲེས་མའི་དགོན་ཆེན་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese