མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་འཚེ་མེད་ཞི་བའི་དེད་དཔོན་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་སོང་།

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་ཞུས། ༢༠༢༥།༡༠།༢ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མདུན་ཐང་དུ། སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་དང་། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་འཛོམས་ཏེ། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་རྒྱལ་ཁབ་ཀྱི་ཡབ་ཆེན་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་སོང་། སྐབས་དེར་སྲིད་ཚབ་མཆོག་གིས། ང་ཚོ་བདེན་པའི་འཐབ་རྩོད་བྱེད་མཁན་གྱི་རིགས་ཤིག་ཡིན་པས་གང་མགྱོགས་བདེན་པ་འཐོབ་རྒྱུའི་སྨོན་ལམ་རྒྱག་གི་ཡོད་སྐོར་གསུངས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་རྒྱ་གར་འཕགས་པའི་ཡུལ་གྱི་ཡབ་ཆེན་མ་ཧ་ཌི་མཱ་གྷན་དྷི་མཆོག་གི་སྐུའི་འཁྲུངས་སྐར་རྒྱ་གར་རྒྱལ་ཡོངས་སུ་སྲུང་གཙི་གནང་བའི་དུས་འདིར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གྷན་དྷི་མཆོག་ལ་དྲན་གསོ་བྱེད་པ་དང་། རྒྱ་གར་མི་མང་ལ་མཉམ་ཞུགས་བྱས་ཏེ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་བའི་ཉིན་མོ་ཞིག་ཆགས་ཀྱི་ཡོད། ང་ཚོས་མཁྱེན་གསལ་ལྟར། གྷན་དྷི་མཆོག་གི་དབུ་ཁྲིད་པའི་རྒྱ་གར་གྱི་རང་བཙན་འཐབ་རྩོད་འདི་འཛམ་བུ་གླིང་གི་ནང་ལ་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་ངོ་མཚར་ཅན་ཞིག་དང་། དུས་ད་ལྟའང་རྒྱ་གར་གྱི་རང་བཙན་རྩོད་གླེང་བྱེད་ཕྱོགས་ཀྱི་དཔེ་མཚོན་བྱས་ནས་ (Satyagraha) བདེན་པའི་ཨུ་ཚུགས་ཀྱི་ཐོག་ནས་བདེན་པའི་དགེ་རྩ་འཐོབ་རྒྱུའི་ལམ་འདིའི་སྒང་ལ་འགྲོ་ཡི་ཡོད་པ་རེད། ཅེས་གསུངས་བྱུང་།

ཡང་སྲིད་ཚབ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཞལ་བཞེས་མཛད་པའི་སྐབས་༧མགོན་པོ་གང་ཉིད་མཆོག་གིས། ང་ཚོ་བོད་པ་རྣམས་ཀྱིས་རྒྱ་གར་གྱི་ཆོས་དང་རིག་གཞུང་། ལྷག་པར་དུ་གྷན་དྷི་མཆོག་གི་འཐབ་རྩོད་ཀྱི་ལམ་དེ་འཚེ་མེད་ཞི་བའི་ཐོག་ནས་ཕེབས་རྒྱུའི་ལམ་འདིའི་ཐོག་ནས་བོད་རང་དབང་སླར་གསོ་ཡོང་རྒྱུའི་ལམ་དེ་ག་རང་ཐོག་ལ་འགྲོ་བཞིན་ཡོད་པ་རེད་ལ། འཛམ་གླིང་ནང་དུ་འཐབ་རྩོད་བྱེད་མཁན་མང་པོ་ཡོད་རེད་དེ། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་༧མགོན་པོ་གང་ཉིད་ཀྱི་དགོངས་གཞི་ལ་བརྟེན་མཁན་ང་ཚོ་གཅིག་པོ་ཡིན་གྱི་རེད། སོ་སོའི་བཅའ་ཁྲིམས་ནང་དུ་དམག་འཐབ་སྤངས་ནས་རང་དབང་འཐབ་རྩོད་དེའང་འཚེ་མེད་ཞི་བའི་ཐོག་ནས་འགྲུབ་རྒྱུའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོར་དམིགས་བསལ་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད་རེད། ང་ཚོ་བོད་པ་རྣམས་ཀྱིས་རྒྱ་གར་ལ་དགའ་ཞེན་ཆེན་པོ་ཡོད་པ་རེད། ཅེས་དང་། རྒྱ་གར་གྱི་རྒྱལ་ཁབ་འདི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་དང་། འཛམ་གླིང་གིས་དཔེ་མཚོན་འཇོག་སའི་རྒྱལ་ཁབ་ཅིག་ཡོང་རྒྱུར་སྨོན་འདུན་ཞུ་ཡི་ཡོད། དེ་རིང་གི་ཉིན་མོ་འདིར་ང་ཚོའང་བདེན་པའི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པར་བརྟེན། ང་ཚོར་གང་མགྱོགས་དང་མྱུར་དུ་བདེན་པ་འཐོབ་རྒྱུའི་སྨོན་ལམ་རྒྱག་གི་ཡོད་ལ། རྒྱ་གར་ནང་ཉིན་མོ་འདི་སྲུང་གཙི་ཞུ་མཁན་རྣམས་ལ་འཚམས་འདྲི་ཞུ་ཡི་ཡོད། ཅེས་གསུངས་སོང་།

བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནི་ཕྱི་ལོ ༡༨༦༩ ལོའི་ཟླ་བ་བཅུ་པའི་ཚེས་གཉིས་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཕོར་བྷན་དྷར་(Porbandar) འཁྲུངས། ཕྱི་ལོ ༡༩༤༨ ལོའི་ཟླ་བ་དང་པོའི་ཚེས་སུམ་ཅུ་ཉིན་ལྡི་ལིར་སྐུ་གཤེགས། ཁོང་ནི་རྒྱ་གར་གྱི་ཁྲིམས་རྩོད་པ་དང་། ཆབ་སྲིད། སྤྱི་ཚོགས་ཀྱི་ལས་འགུལ་བ། རྩོམ་པ་པོ་བཅས་ཡིན་ཞིང་། ཁོང་ནི་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་གར་གྱི་རང་བཙན་ལས་འགུལ་གྱི་དབུ་ཁྲིད་དུ་གྱུར་བས།  རྒྱ་གར་གྱི་ཡབ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཆབ་སྲིད་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་བདེན་པ་གཙིགས་སུ་བཀུར་དགོས་པའི་ཁོང་གི་ལྟ་བ་དེར་རྒྱལ་སྤྱིའི་ཐོག་གུས་བཀུར་ཞུ་བཞིན་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese