མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲོ་རོན་ཀྲོ་ལ་རྒན་གསོ་ཁང་བརྒྱག་འཆར་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཆབ་མདོ་ངག་ཕུན།
རྩོམ་ཁུངས། བོད་ཀྱི་དུས་བབ།

དེ་རིང་ངས་གླེང་འདོད་པ་ནི་ཀྲོ་རིན་ཀྲོ་ལ་བོད་པའི་རྒན་གསོ་ཁང་ཞིག་གསར་བརྒྱག་རྒྱུའི་འཆར་གཞི་ཡོད་པ་བརྙན་ཐུང་ཁག་ནས་མཐོང་བ་དང་། སེམས་ནང་དུ་དེ་གནང་ཐུབ་ཚེ་ཨ་རིར་གནས་བཞུགས་བགྲེས་སོང་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་དང་། བུ་ཕྲུག་རྣམས་ཉིན་མོར་ལས་ཀར་འགྲོ་དགོས་དུས་ནང་དུ་ཕ་མ་གཅིག་པུ་བཞག་སྟེ་བགྲེས་སོང་དེ་དག་ལ་སྐད་ཆ་བཤད་རོགས་སུ་གང་མེད་པའི་སེམས་ནང་བསུན་སྣང་ཡོང་གི་ཡོད་པ་ནི་བརྗོད་མ་དགོས། དེར་བརྟེན་བོད་པ་རང་གི་རྒན་གསོ་ཁང་ཞིག་བཙུགས་ནས་དེར་ཕྱག་ཆོས་སྐོར་གནང་ས་ཡོད་པ་དེ་འདྲ་གནང་ཐུབ་ཚེ་དགེ་མཚན་ལྡན་པ་དང་། དེ་བཞིན་བགྲེས་སོང་དེ་དག་ཕན་ཚུན་སྐད་ཆ་བཤད་རེས་བྱ་ས་ཡོད་པས་སེམས་པ་གུ་ཡངས་ཡོང་བ་དང་། ལྷག་དོན་ནང་མིའི་དཀའ་ངལ་ཡང་སེལ་ཐུབ་པ་སོགས་ཡོང་བའི་དགེ་མཚན་ལྡན་པ་ཞིག་རེད་སྙམ། གནད་དོན་དེ་དག་གི་ཐོག་ཏུ་ས་གནས་གཞུང་གི་མཐུན་འགྱུར་སྦྱོར་གྱི་ཡོད་ཚེ། གོ་སྐབས་དམ་འཛིན་གནང་རྒྱུ་དེ་ནི་ས་གནས་དེར་ཡོད་པའི་མི་སྣ་ཚོའི་གལ་ཆེའི་ལས་དོན་ཞིག་རེད།

གང་ལྟར་བོད་མིའི་ནང་ནུབ་ཕྱོགས་ཁུལ་དུ་འགྲོ་བསམ་མཁན་རྒན་དར་གཞོན་གསུམ་མང་པོ་ཡོད་པ་མ་ཟད། འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གཞིས་ཆགས་ཁག་ཏུ་གནས་སྡོད་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ནུབ་ཕྱོགས་སུ་འགྲོ་བ་དེ་སུ་གང་གིས་ཀྱང་འགོག་མི་ཐུབ་པའི་གནད་དོན་ཞིག་རེད་སྙམ། དེར་བརྟེན་རང་གཞུང་གིས་དེ་དག་ལ་བསམ་བློ་གསར་པ་དང་། འཆར་གཞི་གསར་པ་ཞིག་མ་བསྐྲུན་ཀ་མེད་རེད། རང་གཞུང་གིས་ང་ཚོ་རྒྱ་གར་དུ་ཡོད་པའི་བོད་མི་རྣམས་ལ་མཐུན་རྐྱེན་ཚང་མ་སྦྱར་ཡོད། ནུབ་ཕྱོགས་སུ་འགྲོ་མཁན་ཚོར་རང་གཞུང་གི་ངོས་ནས་མཐུན་རྐྱེན་སྦྱར་མི་ཐུབ་པའི་བསམ་བློ་འཁོར་ནའང་། མཐུན་རྐྱེན་སོགས་གང་ཞིག་སྦྱོར་དགོས་ནའང་མ་འོངས་པའི་རང་རིགས་ཀྱི་སོན་རྩའི་ཆེད་དུ་ཡིན་དུས་དགོངས་པ་མ་བཞེས་ཀ་མེད་རེད། དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་སྔོན་གླེང་ལས། “བྱང་ཨ་མི་རི་ཀའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་ལ་ཕྱིར་མིག་ཅིག་ལྟ་སྐབས། ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་སྤར་མཐིལ་གང་གི་མི་འཁོར་རྣམས་ད་ཆ་སུམ་ཁྲི་ལྷག་ཏུ་གྱུར་ཡོད།” ཅེས་ཉིས་སྟོང་བཅུ་བདུན་ནང་དེ་ཙམ་ཞིག་བྱང་ཨ་རི་གཅིག་པུར་བོད་པ་དེ་ཙམ་ཞིག་ཕེབས་ཟིན་པ་རེད། ད་ལྟ་དེ་ལས་མང་བ་ཞིག་འབྱོར་ཟིན་ཡོད་པ་ནི་བརྗོད་མ་དགོས་པ་དང་། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དུ་བོད་མི་རྣམས་གནས་སྡོད་བྱེད་ཀྱི་ཡོད་ལ། ཁོང་ཚོའི་བུ་ཕྲུག་ཚོ་བོད་མི་ངོ་མ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད།

དེ་འདྲ་ཡིན་དུས་བོད་མི་རྣམས་ནུབ་ཕྱོགས་སུ་ཁ་འཐོར་དུ་གནས་ཀྱི་ཡོད་པ་དང་། རང་ཉིད་ཀྱི་བུ་ཕྲུག་དེ་བོད་པ་ངོ་མ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་བསམ་གྱི་ཡོད་ནའང་། ཁོར་ཡུག་སོགས་ཀྱི་དབང་གིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། བོད་མི་རྣམས་ཁ་ཐོར་དུ་གནས་སྡོད་མ་དགོས་པར་རུབ་རུབ་ཏུ་གནས་ས་ཞིག་འཛུགས་སྐྲུན་གནང་ཐུབ་ཚེ། བོད་མི་རང་ཉིད་ཀྱི་སྐད་དང་ཡི་གེ་ཉམས་ཆག་ཏུ་མི་འགྲོ་བར་རྒྱུན་གནས་ཐུབ་པ་ཡོང་བའི་དགེ་མཚན་ཡོད་པ་ནི་འདས་ཟིན་པའི་ལོ་རྒྱུས་ལས་ཤེས་ཐུབ་པ་ཞིག་རེད། དེ་དག་འཛུགས་སྐྲུན་ཐུབ་མིན་ནི་རང་རིགས་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་གནང་དགོས་པ་ཞིག་ལས་མི་སྣ་རེ་ཟུང་གིས་གནང་ཐུབ་པ་ཞིག་གཏན་ནས་མ་རེད་སྙམ། དང་ཐོག་གཞི་རྒྱ་ཆེན་པོ་དེ་འདྲ་ཞིག་མ་ཐུབ་ནའང་རྒྱ་ཆུང་བ་ཞིག་གནང་ནས་རིམ་པས་ཡར་རྒྱས་གཏོང་ཐུབ་ངེས་རེད་སྙམ།

ལྷག་དོན་བོད་མི་ཚོས་སོ་སོ་གནས་སྡོད་བྱ་སའི་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བོད་ནང་དུ་དེང་སྐབས་རྒྱ་དམར་གྱིས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཙན་དབང་ཐོག་ནས་འཛུལ་ཞུགས་བྱེད་དུ་བཅུག་ནས་བོད་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་དྲི་ཙམ་ཡང་མེད་པར་བོད་ཕྲུག་རྒྱ་ཕྲུག་བཟོ་ཐབས་ཀྱི་ལས་འགུལ་ཐབས་རྡུགས་ཅན་སྤེལ་བཞིན་ཡོད་ཚུལ་དང་། བོད་ཀྱི་གནད་དོན་ཛ་དྲག་ཅན་དུ་གྱུར་བཞིན་ཡོད་པས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་རྒྱུན་གནས་ཡོང་ཐབས་སོགས་སུ་སྲིད་གཞུང་ནས་མཐུན་སྦྱོར་ཡོང་བའི་རེ་སྐུལ་ཞུས་ཚེ་གཏན་གཏན་དགོངས་པ་བཞེས་ངེས་རེད་སྙམ།  ངེས་པར་དུ་ཚང་མའི་ཕུགས་རྒྱང་རིང་པོར་བསམ་བློ་གུ་ཡངས་བཏང་ནས་ལས་དོན་གནང་དགོས་པ་ཞིག་རེད་སྙམ། དེ་མ་གཏོགས་ང་ཚོའི་ནང་ཁུལ་ཕྱོགས་རེས་ཀྱིས་ང་དང་ཁྱོད་ཅེས་ག་ཚོད་རྩོད་གླེང་གནང་བ་ཡིན་ནའང་ང་ཚོའི་ཆིལ་སྒྲིལ་གྱི་ནུས་སྟོབས་ཉམས་པ་ལས་ཕན་ཐོགས་ཡོད་པ་ཞིག་རྩ་བ་ཉིད་ནས་མཐོང་གི་མེད། ང་ཚོ་ཚང་མའི་དེ་དག་སེམས་སུ་ངེས་པར་དུ་བཞག་དགོས་པ་ཞིག་རེད་མ་གཏོགས་ང་ཚོའི་ཕ་ས་འཕྲོག་མཁན་ལ་མདུང་རྩེ་ཕར་གཏད་རྒྱུའི་ཚབ་ཏུ་ང་ཚོའི་ནང་ཁུལ་ཚུར་མདུང་རྩེ་གཏད་ནས་རྩོད་གླེང་གནང་བསྡད་ན་ཕན་ཐོགས་ག་ཚོད་ཙམ་ཞིག་ཡོད་ན་སྙམ། ཁོ་རྒྱ་མི་མཉམ་དུ་འགྲོ་གི་འདུག་པས། ཁོ་རྒྱ་མིས་སོ་པ་ཡིན་ས་རེད་ཟེར་བ་སོགས་དོགས་པ་རྣམ་རྟོག་མང་པོ་ཞིག་གིས་ནང་ཁུལ་མི་མཐུན་པ་བཟོ་བ་ལས། དཔང་རྟགས་ཁྱོན་ནས་སྟོན་རྒྱུ་མེད་པར་རྒྱ་མི་མཉམ་དུ་འགྲོ་བ་ཙམ་གྱིས་རྒྱ་མིའི་སོ་པ་ཡིན་པ་ཞིག་ཁྱབ་ཀྱི་ཨེ་ཡོད་ན། དེ་འདྲའི་ལབ་གླེང་ནང་ཁུལ་གནང་བསྡད་པ་ཙམ་གྱིས་རང་རེའི་རྩ་དོན་ལ་གནོད་པ་ལས་ཕན་ནུས་ག་ཚོད་ཡོང་གི་ཡོད་ན་བསམ་པའི་བློ་དོགས་ཤིག་ཀྱང་སྐྱེ་འོང་གི་འདུག་ཅིང་། རང་ཉིད་ཤེས་རྒྱ་ཆུང་བས་སྐྱོན་ཡིན་ནམ་གང་ལྟར་ངས་ནི་ཕན་ཐོགས་ཡོད་པ་ཞིག་མཐོང་གི་མི་འདུག དེ་དག་ནི་སྤྱིར་བཏང་གི་འཕྲོས་བཤད་ཙམ་ཞིག་ཡིན་པ་ལས་མི་སུ་ཞིག་ལ་དམིགས་ནས་བཤད་ཀྱི་མེད། ང་རང་གི་བསམ་བློའི་ནང་དེ་འདྲ་ཞིག་འཁོར་གྱི་འདུག་པས། གཅིག་བྱས་ན་ང་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལ་ནོར་འཁྲུལ་ཡིན་སྲིད།

དེང་སྐབས་བོད་ནང་དུ་གནས་སྟངས་གང་འདྲ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དྲ་རྒྱ་ཁག་ནས་མཐོང་གི་འདུག་ཅིང་། བོད་ནང་རྒྱ་དམར་གྱིས་བོད་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དང་། བོད་ཡུལ་དེ་ཉིད་རྒྱ་ཡུལ་དུ་བསྒྱུར་བཞིན་ཡོད། རྒྱ་དམར་གྱིས་ཁ་ནས་བོད་ནང་ཆོས་དད་རང་དབང་ཡོད་ཚུལ་འཛམ་གླིང་མི་མང་ལ་སྒྲོག་གི་ཡོད་ནའང་། དོན་དག་ཡང་སྙིང་རང་ཉིད་ཀྱི་རྩ་བའི་བླ་མའི་སྐུ་པར་ཙམ་ཡང་ནང་དུ་འཇོག་བཅུག་གི་མེད། གལ་སྲིད་རྩ་བའི་བླ་མའི་སྐུ་པར་ནང་དུ་ཡོད་པ་མཐོང་ན་ཁྲིམས་གཅོད་ནན་པོ་གཏོང་གི་ཡོད། དེ་ཙམ་མ་ཟད་ད་དུང་ཏྭ་ལའི་བླ་མའི་ཡང་སྲིད་བདག་དབང་ཁོ་ཚོར་ཡོད་ཚུལ་རྫུན་སྒྲོག་བྱེད་བཞིན་ཡོད། དེ་བཞིན་ནང་ཆོས་དུག་ལ་རྩིས་མཁན་ཞིག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་བདག་དབང་ག་འདྲ་བྱས་ནས་འཛིན་ཐུབ་ཀྱི་རེད་དམ། རྒྱ་དམར་གྱི་གཡོ་སྒྱུ་གང་འདྲ་ཞིག་འཁྲབ་ནའང་དུས་ནམ་ཡང་བོད་པ་གཙོས་པའི་ནང་པ་སོགས་དད་ལྡན་པ་སུ་གང་གིས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། དེ་ངེས་པར་དུ་རྒྱ་དམར་འགོ་ཁྲིད་ཚོས་ཤེས་དགོས་པ་ཞིག་རེད་སྙམ།

ལྷག་དོན་དེང་སྐབས་བོད་མི་ཤེས་ཡོན་ཅན་འགའ་ཤས་ཤིག་གིས་སེམས་ཀྱིས་མ་བཟོད་ནས་བོད་ཀྱི་སྐད་ཡིག་མི་ཉམས་པའི་ཆེད་དུ་ལས་འགུལ་སྤེལ་བ་མཐོང་དུས་སོ་སོའི་སེམས་ནང་དུ་རང་བཞིན་གྱིས་དགའ་སྣང་ཞིག་ཀྱང་སྐྱེ་འོང་གི་འདུག ང་ཚོ་རང་དབང་ལུང་པར་གནས་ཡོད་ནའང་སོ་སོའི་བུ་ཕྲུག་ལ་བོད་ཀྱི་སྐད་ཡིག་ག་ཚད་གཅིག་ཤེས་པར་འབད་བརྩོན་གནང་ཡོད་མེད་དེ་ནི་རང་གཞན་ཚང་མར་དྲི་བ་ཆེན་པོ་ཞིག་རེད་འདུག་སྙམ། སྐད་ཡིག་སྣ་མང་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ཞེས་གསུངས་དོན་ལྟར་སྐད་རིགས་སྣ་མང་ཤེས་ན་དེ་ནི་རྒྱན་ཆ་རེད། ཡིན་ནའང་སོ་སོ་རང་ཉིད་ཀྱི་ཕ་སྐད་དེ་ཉིད་མ་ཤེས་ན་དངོས་ནས་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། བོད་ཕྲུག་ཚོའི་དེ་འདྲ་མི་འོང་བར་ངེས་པར་དུ་བོད་ཀྱི་སྐད་ཡིག་ཐོག་ཏུ་འབད་བརྩོན་གནང་དགོས་པ་ཞིག་རེད། དེ་དག་ནི་ཞོར་འཕྲོས་ཙམ་ཞིག་ཡིན།

དེང་སྐབས་ནུབ་ཕྱོགས་སུ་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཤེས་ཐབས་སུ་ས་གནས་འགའ་ཤས་སུ་མ་སྐུལ་དྭང་བླངས་ཀྱི་ཐོག་ནས་གཟའ་འཇུག་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཤེས་ཐབས་ལ་འབད་བརྩོན་གནང་དང་གནང་བཞིན་ཡོད་པ་རེད། དེ་དག་དཔེ་མི་སྲིད་པའི་ཡག་པོ་རེད་ལ། དེ་དག་གནང་མཁན་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཡིན་ནའང་གཟའ་མཇུག་སློབ་གྲྭ་གཅིག་པུའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཚད་ལྡན་ཞིག་གསོ་སྐྱོང་ཡོང་བར་དཀའ་ལས་ཁག་པོ་རེད། ཡིན་ནའང་མེད་པ་ལས་ཡག་པ་ཡོད་པ་ནི་བརྗོད་མ་དགོས། གོང་ཞུས་ལྟར་ད་ལྟ་གཟའ་མཇུག་སློབ་གྲྭ་དེས་བོད་ཕྲུག་རྣམས་ལ་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་ནི་བརྗོད་མ་དགོས་པ་དང་། དེ་བཞིན་བོད་མི་རྣམས་ཕྱོགས་གཅིག་ཏུ་སྡོད་ས་ཞིག་བསྐྲུན་ཐུབ་ཚེ་ཕན་ཚུན་བོད་སྐད་བཤད་པ་སོགས་ཀྱིས་བོད་ཕྲུག་རྣམས་ལའང་དེའི་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་པ་དང་། རིམ་པས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་འདོད་པ་དང་། ཀུན་སློང་སྐྱེ་བ་སོགས་ཡོང་བ་དང་། སེམས་ནང་སྦྱོང་རྒྱུའི་འདོད་པ་ཞིག་སྐྱེས་ཚེ། བོད་སྐད་ཤེས་པ་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་ནི་བརྗོད་མ་དགོས།

ལྷག་དོན་བོད་མི་རྣམས་རྒྱ་གར་ས་ཐོག་ཏུ་དང་ཐོག་འབྱོར་དུས་སེམས་ནང་དུ་ལོ་གཅིག་གཉིས་ཙམ་ལས་གནས་སྡོད་མ་དགོས་པར་ཕྱིར་བོད་དུ་ལོག་རྒྱུ་ཡོང་གི་རེད་བསམ་པ་ལས། དུས་ཡུན་རིང་པོར་གནས་དགོས་ཐུག་གི་རེད་བསམ་པ་ཡིད་ལའང་འཁོར་མེད། ཡིན་ནའང་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ནས་སྐྱོན་ནས་བོད་པའི་སློབ་གྲྭ་ཁེར་གཙང་གསར་འཛུགས་གནང་བ་དང་། དེ་བཞིན་གཞིས་ཆགས་སོགས་གསར་འཛུགས་གནང་ཡོད་པས། དེའི་དྲིན་ལས་བོད་ཀྱི་ཆོས་དང་རིག་གཞུང་མ་བརླག་པ་རྒྱུན་གནས་ཐུབ་པ་བྱུང་ཡོད། དཔེ་དེ་བཞིན་ནུབ་ཕྱོགས་ཁག་ཏུ་བོད་མི་རྣམས་ཁ་འཐོར་དུ་གནས་སྡོད་མ་དགོས་པར་ཕྱོགས་གཅིག་ཏུ་གནས་ས་ཞིག་བསྐྲུན་ཐུབ་པ་བྱུང་བ་ཡིན་ན། བོད་ཀྱི་རྩ་དོན་བདེན་མཐའ་ཇི་སྲིད་མ་གསལ་བར་དུ་དེ་སྲིད་བོད་ཀྱི་རྩ་དོན་རྒྱུན་གནས་ཐུབ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། གོམས་སྲོལ་སོགས་རྒྱུན་འཛིན་ཐུབ་པ་སོགས་ལ་དགེ་མཚན་ཆེན་པོ་ཞིག་མེད་དམ་སྙམ།  དེ་དག་ནི་རང་ཉིད་ཀྱི་རྨོངས་འཆར་ཚུལ་དུ་གླེང་བ་ཞིག་ཡིན་པ་མི་སུ་ཞིག་ལའང་གཏིང་གནད་བཟུང་ནས་གླེང་མེད་པས། དེ་ལུགས་ཀློག་པ་པོ་ཚང་མས་དགོངས་བཞེས་གནང་རོགས།

འབྲེལ་ཡོད་གསར་འགྱུར།

ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

ཨ་རི་དང་ཨི་ཛི་རེལ་གྱི་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese