མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྱི་ནང་གཉིས་ཀྱི་བོད་མི་སུ་ཡིན་རུང༌། ངས་དཀའ་ལས་རྒྱབ་པ་ཡིན། ཞེས་བཤད་ས་ཞིག་ཡོད་པ་མ་རེད། དེ་དག་ཡོད་ཚད་ང་ཚོའི་ལས་འགན་རེད། མ་འོངས་པར་གཞུང་སྒེར་སུ་ཡིན་ཡང་རྡོག་རྩ་གཅིག་སྒྲིལ་ཐོག མི་རེ་ངོ་རེ་ནས་ལས་འགུལ་དང་བྱ་བ་བསྒྲུབ་དགོས་པ་རེད་ཟེར།

 

ཕྱི་ཚེས་ ༡༠ ཉིན་ནི་༧གོང་ས་མཆོག་གིས་ནོ་སྤེལ་ཞི་བདེའི་གཟེངས་བཞེས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉི་མ་བཅས་དུས་ཆེན་ཉིས་རྩེག་ཀྱི་ཉིན་མོ་དང་བསྟུན་ཏེ། སྔར་ལོ་ཞི་རྒོལ་ནང་ཞུགས་མྱོང་མཁན་འཐབ་མོ་བ་གཉིས་དང༌། བཞུགས་སྒར་ཁུལ་གྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག དེ་བཞིན། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་འགའ་བཅས་ཀྱིས་མཉམ་འབྲེལ་ཐོག ༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་པའི་ཡིད་སྐྱོ་བའི་གཏམ་བརྗོད་རིང་མོ་ཞིག་བོད་གཞུང་ཟློས་གར་ཁང་དུ་འཁྲབ་ཡོད་ལ། དངོས་མྱོང་གི་གཏམ་བརྗོད་དེས་ལྟད་མོ་བ་ཡོངས་ལ་སྐྱོ་གདུང་དང་ཁོང་ཁྲོ། དྲག་ཤུལ་བཅས་ཀྱི་ཚོར་སྣང་གནོན་དཀའ་བ་ཞིག་སྦྱིན་ཏེ། ཟློས་གར་ཁང་ཡོངས་ཚ་ཚ་འུར་འུར་ཆགས་ཡོད་ལ། སྐུ་མགྲོན་གཙོ་བོའི་མིང་ཐོག་ནས་ཕེབས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྣམ་པ་དང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གཙོས་པའི་གཞུང་ཞབས་རྣམ་པ་བཅས་ཀྱིས་ཀྱང་ཡིད་གདུང་གི་སྤྱན་ཆབ་གསིལ་ཞིང་། ལྟད་མོ་བའི་ཁྲོད་ཀྱི་ན་གཞོན་རེ་འགས་ཤུགས་དྲག་པའི་ཚོར་བ་མ་གནོན་པར་གར་སྟེགས་སྟེང་མཆོངས་ཏེ། རྒྱ་ནག་གི་ཉེན་རྟོག་པ་འཁྲབ་མཁན་མི་སྣ་ཞིག་ལ་རྡུང་རྡེག་བཏང་ཡོད།  

 

ཐེངས་འདིའི་འཁྲབ་སྟོན་གྱི་བརྗོད་བྱ་གཙོ་བོ་སྔར་ལོར་གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཤིང༌། རྒྱ་ནག་གི་ཉེན་རྟོག་མི་སྣ་དང་དྲག་ཆས་དམག་མིས་བོད་མིའི་ཐོག་དྲག་གནོན་དང༌། སྐྱ་སེར་ཕོ་མོ་རྒན་གཞོན་མེད་པར་ཡ་ང་བའི་མནར་གཅོད་བཏང་བའི་སྣང་བརྙན་མཐའ་དག་གཏམ་བརྗོད་ཀྱི་རྣམ་པས་འཁྲབ་སྟོན་བྱས་པ་ཞིག་ཡིན་ཞིང༌། འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་དག་ནི། སྔར་ལོ་དཀར་མཛེས་ཁུལ་གྱི་ཞི་རྒོལ་ནང་དངོས་སུ་ཞུགས་མྱོང་མཁན་ཚེ་རིང་རྡོ་རྗེ་དང་མགོན་པོ། བཞུགས་སྒར་ཁུལ་གྱི་ཆབ་སྲིད་བཙོན་ཟུར་ ༡༠ དང༌། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ ༢༣ བཅས་ཁྱོན་བསྡོམས་མི་སྣ་ ༣༥ ལྷག་གིས་ཟླ་ ༡ རིང་སྦྱོང་བརྡར་བྱས་པའི་སྐྱོ་གར་ཞིག་ཡིན།

 

ཕྱི་ཚེས་ ༡༡ ཉིན་གཏམ་བརྗོད་དེའི་འཁྲབ་ཁྲིད་པ་དང་སྒྲ་དབྱངས་སྒྲིག་སྦྱོར་བ་ཚེ་རིང་མཐར་དང༌། འཁྲབ་གཞུང་ཁྲོད་ཀྱི་མི་སྣ་གཙོ་གྲས་བསོད་ནམས་ཚེ་རིང་གཉིས་འདི་གའི་གསར་ཁང་ལ་ཆེད་འགུག་གིས། གཏམ་བརྗོད་སྦྱོང་བརྡུར་དང་འཁྲབ་སྟོན་པའི་རེ་འདུན་སྐོར་ལ་བཅར་འདྲི་ཞུས་སྐབས། འཁྲབ་ཁྲིད་པ་ཚེ་མཐར་ལགས་ཀྱིས་བརྗོད་དོན། ང་ཚོའི་ཚོགས་པ་འདི་ཐོག་མར་འཛུགས་མཁན་ཆབ་སྲིད་བཙོན་པ་ཚེ་རིང་རྡོ་རྗེ་དང་མགོན་པོ་གཉིས་རེད། ཁོང་གཉིས་འདས་ལོའི་ཞི་རྒོལ་ནང་དངོས་སུ་ཞུགས་མྱོང་ཞིང༌། བཙོན་གྲོལ་ཐོབ་རྗེས་ཀྱང་རྒྱ་ནག་གི་གདུག་རྩུབ་འོག་སྡོད་མ་ཐུབ་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ཁོང་གཉིས་ཀྱིས་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་ཞེན་མཐོང་སྟེ། དགྲ་ལ་ཁ་བཏད་གཅོག་པར་ནང་གི་མཐུན་སྒྲིལ་གཙོ་བར་བསམས་ཏེ། བོད་ཆོལ་ཁ་གསུམ་གྱི་ན་གཞོན་ཕོ་མོ་ ༣༥ ལྷག་བསྡུས་ཏེ་ ༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་པའི་ཚོགས་པ་འདི་གསར་འཛུགས་བྱས་པ་རེད། ཅེས་དང༌། 

 

ཐེངས་འདི་ནི་འཁྲབ་སྟོན་ཐོག་མ་ཡིན་སྟབས་མི་འདང་ས་ཡོད་ངེས་རེད། འོན་ཀྱང་འཁྲབ་སྟོན་པ་རྣམས་ཀྱིས་ཕན་ཚུན་བརྩི་བཀུར་དང་འགན་ལེན་ཐོག བདུན་ཕྲག་རེ་རེའི་གཟའ་ཉི་མ་དང་སྤེན་པ། པ་སངས་བཅས་ཉིན་གྲངས་གསུམ་གྱི་དུས་ཚོད་བེད་སྤྱད་དེ་སྦྱང་བ་བྱས་མཐར་འཁྲབ་སྟོན་ཐོག་མ་བྱ་ཐུབ་པ་བྱུང་སོང༌། འདི་ནི་བོད་ནང་གི་བོད་མིས་བདེན་དོན་འཐབ་རྩོད་ཀྱི་ཟུར་གཅིག་ཙམ་རེད། རིམ་གྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་གཞིས་ཆགས་ཁག ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་བཅས་ལའང་འཁྲབ་སྟོན་བྱ་ཐུབ་པའི་རེ་བ་དང་འཆར་གཞི་སྒྲིག་གིན་ཡོད། བོད་ཕྱི་ནང་གཉིས་ཀྱི་བོད་མི་སུ་ཡིན་རུང༌། ངས་དཀའ་ལས་རྒྱབ་པ་ཡིན། ཞེས་བཤད་ས་ཞིག་ཡོད་པ་མ་རེད། དེ་དག་ཡོད་ཚད་ང་ཚོའི་ལས་འགན་རེད། མ་འོངས་པར་གཞུང་སྒེར་སུ་ཡིན་ཡང་རྡོག་རྩ་གཅིག་སྒྲིལ་ཐོག རང་རང་གི་ངོས་ནས་ཕྱོགས་འདྲ་མིན་ནས་ལས་འགུལ་དང་བྱ་བ་སྒྲུབ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང། 

 

སྐབས་དེར་འཁྲབ་སྟོན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་བརྗོད་དོན། ཤེས་རབ་དགའ་ཚལ་སློབ་གླིང་གི་འཁྲབ་སྟོན་པ་ཚོར་མཚོན་ན་གླ་ཆ་ཡོད་པ་མ་རེད་ལ། རྩ་ཆེ་བའི་སློབ་སྦྱོང་གི་དུས་ཚོད་ཀྱང་སྦྱོང་བརྡར་ཐོག་བཏང་བ་རེད། འདི་མི་རིགས་ལ་བཅངས་བའི་ལྷག་བསམ་དང་སེམས་ཤུགས་རེད་སྙམ། ངས་སྔོན་མ་འཁྲབ་སྟོན་ཐེངས་མང་བྱས་མྱོང་ཡང༌། ཆོལ་ཁ་གསུམ་གྱི་མི་སྣ་དང་ལྷན་དང་ལྷན་དུ་བོད་གཞུང་གི་བཀའ་བློན་དང་སྤྱི་འཐུས་སོགས་གནད་ཡོད་མི་སྣ་རྣམ་པའི་མདུན་ནས་འཁྲབ་སྟོན་བྱས་པ་ཐོག་མ་ཡིན། འདི་ནི་ང་རང་གི་བསོད་ནམས་རེད་དྲན་ཡོད། མ་འོངས་པར་༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་པའི་ཚོགས་པ་འདི་རྒྱ་ཇེ་ཆེར་འགྲོ་ཐུབ་པའི་རེ་བ་ཡོད། གང་ཡིན་ཟེར་ན། མི་རིགས་ཤིག་དང་སྤྱི་ཚོགས་ཤིག་ལ་མཚོན་ན་སྒྱུ་རྩལ་མེད་དུ་མི་རུང་ལ། སྒྱུ་རྩལ་གྱིས་སྤྱི་ཚོགས་ཤིག་གི་ལྷང་འཇགས་དཀྲོག་ཐུབ་ལ། རྙོག་འཛིང་འཇགས་པའི་ནུས་པའང་ཡོད་པ་རེད། ཅེས་བརྗོད་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. དོན་གོ says:
    ལོ་ 15 སྔོན།

    ཐེངས་འདིའི་འཁྲབ་སྟོན་དེ་ཐོག་མ་ཡིན་ཡང་། ཁོང་ཚོས་འཁྲབ་སྟོན་གྱི་གོ་རིམ་མཐའ་དག་འོད་སྡེར་གྱི་གཟུགས་སུ་བཀོད་དེ་རྒྱ་ཆེ་མི་མང་ལ་རིན་མེད་ཐོག་འབུལ་རྒྱུ་ཡིན་ཚུལ་བརྗོད་ཀྱིན་འདུག

    སྐབས་དེར། དྲ་གྲོགས་ཚོས་གཟིགས་ཐུབ་ཀྱི་རེད་བསམ།

    Reply
  2. དོན་གོ says:
    ལོ་ 15 སྔོན།

    ཁ་སང་ང་ཁོང་ཚོའི་ཁྲོད་ཀྱི་འཁྲབ་སྟོན་པ་ཁག་ཅིག་དང་ཐུག་འཕྲད་བྱུང་སོང་། ཁོང་ཚོས་བཤད་པ་ལྟར་ན། མི་འགྱངས་པར་ཁོ་ཚོ་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་དང་གཞིས་ཆགས་ཁུལ་ཏུ་འཁྲབ་སྟོན་བྱེད་པར་འགྲོ་རྒྱུ་ཡིན་ཟེར།
    ད་རུང་ཐེངས་འདིའི་འགྲོ་གྲོན་མཐའ་དག་བོད་གཞུང་གིས་གཏོང་གི་ཡོད་ཚུལ་ཞིག་ཀྱང་བརྗོད་བྱུང།

    Reply
  3. རྨེ་རུ། says:
    ལོ་ 15 སྔོན།

    འདི་འདྲ་གནང་པ་ཐུབ་ཤིན་ཏུ་ལེགས།བྱུང་ན་ང་ཚོས་རང་ཡུལ་མ་ཐོབ་བར་དུ་མིག་ཆུ་འདོན་དགོས་དེ་འདྲ་མ་བྱུང་ན་ཡང་སྐབས་ལ་སྐབས་ལ་མིག་ཆུ་ཤོར་པ་འདི་ཡང་ཚོར་བ་སྣོན་པོ་ཞིག་ཡིན་ངེས།

    Reply
  4. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    ཡང་དྲ་གྲོགས་ཚོས་གོང་ནས་གླེང་བཞིན་པར་ལྟོས་ན་བཙན་བྱོལ་བོད་མིའི་མིག་ཆུ་ལ་རིན་ཐང་མེད་པར་འདུག མིག་ཆུ་ནི་རིན་ཐང་ཞིག་གི་ཆེད་དུ་གཏོང་བཞིན་པ་གཏན་ནས་མ་རེད་ཅེས་བརྗོད་འདོད་བྱུང༌། གལ་ཏེ་མིག་ཆུ་ནི་རིན་ཐང་ཞིག་གི་ཆེད་དུ་གཏོང་བཞིན་ན་དེ་ནི་གཞི་ནས་མིག་ཆུ་དེ་མིག་ཆུ་ལ་མ་གྱུར་བ་རེད།
    བྱ་དངོས་ག་རེ་ཡིན་ཡང་ངོས་གཉིས་ཡོད་པ་ང་ཚོས་ཐོག་མ་ནས་ཧ་གོ་དགོས་ལ། གལ་ཏེ་མི་དང་བྱ་བ་ག་རེ་ལ་ལྟ་སྐབས་ངོས་གཉིས་ཡོད་པར་ངོས་ལེན་བྱ་ཐུབ་ཚེ་གཞི་ནས་དབུ་མའི་ལྟ་ཚུལ་ཞིག་རྙེད་ཐུབ་པར་འདོད།

    Reply
  5. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    ང་ལ་གཏམ་བརྗོད་དེར་ལྟ་བའི་གོ་སྐབས་མ་བྱུང་མོད། ཡིན་ཡང་ངས་གསར་འགོད་པས་བྲིས་པའི་ཟིན་ཐོ་འདི་གསར་འགྱུར་ཡིན་ལ་ཟིན་ཐོ་ཡང་ཡིན་པར་ངོས་འཛིན་བྱས་པ་ཡིན། ཡིན་ན་ཡང་ཟིན་བྲིས་འདི་ཀློག་ཞོར་དང་མིག་ཆུ་བཞུར་ཞོར་བྱ་དགོས་བྱུང༌། ག་རེ་བྱེད་ནས་མིག་ཆུ་བཞུར་བཞིན་པ་ངས་ཀྱང་ཧ་གོ་མ་སོང༌། ཉིན་རེ་རེ་ལ་འདི་ལྟར་སོང་ན་ངོ་མ་རྒས་འགྲོ་བར་སྣང་ལ། རིག་ཚོད་ཀྱང་མི་ཟིན་པའི་ཉིན་གཅིག་སླེབས་ས་རེད།
    གང་ལྟར་འདི་ལྟ་བུའི་ལས་འགུལ་གྱི་མདུན་རྒྱབ་ཏུ་རང་ཉིད་ཀ་བ་ལྟར་བགྲེངས་ཡོད་ཅེས་བརྗོད་འདོད་བྱུང༌།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྐར་ཁྲི་བཙན་ལགས།
    ཁྱེད་ནི་གཏམ་ཁ་ཚིག་གང་ལ་ལྟོས་ན་མི་ཚང་དོན་དང་ལྡན་པ་ཞིག་ནས་ཡིན་ས་རེད།

    བོད་པའི་སྤྱི་ཚོགས་ནང་དུ་ཁྱེད་འདྲ་བའི་མི་བུ་མང་ཙམ་ཡོད་ན་དགའ་བ་ལ།།།།།།།།།།།།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེ་བ་ཅན་ལགས་བདེན་བདེན་ང་ལ་ག་དུས་ཡིན་ཡང་བགྲོད་པ་མི་ཁེངས་འི་གནས་ཚུལ་ཞིག་ཡོང་མྱོང་ཡོད་ལ་ཡོང་དོགས་ཡིས་སེམས་འཁྲུལ་ཡོད། རྒྱ་ངོ་བོད་ངོ་གཉིས་ཀ་མ་ལེན་པའི་བོད་མི་ཉམ་ཐག་ཞིག་ཡིན།

    ཁྱེད་ནི་རྒྱ་མགོ་བོད་མགོ་གཉིས་ཀ་ཐོན་པའི་མགོ་གཉིས་མ་ཞིག་ཡིན་ས་རེད་མ་ཟད་སྟོབས་འབྱོར་ཅན་རྡ་སའི་མི་དྲག་ཞིག་ཀྱང་ཞུ་མ་དགོས་པ་རེད།

    བདེ་བ་ཅན་ལགས་རྒྱ་ངོ་ཨེ་ལེན་ངས་མི་ལྟ། ་བོད་ཨེ་ལེན་ངས་མི་ལྟ། ་ང་ལ་དགོས་པ་ནི་བོད་མི་ཉམ་ཐག་རྣམས་ལ་བདེ་སྐྱིད་བྱུང་ན་དེ་ག་འགྲིག་གོ
    དེ་ང་ཅོ་རིའི་ལྟ་བ་རེད་དོ།་ཧཧཧཧཧཧཧཧ

    Reply
  8. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། བཙན་བྱོལ་བོད་མི་མང་པོ་ ཞིག་དངུལ་མཐོང་དུས་མིག་ཆུ་མཚམས་ཆད་མཁན་དེའི་ཁོངས་སུ་ཁྱོད་རང་འདུག དངུལ་མཐོང་མ་ཐག་ལམ་སེང་བྲོས་ཚར་འདུག ཁྱོད་ལ་ག་དུས་ཡིན་ནའང་བཙན་བྱོལ་ནང་བགྲོད་པ་མི་ཁེངས་པའི་གནས་ཚུལ་ཞིག་བྱུང་ཡོད་ས་རེད། དེ་ནི་ཕལ་ཆེར་ཁྱོད་རང་ཉིད་ལ་སྐྱོན་ཡོད་པ་གསལ་པོ་རེད་འདུག ཁྱོད་ཀྱིས་ག་དུས་བསམ་ཚུལ་འགོད་ཀྱང་དེའི་མཇུག་ཏུ་གཞན་ལ་སྐྱོན་བརྗོད་བྱ་འདོད་བྱ་གི་འདུག ཡིན་ནའང་དེ་རང་དབང་རེད། ཁྲམ་པ་ཟེར་མཁན་དེ་རྒྱ་མགོ་བོད་མགོ་གཉིས་ཀ་མ་ཐོན་པར་ཁེར་རྐྱང་དུ་ལུས་མཁན་དེ་ཚོ་རེད། ཧཧཧཧཧཧ་རྩེད་མོ་རྩེད་པ་ཡིན་དཱ༎༎།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    འདི་སྐྱབས་བཅོལ་བ་ཐོབ་ཐང་དམན་པ་འགའ་གཅིག་པོའི་འགན་འཁྲི་མིན་པར་ལག་ན་དབང་ཆ་ཡོད་མཁན་ཚོའི་མིག་ཆུ་གཏོང་བ་ལས་ཁ་ཡོད་ལག་ཡོད་ཀྱིས་ལམ་སྣེ་ཡག་པོ་ཞིག་འཁྲིད་རྒྱུ་གལ་ཆེན་པོ་རེད།

    Reply
  10. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    འཐབ་གྲོགས་ཚོ། ང་ཚོས་དངོས་སུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མ་ཐུབ་ཀྱང་འཁྲབ་སྟོན་གྱི་ལམ་ནས་རྒྱལ་སྤྱི་ལ་གསལ་སྟོན་བྱེད་རྒྱུ་ནི་འོས་འགན་རེད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ཀུན་དང་མཐུན་པའི་བསེ་རུ་ལགས།
    ང་དུས་བབ་དྲ་ཐོག་བསམ་ཚུལ་བཤད་པས་དུས་ཡུན་ནང་དུ་ཁྱེད་ཀྱིས་མི་སུ་ལ་ཡང་སྣང་བ་མི་འགྲོ་པའི་སྐད་ཆ་བཤད་པ་མཐོང་མྱོང་མེད་དེ་བརྟེན་ངས་ཁྱེད་ཉིད་བོད་མི་ཡག་རབས་ཞིག་ཏུ་ངོས་འཛིན་བྱ་བཞིན་ཡོད།
    ཁྱེད་གསུངས་པ་ལྟར་སྤྱི་ཚོགས་ནང་དུ་དཀར་ནག་ཁྲ་གསུམ་ཡོད་པ་བདེན་པ་རེད།
    ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་ཚེ་མི་ཐུང་བ་ཞིག་སྐྱེལ་པས་ཉམ་མྱོང་ཐོག་ནས་བཤད་པ་ཡིན་ལྭོ།

    Reply
  12. བསེ་རུ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། སྤྱིར་སྤྱི་ཚོགས་ཤིག་ཡིན་ཕྱིན་དཀར་ནག་ཁྲ་གསུམ་ཚོགས་པའི་ཚོགས་སྡེ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། གོང་དུ་བཤད་པ་ལྟར་གནས་ཚུལ་དེ་ཚོ་བདེན་མིན་མི་ཤེས་ཀྱང་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐོར་སྲང་ལམ་དུ་རླུང་བུས་ཁུར་ཏེ་ཡོང་གིན་ཡོད་སྟབས། དངོས་བདེན་ཡིན་ན་བློ་ཕམ་གྱི་གཞི་རེད།

    འོན་ཀྱང་སྐབས་འདིར་སྐུ་ཉིད་ཀྱིས་མིག་ཆུ་གཏོང་མཁན་དེ་དག་ལ་རྒྱུག་པ་ལེབ་རྡུང་གིས་ཁྲམ་པ་ཚོ་ཞེས་སྨོད་ཚིག་བོར་བ་འདི་ཅུང་ཐལ་ཆེ་དྲགས་འདུག་སྙམ། སྤྱིར་སྨྲ་བརྗོད་རང་དབང་རེད། འོན་ཀྱང་ངའི་རེ་བར་འབྱུང་འགྱུར་དེ་ལྟའི་སྨོད་ཚིག་མི་བོར་བའི་རེ་བ་ཡོད།།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་སྐྱིད་སྡུག་མཉམ་མྱོང་ཚོགས་པས་འཁྲབ་སྟོན་གྱི་ལམ་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ལ་མིག་ཆུ་གཏོང་ཐུབ་པ་བཟོས་པ་ཡག་པོ་བྱུང།
    ཡིན་ཡང་བཙན་བྱོལ་བོད་མི་མིག་ཆུ་དེ་དངུལ་མཐོང་དུས་མཚམས་ཆད་འགྲོ་གིན་རེད།
    ངས་སྔོན་མ་མིག་ཆུ་གཏོང་བའི་བཙན་བྱོལ་བོད་མི་མང་པོ་མཐོང་མྱོང་ཡོད།
    ཡིན་ཡང་དེ་ནི་གློག་བརྙན་སེམས་པ་སྐྱོ་པོ་ཞིག་ལྟ་བ་ཙམ་ལས་དུས་རྒྱུན་དུ་སེམས་ལ་བཟུང་ཐུབ་པའི་མི་བུ་ཅི་ཙམ་ཡོད་མེད་ང་ཅོ་རིའི་སེམས་ལ་གསལ་ལེ་ཡོད།
    ཧཧཧཧཧཧ་ཁྲམ་པ་ཚོ་ཧ་གོ།

    Reply
  14. རྒྱང་རིང་ནས། says:
    ལོ་ 15 སྔོན།

    བོད་ཀྱི་དངོས་བྱུང་གི་ལོ་རྒྱུས་རྣམས་བརྙན་འཕྲིན་ཀྱི་ལམ་ནས་མང་ཚོགས་ལ་ངོ་སྤྲོད་གནང་ཐོབ་ན་ཕན་ཐོག་ཆེན་པོ་ཡོང་ས་རེད།

    Reply
  15. བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་གནས་ཡིད་སྐྱོ་བའི་གནས་སྟངས་དེ་མི་སུ་ལའང་འགྲེལ་བཤད་རྒྱག་ཐུབ་ན་ཡག་པོ་རེད།

    Reply
  16. གངས་མྱུག says:
    ལོ་ 15 སྔོན།

    གྲོགས་བཟོད་རྒྱམ་ལགས། ངས་ཁྱེད་ལ་ཞུ་བ་འཐེན། སོ་སོ་ལུང་པའི་སྐད་གཅིག་བུས་བྲིས་ན་ང་ཚོའི་བརྡ་སྤྲོད་འདི་བེད་མེད་ཅིག་ཏུ་འགྱུར་ངེས་པས་ཅིས་ཀྱང་གཟབ་པར་འཚལ།

    Reply
  17. lobsang says:
    ལོ་ 15 སྔོན།

    དེ་ལྟར་མ་གནང་བ་ཡིན་ན་ཚོགས་པ་དེའི་ལས་དོན་ཁ་བྲོ་བཀྲ་ཤིས་ཡོང་ངེས་རེད།

    Reply
  18. lobsang says:
    ལོ་ 15 སྔོན།

    ཚོགས་པའི་མིང་དང་ངོ་ཐོག་གི་དམིགས་ཡུལ་དང་ནུས་པ་ཡག་པོ་ཐོན་འདུག་པས་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། མ་འོངས་པའི་འཆར་གཞིའང་དཔེ་ཡག་པོ་འདུག ཧ་ཅང་གཟབ་ནན་བྱེད་དགོས་ས་དེ་རྡ་སའི་རྩོམ་པ་པོའི་མཐུན་ཚོགས་ནང་བཞིན་མ་འོངས་པར་ཁྲིམས་འགལ་དང་ནག་ཁུངས་ཀྱི་ལམ་ཁ་བརྒྱུད་ནས་ཕྱི་རྒྱལ་གྱི་མགྲོན་ཤོག་བཙོང་ཐབས་བྱེད་མི་རུང་བ་འདི་ལ་ད་ནས་སྒྲིག་གཞི་འདྲ་བོ་ཚིག་ཁ་གསལ་བཟོ་དགོས་པ་རེད། རྩོན་པ་པོའི་མཐུན་ཚོགས་ཀྱི་མི་ཚོ་དང་ལྷག་པར་བླ་བྲང་བླ་ཟང་དང་ཨ་མདོ་ཀུ་བྷ་དང་ཆབ་བྲག་ལྷ་མོ་སྐྱིད་ཁོ་ཚོ་དང་འདྲ་བར་ལྐོག་ཚོང་གི་དམིགས་གཏན་ནས་དྲན་མི་རུང་། དེ་ལྟར་མ་གནང་བ་ཡིན་ན་ཚོགས་པ་དེའི་ལས་དོན་ཁ་བྲ་བཀྲ་ཤེས་ཡོང་ངེས་རེད། ་་་་་་་་་་་་་་་་་་་་་་་་་་་་་

    Reply
  19. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གཏམ་བརྗོད་བཟོས་ནོ་ད་ཧྲ་གི་ར། ཁི་ཆོས་ཨམ་སྐད་བཤད་དང་ངེ། མང་པོ་ཟིག་གིས་མ་གོ་ན་ཆི་ཡེད་ཀྱི།

    Reply
  20. བདེ་ཆེན། says:
    ལོ་ 15 སྔོན།

    གཏམ་བརྗོད་དེ་གོ་ཐོས་བྱུང་། དངོས་ནས་ཡག་པོ་ཡོད་བཟོ་འདུག དགོང་མོ་དེར་ང་རང་དུས་ཁོམས་མ་བྱུང་བས་རྗེས་སུ་གོ་ཐོས་བྱུང་སྐབས་བློ་འཕམ་ཡང་སྐྱེས་བྱུང་། དེར་རྟེན་གཏམ་བརྗོད་དེ་རིགས་འོད་སྡེར་བཟོ་རྒྱུ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག།

    Reply
  21. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ལྟད་མོ་བ་མི་ཉུང་བ་མི་ཞིག་གི་

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ད་རེབས་ཀྱི་འཁྲབ་སྟོན་འདི་ལ་ལྟ་མ་ཐུབ་ཀྱང་། སྔོན་ཆད་ཨ་ཁུ་པདྨ་ཟློས་གར་ཚོགས་པ་ཚང་གི་འཁྲབ་སྟོན་བྱས་པའི་བོད་ནང་གི་མནར་གཅོད་སྐོར་གྱི་འཁྲབ་སྟོན་ཞིག་བྱས་པ་དེ་དྲན་གསོས་སུ་བཅུགས་སོང་། འཁྲབ་སྟོན་དེ་ནི་རྡོར་གདན་ནས་གནང་བ་རེད་ལ། སྐབས་དེར་མི་མང་ང་དང་འདྲ་བ་མང་བོ་ཞིག་གི་མིག་ཆུ་རང་དབང་མེད་པར་ཤོར་དུ་བཅུགས་ཡོད་པ་རེད། ལྟད་མི་མི་ཉུང་བ་ཞིག་གི་སེམས་ཁོང་གི་བོད་ནང་གི་བོད་མི་དག་གི་དཀའ་སྡུག་གི་འཚོ་བ་གསལ་བཤད་བྱས་ཡོད་པ་རེད། ད་རེབས་ཀྱི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་འཁྲབ་སྟོན་དེ་དག་གིས་ཀྱང་དེ་ལས་ལྷག་ཞིག་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། མ་འོངས་པར་རྒྱུན་སྐྱོང་གིས་ས་གནས་གང་སར་ཕེབས་ནས་འཁྲབ་སྟོན་བྱེད་ཐུབ་པར་ཤོག

    Reply
  23. བསེ་རུ། says:
    ལོ་ 15 སྔོན།

    གཏམ་བརྗོད་འདིས་བོད་མི་རིགས་ཀྱི་དཀའ་སྡུག་གི་སྣང་བརྙན་གསོན་པོར་བཞེངས་སྐྲུན་དང་། རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་གཏོང་ལུགས་ཀྱི་ཟུར་ཞིག་འཁྲབ་སྟོན་བྱས་པ་ཞིག་རེད། དེས་ལྟད་མོ་བ་ཚོར་སྦྱིན་པའི་ཚོར་སྣང་ནི་གནོན་མི་ཐུབ་པ་ཞིག་དང་། གར་སྟེགས་སྟེང་རྒྱུག་མ་མཆོངས་ཀྱིས་འཁྲབ་སྟོན་པའི་ཁྲོད་ཀྱི་རྒྱ་དཔོན་དེ་རྡུང་བར་འགྲོ་བའི་སྣང་ཚུལ་དེ་མཐོང་སྐབས། གཏམ་བརྗོད་དེའི་མཐོ་རླབས་ཀྱང་ཇི་ལྟར་འཕྱུར་ཡོད་མེད་རྟོགས་ཐུབ་པ་ཞིག་རེད། དཔེར་ན། ཁོ་བོ་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུ་ཡང་མིག་ལ་མཆི་ཞག་འཁོར་གྱིན་འདུག བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གཏམ་བརྗོད་བ་སོགས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འབྱུང་འགྱུར་ཡང་ལས་མགོ་བཙུགས་ནས་ལས་མཇུག་འཁྱོལ་བ་ཞིག་ཅི་ནས་ཀྱང་གནང་གལ་ཆེ།།

    Reply
  24. གངས་མྱུག says:
    ལོ་ 15 སྔོན།

    བཀུར་འོས་བའི་ཆབ་སྲིད་བཙན་ཟུར་གཉིས་གཙོས་འཁྲབ་སྟོན་བྱས་པ་དེས་བོད་མི་མང་པོ་ཞིག་ལ་སེམས་ཤུགས་སྤར་ཐུབ་པ་བྱུང་འདུག་པས་སྙིང་ནས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ང་ཚོ་ཚོར་མེད་ཀྱི་སྦེལ་ཀོལ་ལྟ་བུའིགཞིས་ཆགས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་དག་ཏུའང་འཁྲབ་སྟོན་དེ་ལྟ་བུ་གང་མང་བྱེད་ཐུབ་ན་ང་ཚོའི་སོན་རྩ་བྱིས་པ་ཚོ་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཅིང་བདེན་མཐའ་སེལ་བ་ལ་ཕན་རླབས་ཆེན་པོ་འ
    བྱུང་ངོ་།

    Reply
  25. ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    འདིའི་འོད་སྡེར་རེ་གང་ནས་རག་ཐུབ། འདི་དག་འོད་སྡེར་དུ་བཟོས་ནས་ཉར་ཚགས་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  26. བདེ་བ་ཅན། says:
    ལོ་ 15 སྔོན།

    གཏམ་བརྗོད་ཟློས་གར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པ་འདི་བལྟས་རྗེས་ང་ཚོར་དྲན་གསོ་མུ་མཐུད་གཏོང་ཐུབ་པའི་ཚོར་ཤུགས་ཆེན་པོ་སྤྲད་བྱུང་ལ། དུས་ཚོད་ཐུང་ངུ་ཞིག་ནང་ཆབ་སྲིད་བཙོན་པ་གཉིས་ཀྱི་གཙོ་བ་ོ་བྱས་ཏེ་འཁྲབ་འཁྲིད་པ་དང་འཁྲབ་སྟོན་པ་ཚོས་ནུས་ཤུགས་ཡོད་ཚད་སྤུངས་ཏེ་དེ་ལྟ་བུའི་འཁྲབ་སྟོན་ཞིག་གནང་ཐུབ་པར་སེམས་གཏིང་ནས་དགའ་གུས་དང་བཅས་ཤིན་ཏུ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་དུང་ཡང་གཏམ་བརྗོད་དེ་འདྲ་བ་མང་ཙམ་འཁྲབ་སྟེ་རྒྱ་དམར་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་དང་གཏོང་མུས་ཀྱི་དངོས་ཡོད་གནས་ཚུལ་ཁག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་། ཕྱོགས་གཞན་ཞིག་ནས་རང་རིགས་མི་རབས་གཞོན་པ་ཚོའི་སེམས་ཁམས་སུ་འཇོག་ཐབས་སླད་ནུས་པ་བཏོན་དགོས་པའི་སྒྲོམ་གཞི་བསྐྲུན་རྒྱུ་འདི་ཧ་ཅང་གལ་ཆེ་བ་ཞིག་ཡིིན་པའི་ཚོར་ཤུགས་སྣོན་མ་ཞིག་སྟེར་བྱུང་། དེ་འདྲ་སོང་ཙང་འབྲེལ་ཡོད་མཐུན་འགྱུར་སྦྱོར་མཁན་ཡོངས་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན། ཕྱིས་འབྱུང་ཡང་གཏམ་བརྗོད་ཀྱིས་མཚོན་པའི་གཞས་སྣ་འདྲ་མིན་སོགས་ཀྱི་ལམ་ནས་ལོ་ངོ་དེ་དག་རྒྱ་མི་དམར་པོའི་ང་ཚོའི་མི་རིགས་ལ་མཐོང་ཆུང་དང་གཉའ་གནོན་བྱས་པ་དེ་དག་རྒྱལ་སྤྱིའི་སྟེང་བཏོན་རྒྱུ་ཙམ་མ་ཟད། མི་རབས་གཞོན་པ་ཚོར་ད་ལྟའི་དུས་སུ་བློ་ངོར་འཇོག་ཐབས་སླད་འབད་བརྩོན་གང་ཡོང་གནང་རྒྱུ་འདི་བོད་མི་མི་རེ་ངོ་རེས་ལས་འགན་བླངས་དགོས་པ་དེ་གལ་ཆེན་པོ་ཞིག་ཡིན་པའི་མཐོང་སྣང་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese