མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་ཐ་མག་འཐེན་མི་ཆོག

བོད་ཀྱི་དུས་བབ།
༢༠༠༩/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་མོལ་ཞིབ་དཔྱོད་ཚོགས་འདུ་ཟེར་བའི་ཐོག་ནས་གྲོས་འཆམ་བྱུང་དོན་ལྟར། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་ཁུངས་ཀྱིས་༼ ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག་ལག་ལེན་བྱ་ཐབས ༽ ཞེས་པའི་འཕྲོད་བསྟེན་སྐོར་གྱི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་མི་ཚོགས་འདུ་འཛོམས་བྱེད་པའི་ས་ཚིགས་ ༡༠ ཙམ་དུ་ཐ་མག་འཐེན་མི་ཆོག་པ་བཟོས་ཡོད་འདུག་ལ། ས་ཚིགས་དེ་དག་ནི་སྤྱི་སྤྱོད་རིག་གནས་རྩོལ་རྩེད་ར་བ་དང་ལུས་རྩལ་ཁང་། རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་སྒུག་ཡུལ། ཚོང་ར། འཕྲོད་བསྟེན་དང་འབྲེལ་བའི་ལས་གནས་ཁག་དང་། སློབ་གྲྭ་དང་བུ་བཅོལ་ཁང་། འབྲུ་རིགས་མཁོ་འདོན་བྱེད་ས། དངུལ་རྩའི་ལས་གཉེར་ཁུལ། དཔེ་མཛོད་ཁང་། ཡིག་ཚགས་འཚོལ་ཀློག་ཁང་། འགྲེམས་སྟོན་ཁང་། གྲོས་ཚོགས་ཁང་སོགས་ཡིན་འདུག ས་ཚིགས་དེ་དག་ཏུ་ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་སྦྱར་འགྲེམ་བྱས་ཏེ་ ༢༠༡༠ ཟླ་ ༡ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མི་སུ་ཞིག་སྲོལ་ཡིག་དེ་དང་འགལ་ན་རྒྱ་སྒོར་ ༢༠ ནས་ ༥༠ བར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

སྐར་མ ༥༥ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༦ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 10

  1. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཐ་མག་འཐེན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྤྱིར་ཐ་མག་འཐེན་ན་རང་ཉིད་གནས་སྐབས་གཅིག་རིང་ངལ་གསོ་ལ་ད་དུང་སེམས་པ་ལྷོད་ལ་བབ་པ་མ་ཟད་བསམ་བློ་ཡང་གཏོང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

    གལ་ཆེ་བ་ཞིག་ལ་ཐ་མག་མང་པོ་འཐེན་མཁན་གྱི་མི་ཕལ་ཆེ་བ་རྒན་གོག་ཆགས་ཀྱི་མེད་ཟེར། དེར་བརྟེན་གལ་སྲིད་ཁྱེད་རངགི་མུ་མཐུད་ཐ་མག་གང་མང་མང་འཐེན་ཐུབ་ན་ཁྱེད་རང་རྒན་ཁོག་མ་ཆགས་པ་མ་ཟད་ད་དུང་སྐྲ་དཀར་བ་དང་། ལུས་ཁོག་པ། གདོང་ལ་མཉེར་མ་མང་བ་སོགས་གཏན་ནས་མི་ཡོང་།

    གདེ་གང་ཡིན་ཟེར་ན་ནི་ཐ་མག་མང་པོ་འཐེན་ན་ལོ་ན་ཆུང་ཆུང་སྐབས་ནས་གློ་བ་དང་། སྙིང་། ཕོ་བ་སོགས་ལ་ཀན་སར་ ” lung cancer, stomach cancer and myo- cardic disease ཟེར་བའི་ནད་གཞི་བཅོས་ཐབས་མེད་པ་དེ་ཆགས་ནས་མགྱོགས་པོ་ཤི་བ་ཡིན་ཙང་ཁྱེད་རང་རྒན་ཁོག་ཆགས་མི་ཐུབ་པ་ཡིན།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ཤིན་ཏུ་ལེགས། རྒྱ་གཞུང་གི་བོད་ལ་བྱས་བའི་གཏམ་གྱི་ནང་ནས་སྙན་ཤོས་གྲས་ཤིག་གྱུར།

    Reply
  3. བདེ་བ་ཅན། says:
    ལོ་ 16 སྔོན།

    ངས་བལྟས་ན་གནས་ཚུལ་འདི་ནི་ཕྱི་ ཚུལ་ཙམ་དུ་རེད། གསར་འགྱུར་འདི་ཐོག་མར་བོད་ལྗོངས་ཆ་འཕྲིན་དྲ་བ་ཞེས་པའི་སྟེང་སྤེལ་ཡོད་ཅིང་། དེའི་ནང་རྒྱལ་སྤྱིའི་སྟེང་དོ་སྣང་བྱེད་པའི་གནས་ཚུལ་མང་པོར་བོད་ནང་ལག་ལེན་བྱ་གི་ཡོད་མདོག་གི་རྣམ་པ་ཐེངས་མང་བཏོན་མྱོང་ཡོད། དཔེར་ན་དེ་སྔ་རེག་དུག་ནད་གཞིའི་སྐོར་ལས་གཞི་སྤེལ་གྱི་ཡོད་སྐོར་དང༌། ཉེ་དུས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་ཡོད་སྐོར། ད་ལྟ་ཡང་ཐ་མག་འཐེན་རྒྱུར་ཚད་བཀག་བྱ་རྒྱུ་ཟེར་བ་དེ་ཚོ་ཡོངས་རྫོགས་ཕྱི་ཚུལ་ཙམ་ལས་དོན་དངོས་ཐོག་དེ་ལྟར་རྩ་བ་ནས་ལག་ལེན་འཁྱོལ་ཐུབ་ཀྱི་མ་རེད། ང་ཚོས་རྒྱ་གཞུང་གི་གསལ་བསྒྲགས་དེ་ཚོར་བཟང་ཕྱོགས་ཀྱི་རེ་བ་བྱ་རྒྱུ་ལས་ཡིད་ཆེས་རྩ་བ་ནས་བྱ་རྒྱ་མེད།

    Reply
  4. རྨེ་རུ། says:
    ལོ་ 16 སྔོན།

    འདི་ནི་ད་བར་ལྷ་ས་ལ་བྱུང་བའིི་གཏམ་བཟང་གི་གནས་ཚུལ་གཅིག་པུ་དེ་རེད།ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ལས་ཁུངས་ཀྱི་རླབས་ཆེན་བྱ་བ་ཞིག་རེད།
    བོད་རིགས་མི་མང་གི་ཆེད་དུ་ཕྱག་ལས་མང་ཙམ་གནང་ཐུབ་པ་སྨོན།ལྷ་ས་ནས་འགོ་འཛུགས་པའི་བྱ་བ་བཟང་པོ་འདི་བོད་པའིསྤྱི་ཚོགས་ཡོངས་ལ་ཁྱབ་པ་ཤོག།

    Reply
  5. མི་ཞུན། says:
    ལོ་ 16 སྔོན།

    ཨོ་ ཨ་ཁུ་ཤ་ཁྲག་དང་ངེད་གཉིས་དུས་མཉམ་དུ་དྲ་ཐོག་ལ་ཐོན་འདུག་གཱ་ རེད། ཤ་ཁྲག་རུས་གསུམ་གྱི་སྐད་ཆ་ལ་རྒྱབ་འདེགས་བྱེད། འཕྲོད་བསྟེན་ལ་འགན་འཁུར་མཁན་དེ་ཚོས་ལྷ་ཁང་དང་གཙུག་ལག་ཁང༌། དགོན་པ་སོགས་སུ་ཐ་མག་འཐེན་མི་ཆོག་ཅེས་ཅིའི་ཕྱིར་མ་བཤད་པ་རེད་དམ།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    འདི་ནི་བླ་ན་མེད་པའི་གཏམ་བཟང་ངོ་།།

    ཡིན་ནའང་སྤྱིར་བཏང་གིས་ཡུལ་ག་གེ་མོར་འཐེན་མི་ཆོག་པ་བཟོས་པ་གཅིག་བུས་ཕན་མིན་མི་ཤེས།དཔེར་ན་རྡ་རམ་ས་ལའི་ཁྲོམ་ནས་འཐེན་མི་ཆོག་ནའང་།མང་ཚོགས་བྱིངས་ཀྱི་ཐ་མ་གཏན་འགོག་གི་ལས་གཞིར་སྔོ་ཤར་གྱི་ཡོད་མེད་བཤད་དཀའ།

    Reply
  7. མི་ཞུན། says:
    ལོ་ 16 སྔོན།

    ངོ་མ་དགའ་འོས་པའི་དོན་བཟང་རེད་དེ། ཐ་མག་འཐེན་མི་ཆོག་པའི་ཁྲིམས་བཟོ་ན། ཐ་མག་བཙོང་མི་ཆོག་པའི་ཁྲིམས་ཀྱང་བཟོ་ཐུབ་རྒྱུ་ན་ཅི་མ་རུང༌། ད་དུང་ཆང་བཙོང་མི་ཆོག་པ་དང་གཤང་བཙོང་མི་ཆོག་པའི་ཁྲིམས་ཤིག་ཀྱང་བཟོ་ཐུབ་རྒྱུ་ན་བོད་རིགས་མི་དམངས་ཀྱི་འཕྲོད་བསྟེན་གྱི་ཕྱོགས་ལ་དངོས་འབྲེལ་དཀའ་ངལ་ཡོང་རྒྱུ་ཁག་པོ་ཡིན་རྒྱུ་རེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ནད་པ་ལགས། ང་རང་ལ་ནད་གཞི་ཐོག་མར་འཕོག་མཁན་གྱི་གྲངས་དེ་ཡིན་ངེས།
    གང་ལྟར། ལྷ་ས་ནས་མགོ་བརྩམ་པའི་ལས་གཞི་འདི་ལམ་ལྷོང་ཡོང་བར་རེ་བ་ཆེན་པོ་ཡོད། དེ་ཡང་ཆབ་སྲིད་ཀྱི་ནག་ཉེས་ཤིག་ལ་ངེས་འཛིན་མ་བྱས་ན་ཡག་པོ་རེད། རྒྱ་ནག་གི་ཚོང་བྲིས་ཤོས་ཤིག་ནི་ཆང་དང་ཐ་ནག་ཆགས་ཡོད་དུས། དངོས་ནས་དཀའ་ལས་ཁག་པོ་ཆགས་ཀྱི་རེད། ཡིན་ཡང་། འདི་ནི་བོད་རིགས་ཀྱིས་བཟོས་པའི་ལས་འགུལ་ཞིག་མིན་པ་འདྲ། དེ་འདྲ་ཡིན་ན། དགོན་པའི་ཉེ་ཁོར་སོགས་སུ་གཏན་ནས་ཐ་མག་འཐེན་མི་ཆོག་ཟེར་ནས་འདྲི་ངེས་ཡིན། དེ་འདྲ་མི་འདུག སྔོན་ཆད་ལོ་ངོ་བཅོ་ལྔའི་སྔོན་དུ་ང་རང་ཡོད་སའི་ཕ་ཡུལ་ཁུལ་ནས་དགོན་སྡེ་ཡི་ཉེ་ཁོར་ནས་ཐ་མག་འཐེན་མི་ཆོག ཆབ་གསང་གཏོང་མི་ཆོག་སོགས་བྲིས་ཡོད་པ་རེད།

    Reply
  9. ནད་པ says:
    ལོ་ 16 སྔོན།

    དངོས་གནས་དཔེ་ཡག་པོ་རེད། མི་དམངས་ཀྱི་འཕྲོད་བསྟེན་ཆེད་དུ་ཡིན་སྟབས་ལག་ལེན་བསྟར་དགོས་ངེས་རེད།

    ཐ་མག་གི་ནང་དུ་དུག་རྫས་ནི་ཀོ་ཊིན་ ”nictine ཟེར་བ་སྣུམ་པའི་རྡོ་ཐག་གི་རྫས་ ” tobcco”ཞིག་ཡོད་པས་དེས་གློ་བའི་འབྲས་ནད་དམ་ཀན་སར་ ”lung cancer”ཟེར་བའི་ནད་གཞི་བཅོས་ཐབས་ཁྱོན་ནས་མེད་པ་ཞིག་བཟོ་བཞིན་ཡོད་པས་སྤྱིར་ཐ་མག་འཐེན་མཁན་མང་ཆེ་བར་ནད་འདི་ཕོག་ནས་འཆི་བཞིན་ཡོད།

    Reply
  10. རུ་གསར་ཚང་། says:
    ལོ་ 16 སྔོན།

    འདི་ནི་གཏམ་བཟང་ཞིག་རེད། དེ་ནང་བཞིན་གཞང་ཡང་བཙོང་བ་དང་ཉོ་མི་ཆོག་པའི་སྲོལ་ཡིག་ཅིག་བཟོ་ཐུབ་ན་ཅི་མ་རུང་། ཐ་མག་འཐེན་མི་ཆོག་པར་བཟོ་བ་དེ་འཕྲོད་བསྟེན་ཡིན་ཚུལ་བརྗོད་འདུག གཞང་འཚོང་མ་བརྒྱུད་ནས་འཛམ་གླིང་སྟེང་བཅོས་དཀའ་བའི་རེག་དུག་སོགས་ན་ཚ་འདྲ་མིན་ཡོང་གི་ཡོད་པས་དེ་ནི་ཐ་མག་ལས་གནོད་ཚབས་ཆེ་བ་ཡོད་པ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མ་ཤེས་པ་ནི་ཨེ་ཡིན། ཡང་ན་འཕྲོད་བསྟེན་དང་འབྲེལ་བ་མེད་པ་ནི་དེ་བས་ཡིན་དོན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese