མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་བོད་ཀྱི་དཔལ་ཡོན་སློབ་གྲྭ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིར་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་ལ། སློབ་གྲྭ་འདི་བརྒྱུད་དེ་བུ་ཕྲུག་ཚོ་བོད་སྐད་དང་བོད་ཡིག་འབྲི་ཀློག་ཐུབ་མཁན། གཤིས་ཀ་ཡང་བོད་མི་སྤྱི་མཚུངས་ལྟར་ཡོང་ཐབས་བྱེད་ཀྱི་ཡིན་ཟེར།

ཟླ་འདིའི་ཚེས་ ༣ ཉིན་ཧྥ་རན་སི་བོད་རིགས་ཚོགས་པས་རྒྱལ་ས་ཕ་རི་སིའི་ནང་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་གྱིས་དངོས་སུ་འཛིན་གྲྭ་ཚོགས་མགོ་ཚུགས་ཡོད་ལ། སློབ་གྲྭ་འདིས་ཚེས་གྲངས་གཏན་འབེབས་ཀྱིས་རེས་གཟའ་ཉི་མ་དག་ལ་བོད་ཕྲུག་ཚོར་བོད་ཀྱི་དཔལ་ཡོན་མཚོན་བྱེད་ཀྱི་རིག་གནས་སྣ་ཚོགས་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་། དེ་དག་གི་ནང་བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་དང་། ནང་ཆོས་ཀྱི་རྨང་གཞིིའི་ཤེས་བྱ་མཚམས་སྦྱོར། བོད་ཀྱི་ལོ་རྒྱུས་མདོར་བསྡུས། བོད་ཀྱི་ཟློས་གར་རིག་གཞུང་ངོ་སྤྲོད། དེ་མཚུངས་བོད་ཀྱི་ཞལ་ལག་བཟོ་སྟངས་དང་། གྱོན་གོས་གོན་སྟངས། རྩེད་མོ་རྩེ་སྟངས་སོགས་ཀྱང་སྟབས་བསྟུན་གྱིས་བསླབ་རྒྱུ་ཡིན་འདུག བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན།  སློབ་གྲྭ་དེ་ནི་ཧྥ་རན་སིར་གནས་སྡོད་བོད་པའི་བུ་ཕྲུག་ཚོ་བོད་སྐད་དང་བོད་ཡིག་འབྲི་ཀློག་ཐུབ་མཁན། ཁོ་ཚོའི་གཤིས་ཀའང་བོད་མི་སྤྱི་མཚུངས་ལྟར་ཡོང་སླད་བཙུགས་པ་ཡིན་ཞིང་། རྒྱལ་ས་ཕ་རི་སིའི་ས་ཁུལ་བཅུ་གཅིག་པའི་གྲོང་ཁྱེར་སྲིད་གཞུང་ནས་སློབ་གྲྭའི་འཛིན་ཁང་དང་སློབ་ཆས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པར་མ་ཟད། འབྱུང་འགྱུར་གྱི་ཟླ་དྲུག་གི་རྗེས་སུ་སློབ་གྲྭ་ཚོགས་དུས་ཀྱི་དུས་ཚོད་ཀྱང་མང་དུ་གཏོང་བར་ཞལ་བཞེས་གནང་ཡོད་འདུག

བོད་ཀྱི་དཔལ་ཡོན་སློབ་གྲྭའི་འཛིན་གྲྭ་ཚུགས་དུས་ནི་རེས་གཟའ་ཉི་མ་དག་གི་སྔ་དྲོའི་ཆུ་ཚོད་བཅུ་བ་ནས་ཉིན་གུང་ཆུ་ཚོད་དང་པོའི་བར་ཡིན་ཞིང་། སློབ་གྲྭ་འདིར་ད་ལྟའི་ཆར་དངོས་སུ་ཐོ་འགོད་བྱེད་མཁན་རང་ལོ་ལྔ་ནས་བཅུ་བཞི་བར་གྱི་བོད་ཕྲུག་སུམ་ཅུ་སོ་གསུམ་ཡོད་འདུག  བོད་ཕྲུག་དེ་དག་འཛིན་རིམ་དབྱེ་སྟངས་དང་འཛིན་གྲྭ་ཚོགས་སྟངས། སློབ་གཞི་གཏན་འབེབས། དགེ་རྒན་གོ་སྒྲིག་བྱེད་ཕྱོགས་ཐད་བོད་རིགས་ཚོགས་པའི་ཤེས་ཡོན་འགན་འཛིན་མགོན་པོ་བཀྲ་ཤིས་ལགས་ཀྱིས་ ༼ ད་ཡོད་བོད་ཕྲུག་ཚོའི་ལོ་ཚོད་དང་ཤེས་ཚད་དོ་མི་མཉམ་པར་བརྟེན་ང་ཚོས་སྐད་ཡིག་གི་འཛིན་རིམ་གསུམ་དུ་ཕྱེས་ཡོད། རང་ལོ་ལྔ་ནས་བདུན་བར་གྱི་ཕྲུ་གུའམ་བོད་ཡིག་ཁྱོན་ནས་སྦྱང་མྱོང་མེད་མཁན་ཚོ་འཛིན་རིམ་དང་པོའི་ནང་བཞག་ནས་བོད་ཡིག་ཀ་ཁ་ནས་མགོ་བཙུགས་ནས་བསླབ་རྩིས་ཡོད། དེའི་སློབ་གཞི་དགེ་རྒན་རང་ནས་གོ་སྒྲིག་བྱེད་ཀྱི་ཡོད། དེ་ནས་དེ་སྔ་བོད་རིགས་ཚོགས་པའི་བོད་ཡིག་འཛིན་གྲྭར་འགྲོ་མཁན་ཚོ་གཞིར་བཞག་ནས་བོད་ཡིག་ཅུང་སྦྱང་མྱོང་མཁན་ཚོ་འཛིན་རིམ་གཉིས་པར་བཞག་ཡོད། འདིའི་དགེ་རྒན་གཏན་འཇགས་ཡིན། སློབ་གཞི་བོད་གཞུང་གི་འཛིན་རིམ་བཞི་བ་དང་ལྔ་བའི་སློབ་དེབ་ཁག་ཡིན། རྒྱ་གར་ནང་བོད་གཞུང་གཏན་སློབ་དང་བོད་ཕྲུག་ཁྱིམ་སྡེ་ནང་སོང་ནས་བོད་ཡིག་གི་རྨང་གཞི་ཡོད་མཁན་ཚོ་འཛིན་རིམ་གསུམ་པའི་ནང་བཞག་ཡོད། ཁོ་ཚོར་བོད་ཀྱི་བརྡ་དག་དང་སུམ་རྟགས་བཤད་ཁྲིད་གཙོ་བོར་བྱ་རྩིས་ཡོད། བསླབ་གཞི་ལ་ལྟོས་ནས་དགེ་རྒན་ཀྱང་རེས་མོས་བྱ་རྩིས་ཡོད། སྐད་ཡིག་གི་འཛིན་གྲྭ་སྔ་དྲོ་ཆུ་ཚོད་བཅུ་བ་ནས་བཅུ་གཅིག་བར་ཡིན། དེ་ནས་ནང་ཆོས་ངོ་སྤྲོད་དང་། ལོ་རྒྱུས་བཤད་ཁྲིད། ཟློས་གར། བོད་ལུགས་ཀྱི་རི་མོ་འབྲི་སྟངས་སོགས་རེས་མོས་ཀྱིས་སྔ་དྲོ་ཆུ་ཚོད་བཅུ་གཅིག་ནས་བཅུ་གཉིས་པར་བསླབ་རྩིས་ཡོད། ཕྲུ་གུ་ཚོ་བོད་སྐད་དང་བོད་ཡིག་འབྲི་ཀློག་ཐུབ་མཁན། བོད་མིའི་གཤིས་ཀ་འཇགས་སླད་སློབ་ཁྲིད་གཅིག་པུའི་སྒང་ནས་ཡོང་རྒྱུ་ཁག་པོ་རེད། གཙོ་བོ་ཁོ་ཚོར་རང་གིས་གང་སྦྱང་ཤིང་གང་ཤེས་པ་དེ་བེད་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ཐ་མའི་དུས་ཚོད་གཅིག་དེ་ཁོ་ཚོར་རང་མོས་ཁོར་ཡུག་ཅིག་བསྐྲུན་ནས་ཕན་ཚུན་ལ་བོད་སྐད་བཤད་བཅུག་ནས་རྩེད་མོའི་རིགས་དང་། བོད་ཀྱི་ཞལ་ལག་བཟོ་སྟངས། གྱོན་གོས་གོན་སྟངས་སོགས་སྟབས་བསྟུན་གྱིས་བསླབ་འཆར་ཡོད། ད་ཡོད་སྐད་ཡིག་དང་ཟློས་གར། རི་མོ་བསླབ་མཁན་གྱི་དགེ་རྒན་བརྒྱད་ལྷག་ཡོད་པ་ཚང་མ་དེ་སྔ་དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་རྐྱང་རེད། མ་འོངས་པར་བོད་ཀྱི་དཔལ་ཡོན་སློབ་གྲྭའི་ཕྲུ་གུ་ཚོས་ལོ་སར་དང་སྐུའི་འཁྲུངས་སྐར། དེ་མིན་བོད་རིགས་ཚོགས་པའི་གོ་སྒྲིག་བྱེད་བཞིན་པའི་བོད་ཀྱི་རིག་གཞུང་འདུ་འཛོམས་སྟེང་བོད་ལུགས་ཀྱི་ཞབས་གཞས་སྣ་གཉིས་གསུམ་རེ་སྤྱན་གཟིགས་འབུལ་ཐུབ་པའི་རེ་བའང་བྱེད་ཀྱིན་ཡོད་༽ ཅེས་སློབ་གྲྭའི་བྱེད་སྒོ་ཁག་ཞིབ་ཚགས་ཀྱིས་ངོ་སྤྲོད་གནང་སོང་།

བོད་ཀྱི་དཔལ་ཡོན་སློབ་གྲྭ་ལམ་ལྷོང་དང་ཚགས་ཚུད། རྒྱུན་གནས་ཐུབ་ཐབས་སུ་ཕ་མ་ཚོས་བོད་རིགས་ཚོགས་པ་དང་མཉམ་རུབ་བྱེད་ཀྱི་ཡོད་འདུག ད་ལྟའི་ཆར་ཁོ་ཚོས་ཕ་མའི་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་དུས་ཚེས་ལྟར་ཕྲུ་གུ་ཚོ་སློབ་གྲྭར་བསྐྱལ་ལེན་གྱི་འགན་འཁུར་གྱིན་པར་མ་ཟད།  སློབ་ཕྲུག་ཚོའི་སློབ་ཆས་དང་རོལ་མོ། འཁྲབ་ཆས་སོགས་གང་མཁོའི་མཐུན་རྐྱེན་རྣམས་ཕ་མ་རང་ངོས་ནས་སྒྲུབ་ཀྱི་ཡོད་འདུག ཕ་མའི་ཚོགས་ཆུང་གིས་ཕྲུ་གུ་སུ་ཞིག་རྒྱུ་མཚན་ངེས་ཅན་མེད་པར་ལོ་གཅིག་ནང་འཛིན་གྲྭར་ཐེངས་གཉིས་ཆད་ན་ཕྲུ་གུའི་ཕ་མས་ཉེས་ཆད་དུ་ཡོ་སྒོར་ཉེར་ལྔ་རེ་འབུལ་དགོས་པའི་སྒྲིག་གཞི་ཞིག་ཀྱང་བཟོས་ཡོད་འདུག

འདས་པའི་ལོ་ཤས་ནས་བཟུང་ཧྥ་རན་སིར་བོད་མི་གནས་སྤོ་བྱེད་མཁན་ཇེ་མང་སོང་དུ་སྟེ། ད་ལྟའི་ཆར་རྒྱལ་ས་ཕ་རི་སི་གཅིག་པུའི་ནང་ཁ་ཐོར་བོད་མི་དགུ་བརྒྱ་ལྷག་ཡོད་འདུག་ལ། དེའི་ནང་རང་ལོ་བཅུ་དྲུག་མན་གྱི་བོད་ཕྲུག་བརྒྱད་ཅུ་ཙམ་ཡོད་འདུག
ཡུ་རོབ་ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Front Slider

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)
Mobile App

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

༢༠༢༥/༠༨/༠༨
Front Slider

ཨིན་ཊི་ཡ་ན་སྐུ་འབུམ་བྱམས་བརྩེ་གླིང་དུ་དབྱར་ཁའི་སྨོན་ལམ་འཚོག་བཞིན་པ།

༢༠༢༥/༠༨/༠༨
་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་བོད་མི་རྩ་མེད་གཏོང་ཐུབ་མེད་ཀྱང་བོད་སྐད་ཡིག་རྩ་མེད་གཏོང་བཞིན་འདུག

༢༠༢༥/༠༨/༠༧
Some books and Arts of the late professor David Jackson. Photo: edited by tibettimes
Mobile App

ཨ་རིའི་བོད་རིག་པའི་མཁས་པ་ཞིག་འདས་གྲོངས་སུ་གྱུར།

༢༠༢༥/༠༨/༠༦
རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས། ༢༠༢༥།༠༨།༠༤-༠༥ དྲ་ལམ་གྱི་པར།
Mobile App

རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༥/༠༨/༠༦

མཆན། 21

  1. karma dorje says:
    ལོ་ 16 སྔོན།

    བོད་ཀྱི་དཔལ་ཡོན་མཐར་ཐོན་ཤོག །

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    གྲོགས་པོ་ཅོ་རི་ལགས་ ང་ཚོའི་ཚོགས་གཙོ་་ཐུབ་བསྟན་ལགས་ནི་པར་དང་པོ་ནང་གི་ རྒྱབ་ལ་བཞེངས་ནས་ཡོད་པའི་གཡས་ནས རྩི་ན་དགུ་པ་དང་ གཡོན་ནས རྩི་ན་བརྒྱད་་པ་ སྟོད་གོས་ སྨུག་མདོག་ལ་ གོང་ཤན་ དམར་སེར་ཅན་ དབུ་ འཁྱོག་ནས་ཡོད་པ་དེ རེད ལགས།

    ད་དངོས་གནས་རྒན་བསེ་རུ་ནི་སྟོར་ཚར་འདུག་ དག་ཆ་ནི་ཁྱོད་རྫིག་ང་རྫིག་རྐྱང་དོན་ཡོང་གི་འདུག་། ཨ་ཙི་སྐུ་རྩེད་ཡིན།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བདེན་བདེན་བྱམས་རྒྱལ་ལགས་ཡང་ནོར་ཡིག་བྲིས་ཚར་འདུག་དྲ་གྲོགས་བསེ་རི་ཕེབས་ང་སྐྲག་གིན་འདུག

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གྲོགས་བྱམས་རྒྱལ་ལགས་ཚོགས་གཙོ་ཐུབ་བསྟན་རྒྱལ་མཚོ་ལགས་དང་ཐོས་འཛིན་རྣ་བའི་ཡུལ་དུ་གོ་མྱོང་ཡང་ཁྲ་ཆུང་མིག་གིས་དངོས་སུ་མཇལ་མྱོང་མེད།
    ཁྱེད་ཀྱིས་ང་ལ་ཐུབ་བསྟན་སྐུ་པར་ངོ་སྤྲད་གནང་རོགས།

    ང་ལ་མིག་ཡོད་ཀྱང་དམ་པ་ངོ་མི་ཤེས་།

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    ད་ཐེངས་སློབ་གྲ་འདི་བཞིན་དབུ་འཛུགས་ཐུབ་པར་ཡོད་རྒུ་རྩལ་སྤྲུགས་ཀྱི་ནུས་པ་འདོན་མཁན་གཙོ་བོ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཀའ་དྲིན་ཅན་ཁོ་བོའི་གྲོགས་པོ་ཐུབ་བསྟན་རྒྱ་མཚོ་དང་ ཚུལ་ཁྲིམས་བཟོད་པ་ བསྟན་འཛིན་ དེ་བཞིན་ རྒྱུན་ལས་རྣམ་པ་ ཤེས་ཡོན་འགན་འཛིན་ གྲོགས་པོ་མགོན་པོ་བཀྲ་ཤིས། གྲོགས་པོ་ བསམ་བསྟན། ཕ་མའི་ཚོགས་ཆུང་གི་ཉི་མ་དང་ གཞན་གཉིས་ངོ་ཤེས་ཀྱང་ མིང་དྲན་གྱི་མི་འདུག་ བཅས་ཚང་མ་ལ་ཐུགས་རྗེ་ཆེ་ཞུའོ།
    ད་དུང་ཕ་མ་འགའ་ཤས་ཀྱིས་བུ་ཕྲུག་སློབ་གྲ་བཏང་མི་འདུག་པས་བློ་ཕམ་ཡོད་།
    དགེ་རྒན་ཚང་མ་དངས་བླངས་ཡིན་འདུག་པས་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
    ལས་འགུལ་འདི་རྒྱུན་འཁྱོངས་ཡོང་བའི་སྨོན་ལམ་གྲངས་མེད་ཞུའོ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨ་ལ་ལ་ལ། བོད་གངས་ཅན་གྱི་བུ་ཕྲུག་ཟེར་དུས་འདྲ་རྒྱུ་ཞིག་མི་འདུག གང་ས་འདི་ལྟར་གནང་ན་དངོས་གནས་བོད་ཟེར་བ་འདི་ལ་རེ་བ་མེད་ཀི་ཟེར་བ་རྫུན་དུ་སོང་འདུག སློབ་གྲྭ་གསར་འཛུགས་བྱེད་པར་ཐོག་མའི་བསམ་འཆར་འདོདན་མཁན་དང་དེ་དང་ཕྱོགས་མཚུངས་སུ་རབ་འདེགས་གནང་སྟེ་སློབ་གྲྭ་གསར་པ་བསྒྲུབས་པའི་ལས་ཀྱི་སྣེ་མོ་བ་ཡོང་ལ་ཐུགས་རྗེ་ཞུ། ཨོ་རེད། འདྲ་པར་དང་པོ་དེའི་ནང་ན་ངོ་ཤེས་འགའ་ཡང་འདུག ས་དཀར་འོད་ཟེར་དང་ཁ་སྒང་བསམ་གཏན། ས་དཀར་འོད་ཟེར་གྱི་བུ་མོ་གཉིས་དང་གཡུང་དྲུང་འབུམ་གྱི་བུ་བཅས་འདུག ཡུན་རིང་ཞིག་ལ་རིག་མ་སོང་། ཆེན་པོ་ཆགས་འདུག་དཱ། ཁྱེད་རྣམ་པའི་བསམ་དོན་ཡིད་བཞིན་འགྲུབ་པ་དང་སློབ་གྲྭ་ཡར་རྒྱས་གོང་འཕེལ་ཡོང་བར་སྨོན།

    Reply
  7. ཀླུ་ བློ་བསམ། says:
    ལོ་ 16 སྔོན།

    དེ་ནི་ཧ་ཅང་གི་དགའ་འོས་བའི་དོན་བཟང་ཞིག་རེད། ང་ཚོ་ཡུལ་གྱར་བོད་པའི་སྤྱི་ཚོགས་ཁྲོད་དུའང་བོད་ཀྱི་སྐད་ཡིག་ལ་ནག་ནོག་གི་དྲི་མས་སྦགས་ཏེ་རིལ་དྲི་ཞིག་ཀུན་ནས་འཐུལ་བཞིན་པའི་སྐབས་འདིར། ཡུལ་འདིར་བོད་ཀྱི་སྐད་ཡིག་དང་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་འདི་འདྲའི་སློབ་གྲྭ་ཞིག་བཙུགས་པར་རྟེན་འབྲེལ་ཞུ་བ་དང་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡིན།

    Reply
  8. མིག་གསུམ་པ། says:
    ལོ་ 16 སྔོན།

    ཨོ་ཡག་བྱུང་། འུ་ཚང་ལ་རེ་བ་ཞིག་ཡོད་རྒྱུ་རེད་བསམ་ཀི མ་འོངས་པའི་སོན་རྩ་དེ་ཚོས་བོད་ཀྱི་སྲོག་རྩ་སྦྱང་བཞིན་འདུག་ག

    Reply
  9. རྨེ་རུ། says:
    ལོ་ 16 སྔོན།

    ཐོག་མ་དེར་ཧྥ་རན་སིར་གནས་བཞུགས་བོད་རིགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།འདི་ནི་བྱ་བ་བཟང་པོ་ཞིག་རེད་ཕ་མ་ཚོས་ཀྱང་མུ་མཐུད་རྒྱབ་སྐྱོར་གནང་རོགས་གནང།
    བོད་རིགས་ཚོགས་པའི་ངོས་ནས་སློབ་གྲྭ་འདི་མུ་མཐུད་འཇུག་སྐྱོང་ཐུབ་པ་གནང་རོགས།

    Reply
  10. རི་བོང། says:
    ལོ་ 16 སྔོན།

    ང་ལ་རེ་བ་ཞིག་ཡོད་པ་ནི། དེ་ནས་ཁྱེད་ཚོས་དགེ་རྒན་བཙལ་དུས་འདི་ཕྱོགས་ཀྱི་སློབ་སྤྱི་འགས་བཙལ་སྟངས་ནང་བཞིན་བཙལ་ན་ཡར་རྒྱས་མེད་པ་ཐག་གཅོད་ཐུབ། དགེ་རྒན་ཡག་པོ་ཞིག་བཙལ་ན་ཡར་རྒྱས་མ་སོང་ཐབས་མེད་རེད། གཟབ་དགོས་ས་དེ་རེད།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་ཡོད།
    ང་ཚོས་ནམ་ཡིན་ཡང་། ལས་ཀ་ཞིག་ག་འདྲ་བྱས་ནས་མགོ་རྩོམ་ཐུབ་རྒྱུ་དེ་མ་ཡིན་པར།
    ཅི་ལྟར་མཇུག་སྐྱོང་རྒྱུ་དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ།
    རླབས་ཆེན་གྱི་ཕྱག་ལས་དེ་རྒྱུན་སྐྱོང་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྒྱ་གར་དང་བལ་ཡུལ་དུ་ཡོད་བོད་མི་ནུབ་ཕྱོགས་ཡུལ་དུ་མགྱོགས་པོ་ཕེབས་ཤོག་ཞེས་རེ་བ་དང་ང་རང་ཚོ་ས་ཆ་ཡག་ས་འདིར་མཉམ་འཛོམ་ཡོང་བའི་སྨོན་ལམ་ཡོད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ནུབ་ཕྱོགས་སུ་ཡོད་པའི་བོད་ཕྲུག་ཚོས་བོད་སྐད་བོད་ཡིག་གི་འགྲན་བཟོད་ན་ཡར་རབ་སྤྱོད་བཟང་ཐོག་ནས་རྒྱ་གར་པའི་གཡོ་རྒྱུ་ཁྲམ་གསུམ་གྱི་ངན་གོམས་དེར་དང་བྲལ་ནས་ཐར།་ ད་བུ་ཕྲུག་འདི་ཚོ་ཡག་པོ་ཆགས་ཀྱིན་རེད

    Reply
  14. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ནུབ་ཕྱོགས་ཡོད་པའི་བོད་ཕྲུག་དང་རྒྱ་གར་ཡོད་པའི་བོད་ཕྲུག་གཉིས་ལོ་བཅུའི་རྗེས་སུ་བོད་སྐད་དང་བོད་ཡིག་འགྲན་བསྡུར་བྱ་ཀྱིས་ཡིན་ནོ།ཧཧཧཧཧ

    Reply
  15. གཉན་པོ། says:
    ལོ་ 16 སྔོན།

    ལས་དོན་འདི་ལ་ཡི་རང་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད། རྒྱུན་སྐྱོང་ཐུབ་པའི་སྨོན་འདུན་ཀྱང་ཞུས་པ་ཡིན།

    Reply
  16. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཨོ་དེའི་བར་ཞིག་ན་མགོན་པོ་བཀྲིས་ཀྱང་ཡོད་པ་འདྲ།གལ་སྲིད་ཁོང་ཡིན་ན་རྒྱགས་པ་ཆགས་འདུག

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    འདིའི་ནང་ན་གཡས་གཡོན་གྱི་སྣེ་གཉིས་ན་ཡོད་པའི་རྒན་བསམ་གཏན་དང་ས་དཀར་འོད་ཟེར་གཉིས་མ་གཏོགས་ངོ་ཤེས་ཀྱི་མི་འདུགཡིན་ནའང་ཁོང་ཚོའི་དམིགས་ཡུལ་དང་ལྷག་བསམ་ལ་ཡི་རངས་ཡོད།ཁོང་ཚོའི་གཟི་བརྗིད་ལྡན་པའི་ལས་ཀ་ལ་གྲུབ་འབྲས་ལྡན་པར་སྨོན།

    Reply
  18. ནད་པ says:
    ལོ་ 16 སྔོན།

    ནོར་བཅོས། ཤེར་བ། ཟེར་བ། འབྲེལ་ཡོད།

    Reply
  19. ནད་པ says:
    ལོ་ 16 སྔོན།

    ཧྥ་རན་སིར་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཤེར་བ་ཞིག་གསར་འཛུགས་གནང་བ་དེར་སེམས་གཏིང་ནས་བསྔགས་བརྗོད་ཡོད་ལ་འྦེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    གང་ཡིན་ཟེར་ན་ཕྱི་རྒྱལ་དུ་བོད་པའི་བོད་རིགས་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས། སྲིད་དོན། སྨན་རྩིས། སྒྱུ་རྩལ། རྩོམ་རིག ཟློས་གར། ཆས་གོས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་མི་རིགས་འདི་ཁྱད་ཆོས་རྣམས་མི་ཉམས་རྒྱུན་འཛིན་བྱེད་པ་དགོས།

    ལར་ནས་གངས་ཅན་པ་ཟེར་བའི་བོད་མི་རིགས་འདི་འཛམ་གླིང་ནང་མ་ཤི་སོན་གནས་ཐུབ་པར་འབད་དགོས་ལ་དེ་ཡང་བོད་ཀྱི་ལོ་ཆུང་བྱིས་པ་ཚོ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོ་བོད་རིགས་ཚང་མས་མི་རེ་ངོ་རེ་ངོས་ནས་ལས་འགན་ཞིག་འཁུར་ཏེ་བོད་མི་རིགས་ཟེར་བ་དེ་ཕྱིས་འབྱུང་འཛམ་གླིང་སྟེང་དུ་ཡར་ལངས་ཐུབ་པར་འབད་དགོས།

    བོད་ཀྱི་ཤེས་རིག་ནི་བོད་མི་རིགས་ཀྱི་ཁྱད་ཆོས་ཡིན་ལ་བོད་ཀྱི་ན་གཞོན་རྣམས་བོད་མི་རིགས་ཀྱི་སྲོག་རྩ་ཡིན་སྟབས་བོད་རིགས་ཀྱི་ཚེ་སྲོག་ལ་ཁྱད་ཆོས་སོན་ཉམས་ལྡན་པ་ཞིག་ངེས་པར་དུ་དགོས།

    Reply
  20. གཡག་ཕྲུག། says:
    ལོ་ 16 སྔོན།

    བོད་ཀྱི་ཆོས་རིག་སྨན་པའི་བྱ་ཞིག་རེད་དེས་ནས་དགའ་སྤོབས་སྐྱེ་འོས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥ་རན་སི་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཚགས་ཚུད་ལམ་ལྷོང་ཐོག་བོད་ཀྱི་ཆོས་རིག་ལ་སྲི་ཞུ་ཡོང་བའི་ཡིད་ཆེས་དང་སྤོབས་པ་ཡོད།

    Reply
  21. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    ངོ་མ་དགའ་འོས་པའི་དོན་དག་ཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese