འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ཟླ་ ༡༢ ཚེས་ ༢༨ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ངང་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དོན་གྲུབ་དབང་ཆེན་ལགས་ལ་མཆིན་ནད་ཕོག་ཡོད་པར་སྨན་བཅོས་བྱེད་དུ་བཅུག་མེད་པར་མ་ཟད། ཁྲིམས་ཐག་བཅད་པའི་གནས་ཚུལ་ད་ལྟའི་ཆར་ཁོང་གི་ནང་མི་གཅིག་ལའང་བརྡ་ལན་སྤྲད་ མེད་པ་རེད།
སུད་སིར་ཡོད་པའི་ཁོང་གི་སྤུན་ཉེ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་འདིའི་ཐད་“རྒྱ་ནག་གཞུང་གིས་མི་དམངས་དཀྱུས་མ་ཞིག་གིས་བསམ་ཚུལ་བཏོན་པ་ཙམ་གྱིས་ལོ་དྲུག་གི་ཁྲིམས་ཐག་བཅད་པ་ནི་བོད་མི་དམངས་ལ་རང་དབང་གང་ཡང་མེད་པའི་རྟགས་མཚན་གསལ་བོ་རེད། དོན་གྲུབ་དབང་ཆེན་འཛིན་བཟུང་བྱས་པ་དང༌། ཁྲིམས་བཤེར་བྱས་པ་སོགས་ཀྱི་ཡིག་ཆ་གཅིག་ཀྱང་ནང་མིར་མཁོ་སྤྲོད་བྱས་མེད་པ་དང༌། ནང་མིས་བཙལ་བའི་ཁྲིམས་རྩོད་པའང་དང་ལེན་མ་བྱས་པར་གསང་བའི་ངང་ལོ་དྲུག་གི་ཁྲིམས་བཅད་པ་ནི་དྲང་བདེན་མིན་པས་བློ་ཕམ་ཆེན་པོ་བྱུང་ཟེར། དོན་གྲུབ་དབང་ཆེན་ནི་ཨ་མདོ་བ་ཡན་ནས་ཡིན་ཞིང་ལོ་ ༣༥ སོན་ཡོད་པ་དང༌། ཁོང་གི་བཟའ་ཟླ་དང་ཕྲུ་གུ་བཞི་ཚང་མ་དེང་སྐབས་རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱས་ཡོད་པ་རེད།
དཔལ་ལྡན་རྒྱལ་གྱི་ཟིན་བྲིས་ལས་བཤུས།
མི་ཚེ་དོན་ལྡན་ཡོང་བའི་སྨོན་འདུན་ཞུ། །
མི་ཆུང་དང་ནད་པ་གཉིས་ངོ་མ་མིང་དོན་མཚུངས་འདུག
སྨོན་ལམ་ཟེར་བའི་དུས་ཚོད་ཡོལ་ཟིན་པས་རྒྱབ་སྐྲོར་ཞིག་ཏུ་ངོས་འཛིན་ཐབས་
བྲལ་ད་དུང་ང་ཚོས་ལས་འགུལ་ཁག་གིས་དོན་དབང་ལ་གནོད་ཟེར་བ་རྒྱུ་མཚན་
སྤབས་པས་གསུངས་བ་ལས་གཞན་མེད།
དོན་གྲུབ་དབང་ཆེན་ལགས་མྱུར་དུ་བཙོན་གྲོལ་ཐོབ་ཐབས་སུ་གཞུང་སྒེར་ཚང་མས་གང་ཐུབ་ཀྱི་ལས་འགུལ་སྤེལ་རོགས།
ཁངོ་གི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་བཅས་པར་སྡུག་སེམས་མཉམ་སྐྱེས་ཞུ་རྒྱུ་ཡིན།ཁོང་དང་འདྲ་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་བཙོན་གྲོལ་ཡོང་བ་ཤོག།
དོན་འགྲུབ་དབང་ཆེན་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་ནས་སྡད་པ་ལས། ཁོང་གི་བཟའ་ཟླ་བུ་ཕྲུག་ཚོ་ལ་གཞུང་སྒེར་ཚང་མས་སེམས་གསོ་དང་རོགས་སྐྱོར་གང་ཐུབ་བྱས་ན་དེས་དོན་དམ་པའི་ཕན་ཐོག་ཡོང་ངེས་པ་རེད།
ཨ་ཙི་ དཔའ་བོ་དོན་གྲུབ་དབང་ཆེན་ལགས། ཁྱེད་བུ་གོ་ཆོད་བྱུང་། བསྟན་སྲིད་ཀྱི་དོན་དུ་ཡོད་ཚད་བློས་བཏང་བ་འཇོན་བྱུང་། ད་དུང་སེམས་མ་ཆུང་། ད་ངས་རང་དབང་ལུང་པ་ནས་ག་རེ་བྱེད་ན་དྲགས།།
སྤོབས་པ་དང་ ཧོར་བུ་གཉིས་ཀ་བདེན་པ་རེད་། ཕྱེད་ཀ་ཕྱེད་ཀ་ཡོད་། ཕིཕ་ཏྲི་ཕིཕ་ཏྲི་ཡིན་ད་།།
སྤོབས་པ་མཐའ་ཡས་ལགས།ངས་སྨོན་ལམ་བརྒྱབ་ཟེར་ཡག་དེ་ཁོང་གི་ཚེ་སྲོག་ལ་བར་ཆད་མི་ཡོང་བའི་རེ་བ་ཞུ་ས་དཀོན་མཆོག་ལས་ལྷག་ཅིག་མི་འདུག་དྲན་པ་ཡིན།ང་ཚོས་སྐད་འབོད་མ་བརྒྱབ་ཞུ་ཡིས་མེད།སྐད་འབོད་བརྒྱབ་དགོས་པ་རེད།ཡིན་ནའང་ད་ལྟ་བར་དུ་སྐད་བརྒྱབ་ནས་སུ་གློད་སོང་།ངས་ཁ་སྐོམ་དང་ཚིག་སྟོང་དོན་མེད་ཡིན་པ་ཤེས་ནས་དཀོན་མཆོག་ལ་སྙིང་ཐག་པ་ནས་དཔའ་བོ་ཁོང་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བའི་སྨོན་ལམ་བརྒྱབས་པ་ཡིན།དེ་ལས་ལྷག་པར་ཞིག་ངས་བྱེད་ཐུབ་པ་གང་ཡང་མི་འདུག།ང་དང་འདྲ་བའི་མི་མང་པོ་ཡོད་སྲིད་པའི་དེ་ལ་དྲན་བསྐུལ་ཙམ་ཞུས་པ་ཡིན།ཡིན་ནའང་སེམས་ཤུགས་ཆེ་བའི་མི་དབང་ཁྱོད་ཀྱི་ཐུགས་ལ་ཕོག་འགྲོ་དྲན་མ་སོང་དགོང་པ་མ་མཚམས་།ཁྱོད་ཀྱིས་སྐད་འབོད་བརྒྱབ་རོགས་བྱོས་རྗེས་སུ་ཡི་རང་ཡོད།གལ་སྲིད་ང་རྒྱ་ནག་གཞུང་མཚམས་ཁང་དུ་འགྲོ་ནས་རང་ལུས་མེ་ལ་བསྲེག་ཀྱང་དཔའ་བོ་ཁོང་ནམ་ཡང་གློད་ཀྱི་མ་རེད།ད་དུང་ཞུ་རྒྱུ་ཞིག་ལ་ངའི་སེམས་་ལ་ཁྱོད་ལས་ལྷག་པར་ཞིག་གི་ན་ཚ་མེད་ཀྱང་ཆུང་བ་མེད་ཐག་ཆད་ཡིན་པའི་ཡིད་ཆེས་བྱེད་ཆོག།སྤྱིར་མི་རེ་ལ་བསམ་ཚུལ་རེ་ཡོད་པ་རེད་དགོང་འཇགས་འཚལ།
ཡང་ཧོར་བུ་ཡེ་ཤེས་ཟེར་བའི་སྐད་ཆ་ཆོ་མེད་ཤོད་མཁན་གཅིག་སླེབས་འདུག ག་རེ། ང་ཚོས་ཁུ་སིམ་པོས་སྨོན་ལམ་བརྒྱབ་ན་དོན་གྲུབ་དབང་ཆེན་སྐྱོབ་ཐུབ་ཀྱི་རེད་དམ། སྨོན་ལམ་ལ་རེ་བ་བཅོལ་དགོས་ན་ང་ཚོ་ལས་ལྷག་ཅི་མེད་མོད་སྨོན་ལམ་གྱིས་དེ་ལས་ཀྱང་སྐྱོབ་ཀྱི་མ་རེད། ཉན་མཁན་ཡོད་མེད་ཀྱི་སྐད་ཆ་མ་རེད། ང་ཚོ་འུ་ཐུག་ནས་སྐད་རྒྱག་གིན་ཡོད་པ་ཡང་མི་ཤེས་སམ། སེམས་ཆན་ཞིག་ཡིན་ན་ཡང་འུ་ཐུག་པའི་སྐཔས་སུ་སྐད་རྒྱག་ཐུབ་མཁན་ཀྱིས་སྐད་རྒྱག འཕག་འཚག་རྒྱག་ཐུབ་མཁན་གྱིས་འཕག་འཚག་རྒྱག་གི་རེད། ཁ་སྐམ་པོའི་ཚིག་སྟོང་ལ་ཕན་ཐོགས་མེད་པ་ཁྱོད་ཀྱིས་ཤེས་ཡོད་ན་ཁྱོད་ཀྱིས་ག་རེ་བྱས་ནས་ཅིག་ཤོད་འདུག་གིན་ཡོད།
གོང་གི་ནད་པ་ཟེར་བའི་ལྐུག་གཏམ་བཤད་མཁན་ཁྱོད་ཀྱིས་ཁ་བཙུམ་ནས་བསྡད་ན་ཡག་ཤོས་རེད། ང་ཚོས་སྐད་འབོད་བྱས་ནས་དོན་གྲུབ་དབང་ཆེན་ཉེས་པ་ཆེ་རུ་ག་འདྲ་བྱས་ནས་སོང་བ་རེད། ང་ཚོ་ང་ཚོ་རེད། དོན་གྲུབ་དབང་ཆེན་དོན་གྲུབ་དབང་ཆེན་རེད། ང་ཚོས་རྒྱ་གར་དུ་ལས་འགུལ་སྤེལ་བའི་ནག་ཉེས་བོད་དུ་ཡོད་པའི་དོན་གྲུབ་དབང་ཆེན་གྱིས་ག་འདྲ་བྱས་ནས་ཁུར་དགོས་རེད། ཁྲིམས་ཀྱི་མདུན་ས་ན་རང་རང་གི་ཚབ་རང་རང་གིས་བྱ་རྒྱུ་རེད་མ་གཏོགས་མི་གཞན་ཞིག་གིས་བསགས་པའི་ནག་ཉེས་དེ་མི་གཞན་ཞིག་གི་མགོར་འགེལ་བ་འདི་སུའི་ཁྲིམས་ལུགས་རེད། དེ་ཡང་ཁྱོད་ཀྱིས་ཁ་གསལ་པོར་མ་བཤད་མ་གཏོགས་དོན་དུ་དོན་གྲུབ་དབང་ཆེན་ལ་ཁྲིམས་ཐག་བཅད་པ་དེ་རྒྱ་གར་དུ་ཡོད་པའི་བོད་མི་ཚོས་མ་འགྲིགས་པ་རེད་ཟེར་གྱིན་འདུག དེ་འདྲའི་སྐད་ཆ་དེ་ལས་སླ་པོ་མ་རེད། ངས་ནམ་ཡིན་ཡང་དྲྭ་རྒྱ་འདིའི་སྟེང་དུ་སྐོར་གཡེང་བྱེད་བཞིན་ཡོད། ཁྱོད་ཀྱིས་མཆན་བཏབ་པའི་བླུན་བཤད་ཚང་མ་ཕྱོགས་གཅིག་ཏུ་བསྒྲུགས་ཤིང་བསྒྲིགས་ནས་ཀློག་མཁན་ཚོར་བཤམ་སྟོན་ཞིག་བྱེད་དགོས་མིན་འགྲོ་ཡང་སྙམ་བཞིན་ཡོད
གྲོགས་པོ་ཚོ།སྙིང་སྟོབས་དང་ལ་རྒྱའི་ཕྱུག་པའི་དོན་འགྲུབ་དབང་ཆེན་གློད་གྲོལ་ཡོང་བ་ལ་ང་ཚོས་སྡུག་སྐད་ག་ཚོད་རྒྱག་ཀྱང་ཉིན་མཁན་སུ་གཅིག་མི་རེག་པར་གསལ་པོ་རེད།ལ་རྒྱ་ཅན་ཁོང་མྱུར་དུ་གློད་གྲོལ་ཡོང་བ་དང་སྐུ་ཚེ་བར་ཆད་མེད་པའི་དཀོན་མཆོག་ལ་གསོལ་འདེབས་རེ་ཞུས་དེ།རྡ་ས་ཡོད་པའི་ཁོང་གི་ནང་མི་བུ་ཕྲུག་ལ་བོད་གཞུ་དང་ཚོགས་པ་ཁག་མ་ཟད།མི་སྒེར་པ་རྣམས་ཀྱི་ཕྱོགས་ཞེན་དང་ཕྲག་དོགས་སོགས་སྤང་ནས་བོད་མི་གཅིག་གྱུར་གྱི་ལ་རྒྱ་འཛིན་ནས་ཁོང་མ་བུ་ཚོའི་འཚོ་བའི་ཐད་རོགས་ཕན་གང་ཐུབ་བྱེད་དགོས་པ་ལས་ཁ་སྐོམ་པོའི་ཚིག་སྟོང་རེ་བཤད་ན་ཕན་ཐོགས་གང་ཡོང་མེད་དོ
དོན་གྲུབ་དབང་ཆེན་འཛིན་བཟུང་བྱས་ནས་ད་ཆ་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་སྟབས་ང་ཚོས་འདི་ནས་ཁོང་གི་ཆེད་དུ་ཕན་ཐོག་ཡོད་པའི་བྱ་བ་གང་ཞིག་བྱེད་ཐུབ་བམ།
ཁོང་བཀག་ཉར་སྐབས་སུ་ང་ཚོད་ལས་འགུལ་དང་སྐད་འབོད་བྱས་སྟབས་ཁོང་ལ་དེ་མཚུངས་ཀྱི་ཉེས་པ་ཆེ་རུ་སོང་ཡོད་སྟབས་དུས་བཅད་ཀྱི་བཙོན་འཇུག་བཅད་ཁྲ་བཏང་ཟིན།
ད་ང་ཚོས་ཁོང་དང་ཁོང་འདྲ་བའི་བཙོན་པ་ཚོར་ཕན་པའི་བྱ་བ་གང་ཞིག་བྱེད་ཐུབ་མིན་ལ་བསམ་བློ་བཏང་ནས་བྱ་བ་བསྒྲུབ་ཐུབ་ཞིག་དགོས།
གདུང་སེམས་མཉམ་བསྐྱེད་ཡོད། ད་ང་ཚོར་ཐབས་ཤེས་ཅི་ཡོད་དམ། སུས་ཉན་གྱི་རེད། སུའི་ཁ་ལ་ཉན་གྱི་རེད། ཨ་རི། ཡུ་རོབ། ཁ་ན་ཊ། ཨོ་སོ་ཊི་ལི་ཡ། གཞན་སུ་འདུག ཕལ་ཆེར་སྨོན་ལམ་རང་འདེབས་རྒྱུ་ལས་ཅི་ཡང་ལྷག་མེད་ཚོད་རེད།
རྒྱལ་གཅེས་བ་དོན་འགྲུབ་དབང་ཆེན་ལགས་ལྟ་བུའི་དཔའ་རྒོད་དག་ང་ཚོ་ལ་ངེས་
པར་དུ་དགོས་བ་དང་། ཁོང་མྱུར་བར་གློད་གྲོལ་ཐོབ་པར་བོད་
གཞུང་ནས་ལས་འགུལ་སྤེལ་དགོས།
ཁོང་གིས་དམངས་མིས་བསམ་ཚུལ་བསྡུ་ལེན་བྱས་བས་སྤེལ་ཕྱོགས་ཏེ་གཞན་དང་
མི་མཚུངས་བའི་ལས་འགུལ་རླབས་ཆེན་ཞིག་ཆགས་ཡོད།
དེ་འདྲའི་ལས་འགུལ་དང་པོ་འང་ཡིན།
བོད་རྒྱལ་ལོ། དོན་འགྲུབ་དབང་ཆེན་རྒྱལ་ལོ།
བོད་མིའི་དཔའ་བོ་ཁོང་མྱུར་དུ་གློད་གྲོལ་ཡོང་ཐབས་ལ་ང་ཚོས་ཤུགས་རྒྱག་དགོས་པ་རེད། དངོས་གནས་འདི་འདྲའི་སྙིང་སྟོབས་ཅན་གྱི་བོད་མི་ཚོ་བདག་པོ་རྒྱག་ཐབས་ལ་འབད་དགོས་པ་ཆེས་གལ་ཆེན་དུ་མཐོང་གི་འདུག་པས་ང་ཚོས་ནམ་ཡང་རྒྱབ་སྐྱོར་བྱེད་དགོས་པ་རེད།