མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་པ་ཕུན་ཚོཌ་དང་ལེཌ་མཆོག་གི་རྩ་དགོངས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་དམངས་འཐུས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་བོད་རང་སྐྱོང་དམངས་འཐུས་རྒྱུན་ལས་ཚོགས་གཙོ་ལེགས་མཆོག་དང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་གཉིས་རྩ་དགོངས་སུ་གཏོང་བའི་གྲོས་འཆར་གྲོས་འཆམ་གཏན་འབེབས་བྱས་ཡོད་འདུག

ཉེ་སྔོན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་སྲིད་འཛིན་ས་ཁོངས་ཀྱི་དམངས་འཐུས་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་སྔ་ཕྱིར་དུས་མཉམ་ལྟ་བུར་འཚོགས་ཡོད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་ ༡༠ ཉིན་ཚོགས་མགོ་ཚུགས་ཏེ་ཚེས་ ༡༥ ཉིན་མཇུག་བསྡུ་རྒྱུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཕྱི་ཚེས་ ༨  ཉིན་ནས་ཚོགས་མགོ་ཚུགས་ཏེ་ཚེས་ ༡༣ ལ་མཇུག་བསྡུ་བཞིན་པ་ལྟར། ཕྱི་ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་འཆར་ཁག་ ༡༢ གཏན་འབེབས་བྱས་ཡོད་པའི་ནང་། གྲོས་འཆར་ ༧ དང་ ༨ པ་གཉིས་ནི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་གཉིས་ལས་ཁུར་རྩ་དགོངས་ཞུ་རྒྱུའི་གྲོས་འཆར་ཁག་ཡིན་པ་དང་། ཕྱི་ཚེས་ ༡༢ ཉིན་གྲོས་འཆར་དེ་གཉིས་གྲོས་འཆམ་ཐག་གཅོད་བྱས་ཡོད། དེར་མ་ཟད་གྲོས་འཆར་ཁག་ ༥ ནི་ལས་གནས་འཕོ་ལེན་སྐོར་གྱི་གྲོས་འཆར་ཡིན་ལ། ཕྱི་ཚེས་ ༡༥ ཉིན་ཚོགས་འདུ་མཇུག་བསྡུའི་ཚུན་ཆད་དུ་ལས་ཚབ་མི་སྣ་འདེམས་བསྐོ་དང་།  དེ་མིན་སྐབས་ ༡༡ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམས་ཐོན་བྱ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག ལེགས་མཆོག་དང་བྱམས་པ་ཕུན་ཚོགས་ཀྱི་ལས་གནས་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐད་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྒྱ་ཡིག་པར་ངོས་སུ་ “དམངས་འཐུས་དང་སྲིད་གཞུང་གི་ཆེས་མཐོའི་དཔོན་རིགས་རྩ་དགོངས་སུ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་མི་སྣའི་ལས་གནས་བརྗེ་སྤོར་བྱས་པ་”  ཞེས་རྣོ་ངར་ཅན་གྱི་ཁ་བྱང་ཞིག་སྦྱར་ཡོད་པར་མ་ཟད། ཁོ་གཉིས་ཀྱི་ལས་གནས་རིམ་འཕར་གྱི་མི་ཚེ་ལོ་རྒྱུས་དང་བཅས་པ་བཀོད་འདུག གཞུང་འབྲེལ་གྱི་བོད་ཡིག་གསར་ལམ་ཁག་ཏུ་”ལེགས་མཆོག་དང་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་ལས་ཁུར་རྩ་དགོངས་ཞུས་པ་” ཞེས་གུས་ཉམས་དོད་པའི་ཁ་བྱང་ཞིག་སྦྱར་ཡོད་པ་རེད། ཡིན་ནའང་། ཁོ་གཉིས་ཀྱིས་རྩ་དགོངས་ཞུ་དགོས་པའི་གནད་དོན་ཅི་ཡིན་སྐོར་གསལ་ཁ་བཏོད་མི་འདུག

བོད་ཀྱི་གནད་དོན་སྐོར་ལ་ཆེད་གཉེར་དབྱེ་ཞིབ་གནང་མཁན་ཨ་རིའི་ཀོ་ལུམ་བྷེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ རོ་བྷེ་བྷར་ནིས་ཁྲི་ Robbie Barnett  ཡིས་དབྱིན་ཇུའི་རོའི་ཊར་གསར་ཁང་དུ་བརྗོད་དོན། ལྷ་སར་བྱུང་བའི་དོན་རྐྱེན་དེ་ཡིས་སྲིད་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་ནོར་འཁྲུལ་ལྡན་པ་གསལ་འདོན་བྱས་ཡོད། དེར་བརྟེན། མི་མང་པོས་འབྲེལ་ཡོད་དཔོན་རིགས་ཚོས་སྲིད་ཇུས་ཀྱི་ནོར་འཁྲུལ་ལས་བྱུང་བའི་ནག་ཉེས་དག་འགན་ལེན་བྱེད་དགོས་མིན་ཐད་གླེང་སློང་ཤུགས་ཆེན་པོ་ཡོང་གིན་ཡོད་པས་རེད་ཅེས་བརྗོད་ཡོད་འདུག 

གཞིས་སྡོད་བོད་མི་ཞིག་གིས་དེའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་དོན། བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ལས་གནས་རྩ་དགོངས་བཏང་བ་དེ་འོས་འཚམ་ཞིག་ཡིན་སྲིད་མོད། འོན་ཀྱང་། ཀྲང་ཆིན་ལི་ཡི་གོ་གནས་སྔར་འཇགས་བཞག་པ་དེ་ཡིས་རྒྱ་གཞུང་གི་སྲིད་ཇུས་ནི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ཤིག་མིན་པ་མངོན་གསལ་དོད་པོས་ཕྱི་རུ་མངོན་པ་ཞིག་རེད་ཟེར།
 
ལེགས་མཆོག་ནི་ཕྱི་ལོ་ ༡༩༤༤ ལོར་ལྷ་སའི་རྒྱང་རྩེ་ཁུལ་དུ་སྐྱེས་པ་དང་། ༡༩༧༢ ལོར་དམར་ཤོག་ཚོགས་པར་ཞུགས།  ༢༠༠༨ ལོའི་ཟླ་ ༡ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་དམངས་འཐུས་རྒྱུས་ལས་ཀྱི་འགན་འཛིན་ལ་ལས་གནས་སྤར་བ་དང་། ཟླ་ ༣ པའི་ནང་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཅིག་པའི་དམངས་འཐུས་ཀྱི་མི་རིགས་འཐུས་མིའི་འགན་འཛིན་གཞོན་པར་བསྐོས།  ༢༠༡༠ ལོའི་ཟླ་ ༡ པའི་ནང་རྒྱ་ནག་དབུས་གཞུང་གིས་ཐག་གཅོད་ལྟར་ལས་གནས་ནས་རྩ་དགོངས་ཞུས་ཡོད།

བྱམས་པ་ཕུན་ཚོགས་ནི་ ༡༩༤༧ ལོར་ཆབ་མདོ་རུ་སྐྱེས་པ་དང་། ༡༩༧༤ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༨ ལོའི་ཟླ་ ༡ པའི་ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་སྲིད་འཛིན་དུ་བསྐོས་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་ལས་གནས་རྩ་དགོངས་ཞུས་ཡོད།

ཀྲང་ཆིན་ལི་ནི་ ༡༩༥༡ ལོར་རྒྱ་ནག་ཧྲན་ཏུང་དུ་སྐྱེས། ༡༩༧༣ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༦ ལོའི་ཟླ་ ༡༠ པར་བོད་རང་སྐྱོར་ལྗོངས་དམར་ཤོག་སྐབས་བདུན་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་རུ་བསྐོ་འཐེན་བྱས། རྒྱ་ནག་དབུས་དམར་ཚོགས་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་རྒྱ་ནག་དབུས་གཞུང་གི་རྒྱུན་ལས་འཐུས་མི། སྐབས་བཅུ་པའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན།

གཞན་ཡང་། དེ་སྔོན་རྒྱ་ནག་དབུས་གཞུང་གིས་ལས་གནས་འཕོས་ལེན་གྱི་བཀའ་ཁྱབ་བསྒྲགས་ཏེ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ པའི་ཚེས་ ༢༦ ཉིན་བློ་བཟང་ལྷུན་གྲུབ་རྡོ་རྗེ་རྒྱལ་ཡོངས་འཐུས་ཚོགས་ཀྱི་མི་རིགས་འཐུས་མིའི་རྒྱུན་ལས་ལ་བསྐོ་འཐེན་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༦ ཉིན་པདྨ་འཕྲིན་ལས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པར་བསྐོ་འཇོག་དང་ལེགས་མཆོག་གི་ད་ཡོད་ལས་གནས་ཁག་སྟེ། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཞོན་པ་དང་རྒྱུན་ལས། འཐུས་མི་བཅས་ཀྱི་ལས་འགན་ཕྱིར་བསྡུ་བྱས་ཡོད་པ་རེད། པདྨ་འཕྲིན་ལས་ཀྱིས་བོད་ཆོལ་ཁ་གསུམ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༧ ཉིན་ ༣.༡༤ དོན་རྐྱེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ༣.༡༤ དོན་རྐྱེན་ནི་རྡུང་གཅོག་འཕྲོག་གསུམ་གྱི་དོན་རྐྱེན་ཞིག་ཡིན་པ་དང་།  ཏཱ་ལའི་རུ་ཚོགས་ཀྱི་ལྐོག་ཇུས་ངན་གཡོ་ཡིན་པ་བདེན་དཔང་འདང་ངེས་ཡོད་སྐོར་གསར་འགོད་པར་བརྗོད་ཡོད་པ་རེད།

དེ་བཞིན་དུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། བོད་ཀྱིས་ ༢༠༡༠ ལོར་ལྗོངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐོ་འགོད་དང་། སྤྲུལ་སྐུ་དང་གྲྭ་བཙུན་གྱི་ཐོབ་ཐང་ཐོ་འགོད་སྙན་ཞུའི་ལས་དོན་ལེགས་གྲུབ་བྱ་རྒྱུ་ཡིན་པ་དང་། ཁྲིམས་ལུགས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་པ་དང་། དགོན་སྡེ་ཁག་ལ་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཏེ་ཆོས་ལུགས་བྱེད་སྒོ་གལ་ཆེན་ཁག་དང་ས་ཁུལ་བརྒལ་ནས་སྤེལ་བའི་ཆོས་ལུགས་བྱེད་སྒོ་ཁག་ལ་དོ་དམ་བྱ་རྒྱུ་ཡིན་ལུགས་བཀོད་ཡོད། ཕྱི་ཚེས་ ༦ ཉིན་ཆབ་མདོ་རུ་སྐོང་ཚོགས་བྱས་པའི་བོད་སྐྱོར་ལས་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཞེས་པ་འཚོགས་ཡོད་པ་དང་། ཁ་གཏད་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་གྲངས་འབོར་དེ་ཁག་ལྔ་པའི་མི་གྲངས་ ༨༥༠ ནས་མི་གྲངས་ ༡༠༠༠ བར་མང་དུ་བཏང་ཡོད་པ་རེད། དེ་ནི་ཁག་ལྔ་པ་དང་བསྡུར་ན་སྲིད་ཁྲིམས་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས། དྲིལ་བསྒྲགས་བཅས་ཀྱི་བོད་སྐྱོར་ལས་བྱེད་པའི་མི་གྲངས་མང་དུ་འཕར་ཡོད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་སྒྲུབ་མཁན་བོད་སྐྱོར་ལས་བྱེད་པ་ཟེར་བ་གཞི་རིམ་དུ་གཏོང་ཤུགས་ཆེ་རུ་གཏོང་ཆེད་རེད།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 18

  1. སེམས་བཟང་། says:
    ལོ་ 15 སྔོན།

    ཀློག་པ་པོ་ཚོ། དགོངས་དག །ང་ནོར་ནས་བཏང་ས་ལ་བཏངས་མི་འདུག །

    Reply
  2. སེམས་བཟང་། says:
    ལོ་ 15 སྔོན།

    ཡ། བོད་ཡིག་འདི་དངོས་གནས་བཀའ་དྲིན་ཆེ་གི། བོད་ཡིག་ནང་བོད་པའི་ཕོ་གསར་འགྲན་བསྡུར་ཞེས་བྲིས་པའི་བཀའ་དྲིན་རེད་མ་གཏོགས། མི་གཅེར་བུ་འདི་ཚོ་མི་རིགས་གང་ཡིན་རྩ་བ་ནས་ཤེས་ས་མ་རེད། གཅིག་བྱས་ན་བོད་པའི་བླ་མ་འདི་ཚོར་མངོན་ཤེས་ཡོད་རབས་མང་པོ་བཤད་ཡག་འདུག་ག །དེ་ཚོས་མཁྱེན་ཡོད་འགྲོ། གཅིག་བྱས་ན་ང་ཚོ་བོད་པ་འདི་འདྲའི་ཐབས་སྐྱོ་བོ་ཆགས་ཚར་ཤག །ཐ་ན་ཕོ་གསར་འདི་ཚོས་བོད་ཆས་ཐབས་ཆག་ཅིག་ཀྱང་གྱོན་ཡག་རྙེད་ཡོད་པ་རེད། གཅིག་བྱས་ན་རྒྱ་ནག་གཞུང་གིས་ང་ཚོའི་ལས་འགུལ་ཆེ་ཕྲ་ཚང་མར་ག་དུས་ཡིན་ནའང་བཀག་འགོག་བྱས་བྱས་པ་དེས་ཞེད་ནས་བོད་ཆས་གྱོན་མ་ཕོད་པ་ཡིན་འགྲོ། གང་ལྟར་ལས་ཀ་འདི་ཚོ། སེམས་ཆུང་སེམས་པ་སྐྱོ་རོགས་རེད། ཡ།

    Reply
  3. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    read more Khaleej Times

    PORT-AU-PRINCE – Haiti’s prime minister Wednesday warned the death toll may top 100,000 in a calamitous earthquake which left streets strewn with corpses and thousands missing in a scene of utter carnage. Hospitals collapsed, destroyed schools were full of dead and the cries of trapped victims escaped from crushed buildings in the center of the…

    Reply
  4. བཤད་སྒྲུབ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ང་རང་སེམས་སྡུག་དགོས་སྟངས་བྱམས་ཕུན་ལས་པདྨ་འཕྲིན་ལས་ཟེར་བ་རྒྱ་དགའ་ཆེ་བ་གོ་མྱོང་། མ་ཟད་འདི་ལོར་ཆབ་མདོའི་དམག་སྤྱི་ང་ཕོད་མཆོག་དགོངས་པ་རྗོགས་པ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་དབུས་ཁམས་གཉིས་རྟོགས་པའི་བོད་རང་སྐྱོང་ལྗོངས་སུ་སྲིད་གཞུང་གི་སྲིད་འཛིན་བྱབས་པ་ཕུན་ཚོགས་དང་མི་རིགས་འཐུས་མིའི་འགན་འཛིན་གཞོན་པ་ལེགས་མཆོག་གཉིས་ལས་གནས་རྩ་དགོངས་ཞུས་པ་བཅས་གནས་ཚུལ་སྡུག་པོ་འདི་འདྲ་རིམ་པས་ཐོན་བཞིན་འདུག་པས་ཡིན།

    Reply
  5. ཀླུ། says:
    ལོ་ 15 སྔོན།

    གོང་གི་གནས་ཚུལ་ཐད་བོད་ནང་གི་ཤེས་ཡིན་ཅན་ཞིག་དང་གླེང་མོལ་བྱེད་སྐབས་ཁོས་་་
    གལ་སྲིད་དོན་དངོས་ཁོ་གཉིས་རང་ཐད་ནས་རྩ་དགོངས་ཞུས་བ་ཡིན་ན་ང་ཚོས་་ཤེས་དགོས་པ་ཞིག་ནི་ཁོ་གཉིས་ཀྱིས་རྒྱ་ནག་གི་ཆབ་སྲིད་ཀྱི་གདུབ་རྩུབ་དེ་མཐོང་བའི་རྐྱེན་རྗེས་མར་ཡང་ཅི་འབྱུང་གི་ངེས་པ་མེད་པ་དང་ གནད་འགག་གི་སྐབས་སུ་རང་མི་རང་གི་དགྲ་རུ་ལངས་དགོས་པའི་རྒྱ་ནག་གི་གཡོ་ཐབས་དེ་རྟོགས་ཡོད་པས་རེད་ཟེར་ན་ཡང་མི་ཆོག་པ་མེད་པར་འདོད་ལ་རྒྱ་ནག་ཆེས་སྐྲག་དགོས་ས་དེ་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་དཔོན་པོ་དག་ལས་སྣེ་ནས་བུད་འགྲོ་བ་དེ་ཡིན་སྲིད་ཟེར་།

    Reply
  6. karma dorje says:
    ལོ་ 15 སྔོན།

    བོད་མི་གཅིག་གིས་བོད་རིགས་གཉིས་ལ་རེ་སྨོན་བྱས་པ།

    བྱམས་པའི་བློ་འགྱུར་སེམས་བྱམས་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་། །
    ལེགས་མཆོག་མིང་དོན་མཚུངས་པར་མི་མཆོག་ནང་ནས་མཆོག་འགྱུརརེ། །

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ད་ཡག་པོ་རེད་་བྱམས་པ་ཕུན་ཚོགས་ཟེར་བ་འདི་བོད་མིའི་སྟེང་ལ་ཧ་ཅང་རྩུབ་པོ་འདྲ་ཡོད། ཕྱི་ལོ་་་༢༠༠༨་་་་ལོའི་ཁོས་ག་འདྲ་བཟོས་དང་མ་བཟོས་ཨེ་ཤེས། ད་ཁོང་ཚར་སོང་ན་རྗེས་ཕྱོགས་སུ་བོད་ལ་ཡག་པོ་རེ་ཨེ་ཡོང་གི་རེ་བ་བྱེད་རྒྱུ་ཡིན།

    ཡིན་ན་རྒྱ་ནག་གི་རང་དོན་མ་འགྲུབ་ནས་སྟབས་་་་ཨ་སྙིང་རྗེ་དེ་འདྲ་བཟོ་མ་ཉན་ཡ།

    Reply
  8. མི་ཆུང་། says:
    ལོ་ 15 སྔོན།

    རྒྱ་གཞུང་གི་ཆབ་སྲིད་ནི་ཆབ་སྲིད་རང་རེད། དེ་མིན་བྱམས་པ་ཕུན་ཚོགས་ཟེར་བའི་མི་འདི་དྲང་ཚུགས་གཏན་པོ་ཞིག་ཡོད་སྐོར། མི་དམངས་ཀྱི་ངག་ལས་ཐོས།

    Reply
  9. སེམས་བཟང་། says:
    ལོ་ 15 སྔོན།

    ཡ། ཁྱད་མཚར་རེད། ག་དུས་ཡིན་ནའང་བོད་པ་འདི་ཚོས་དོན་མེད་ཀྱི་ཅ་ཅོ་འདྲ་སྒྲོག་གི་རེད་མ་གཏོགས། བོད་མིའི་བདེ་སྡུག་རྒྱ་ནག་དམར་པོའི་གཞུང་ལ་དབང་བ་ལས་བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གི་ལག་པར་ཡོད་པ་མ་རེད། མ་འོངས་པར་ཡང་རྒྱ་ནག་དམར་གཞུང་ལ་འགྱུར་བ་མ་ཐེབས་བར། བོད་མི་གཅིག་གཉིས་ཀྱི་ལས་གནས་ལ་འགྱུར་བ་ཐེབས་པ་ཙམ་གྱིས་ཕན་གནོད་གང་ཡང་ཡོང་གི་མ་རེད། ལོ། གྲོགས་པོ་ཚོ།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བྱམས་པ་ཕུན་ཚོགས་དང་ལེགས་མཆོག་འདི་ཚོས་བོད་ལ་ཕན་པའི་ལས་ཀ་ཡག་པོ་འདི་བྱས་སོང་ཟེར་ཞིག་བསྟན་རྒྱུ་མེད་མོད་སྡུག་པོ་འདི་བྱས་སོང་ཟེར་བ་ཡང་ཆེར་མེད།

    Reply
  11. ཚེ་རིང་། says:
    ལོ་ 15 སྔོན།

    བོད་ལྗོངས་ཆ་འཕྲིན་གྱིས་བྱམས་ཕུན་དང་ལེགས་མཆོག་རྩ་དགོངས་སུ་བཏང་བའི་ས་གནས་ས་ཐོག་གི་གནས་ཚུལ་སྐོར་ལ་རང་ངོས་ནས་གསལ་ཁ་འདོན་མ་ཐུབ་པར། ཕྱིའི་གསར་ལམ་ཁག་གི་འགྲེལ་བརྗོད་འགའ་འདྲེན་བཀོད་བྱས་ཡོད་པ་གཤམ་གསལ།
    ཚེས་༡༣ཉིན། ཞང་ཀང་གི་མིང་པའོ་ཞེས་པའི་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་འགོ་གཙོ་བརྗེ་རྩིས་ཡོད་པ་སྟེ། ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་རེན་གྱི་ལས་ཁུར་རྩ་དགོངས་ཞུས་ཤིང་། ཡང་དགུང་ལོ་༦༢ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་ཀྱང་རང་སྐྱོང་ལྗོངས་ཀྲུའུ་ཞི་ཡི་ལས་ཁུར་རྩ་དགོངས་ཞུས་ཡོད་པ་རེད། ནང་ལོགས་ཀྱི་བོད་ལྗོངས་གནད་དོན་སྐོར་གྱི་ཆེད་མཁས་པས་བསྟན་པ་ལྟར་ན། ཐེངས་འདིའི་འགོ་ཁྲིད་བརྗེ་བ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་ཞིང་། བོད་ལྗོངས་ཉིད་མ་འོངས་པར་ཐོད་བརྒལ་རང་བཞིན་གྱིས་འཕེལ་རྒྱས་འགྲོ་བའི་མ་འོངས་སྔོན་བཀོད་ཅིག་ཡིན་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་སྔོན་ཚོགས་འདུ་ཚོགས་ནས་བོད་ལྗོངས་ཀྱི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་སྐོར་ལ་ཞིབ་འཇུག་གནང་ཞིང་། བོད་ལྗོངས་ཀྱི་མ་འོངས་པའི་འཕེལ་རྒྱས་དང་བརྟན་བརླིང་གི་ཕྱིར་དུ་གླེང་ཕྱོགས་གཏན་འཁེལ་བྱས་པ་ཞིག་རེད། པེ་ཅིང་གི་བོད་ལྗོངས་གནད་དོན་སྐོར་གྱི་ཆེད་མཁས་པ་ཅང་ཀྲའོ་ཡུང་གིས་མིང་པའོ་ཚགས་པར་གྱིས་བཅར་འདྲི་གནང་སྐབས་བསྟན་པར། ཐེངས་འདིར་བོད་ལྗོངས་ཀྱི་འགོ་ཁྲིད་བརྗེས་པ་དེས་བོད་ལྗོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་དེ་མཚོན་ཡོད་པ་རེད།

    གོང་གསལ་བོད་ལྗོངས་ཆ་འཕྲིན་གྱི་གནས་ཚུལ་འགོད་སྟངས་འདི་ནི་ཅུང་ཙམ་སྐོར་ལོག་ཅིག་མ་རེད་དམ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མགོ་ནག་རི་འགོའི་རི་བོང་རེད།
    ཁྱི་མགྱོགས་པོ་པདྨ་འཕྲིན་ལས་རེད།
    རྙི་མཁས་པ་རྒྱ་ནག་དམར་པོ་རེད།
    བོད་རི་བོང་ནམ་བཟུང་ཆ་མེད་རེད

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཤད་སྒྲུབ་ལགས་སེམས་པ་སྐྱོ་སྐྱོ་གནང་དགོས་ས་མ་རེད་དེ་ལས་ལྷག་པའི་རྒྱུག་ཁྱི་མགྱོགས་པོ་པདྨ་འཕྲིན་ལས་ཟེར་ཞིག་སྡུམ་ཡོད་ས་རེད་ད།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བྱམ་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ཕྱུག་པོ་ཆགས་ནས་དངུལ་གྱི་ཆེད་དུ་བོད་མི་ལ་སྡུག་པོ་གཏོང་རྒྱུ་མཚམས་འཇོག་བྱས་པ་འདྲ། ཡིན་ནའང་ད་དུང་སྤྲང་ཕྲུག་དངུལ་གྱི་ཆེད་དུ་བོད་མི་ལ་སྡུག་པོ་གཏོང་མཁན་གནའ་ནས་ད་ལྟ་བར་དུ་མཚམས་ཆོད་མྱོང་མེད། རྒྱ་ནག་གཞུང་གིས་སྤྲང་ཕྲུག་ཚོར་དངུལ་སྤྲོད་ན་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཁྲག་གཅིག་པའི་འདུ་ཤེས་བརྗེད་འགྲོ་ནི་རེད་མོ།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ང་ཕོད་འདས་གྲོངས་སུ་ཕྱིན་སྟབས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་མི་སྣ་དེ་དག་ལ་འགྱུར་བ་རེ་མི་གཏོང་ཀ་མེད་ཆགས་ཡོད་པ་རེད་འདོད།
    བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་རྒན་ཡོལ་བྱས་ཏེ་ཕྱིར་ཆབ་མདོ་དང་རྒྱང་རྩེ་ལ་མི་འགྲོ་བ་ནི་སུས་ཀྱང་ཤེས་གསལ་ལྟར། ཉིན་ཤས་རྗེས་སུ་མི་འདི་དག་གི་རེ་ཟུང་གི་ངོ་གདོང་པེ་ཅིན་ནས་མངོན་ཡོང་སྲིད།

    Reply
  16. བཤད་སྒྲུབ says:
    ལོ་ 15 སྔོན།

    དངོས་གནས་སེམས་པ་སྐྱོ་བ་ལགས། ཕྱི་ལོ་༢༠༡༠ལོ་འདིར་རྒྱ་བོད་གཉིས་ཀས་དགས་བསུ་ཐོབ་པའི་མི་སྣ་བཀའ་བློན་ང་ཕོད་མཆོག་དགོངས་པ་རྫོགས་པ་དང་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་སྲིད་འཛིན་བྱབས་པ་ཕུན་ཚོགས་དང་མི་རིགས་འཐུས་མིའི་འགན་འཛིན་གཞོན་པ་ལེགས་མཆོག་གཉིས་ལས་གནས་རྩ་དགོངས་ཞུས་པ་བཅས་གནས་ཚུལ་སྡུག་པོ་འདི་འདྲ་རིམ་པས་ཐོན་བཞིན་འདུག་

    Reply
  17. ནད་པ says:
    ལོ་ 15 སྔོན།

    བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་ནི་རྒྱ་རིགས་བློ་མཐུན་ཀྲང་ཆི་ལི་ཡིན་ལ་༢༠༠༦ ལོ་ནས་ད་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་རང་སྐྱོང་ལྗོངས་དམག་ཨུད་ཀྱི་ལས་འགན་མཐོ་ཤོས་དེ་བཟུང་ཡོད།

    གནས་རིམ་གཉིས་ནི་་བོད་རང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྲུའི་རེན་ཡིན་ལ་ ༢༠༠༨ ལོར་བོད་རིགས་བློ་མཐུན་ལེགས་མཆོག་བདམས་ཐོན་བྱུང་ཡོད་ཀྱང་ཉེ་དུས་ལས་གནས་ནས་རྩ་དགོངས་ཀྱི་སྙན་ཞུ་བཏང་ཡོད།

    གནས་རིམ་གསུམ་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་ཡིན་ལ་དེ་ནི་བོད་རིགས་བློ་མཐུན་བྱམས་པ་ཕུན་ཚོགས་ལགས་ ༢༠༠༨ ལོར་བསྐོ་བཞག་བྱས་ཡོད་ཀྱང་ད་ཆ་ལས་གནས་ནས་རྩ་དགོངས་ཞུས་ཟིན།

    གནད་དོན་དེར་གཞིགས་ན་ལེགས་མཆོག་དང་བྱམས་པ་ཕུན་ཚོགས་གཉིས་ཀྱིས་བོད་ལྗོངས་བརྟན་བརླིང་གི་གནས་བབ་ལ་དེ་ཙམ་གྱི་བློ་ཁ་འཚིམས་པ་ཞིག་བྱུང་མེད་པའི་འོག་རྩ་དགོངས་མ་ཞུ་ཀ་མེད་ཐུབ་པ་མངོན་གསལ་ཡིན།

    Reply
  18. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    དུས་བབ་ནས་དུས་ཐོག་གསར་འགྱུར་སྤེལ་བར་ཐུགས་རྗེ་ཆེ། བྱམས་ཕུན་དང་ལེགས་མཆོག་དགོངས་པ་བཏང་བ་བཟང་མོད་ཀྱང་། པདྨ་འཕྲིན་ལས་ལྟ་བུ་ཚབ་ཏུ་བསྐོས་ན་དེ་ལས་སྡུག་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese