མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་རླུང་འཕྲིན་ལས་ཁུངས་ཀྱི་བཀའ་རྒྱའི་འོག ༼ ཐེངས་ཉེར་ལྔ་བའི་ཞིང་ལྗོངས་ལྔའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་དཔྱད་བསྡུར་ཚོགས་ཆེན ༽ ཟེར་བ་དེ་ཉེ་ལམ་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་པེ་ཅིན་ནས་ཚོགས་ཏེ། རྒྱ་ནག་དབུས་ཀུན་ཁྱབ་རླུང་འཕྲིན་ཁང་གཙོས་པའི་ལྷ་ས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁང་ ༡༩ ཙམ་གྱི་འགན་འཛིན་དང་རྩོམ་སྒྲིག་པ་ ༥༠ ལྷག་བསྡུས་ཏེ། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁག་གིས་༼ ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ ༽ བྱས་ཏེ། བོད་རིགས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་སྣ་ཚོགས་དུས་ལྟར་དྲིལ་བསྒྲགས་བྱ་དགོས་པ་དང་། མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་ཞུ་བསྒྲུབ་དགོས་ཚུལ་བརྗོད་ཅིང་། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་དམིགས་འབེན་འབད་སྒྲུབ་བྱེད་མཁན་ལ་བྱ་དགའ་དང་། ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་གཞི་དང་། སྲིད་གཞུང་གི་ཆབ་སྲིད་ལྟ་བར་དོ་ཕོག་བྱུང་རིགས་ལ་སྐྱོན་བརྗོད་བྱས་ཏེ། བོད་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་ནན་མོ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

སྐར་མ ༢༣ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

མཆན། 11

  1. karma dorje says:
    ལོ་ 16 སྔོན།

    ངའི་དེང་གི་༼བོད་རིགས་དང་ཆེས་འབྲེལ་ཆེ་བའི་རྒྱ་གཞུང་ལས་བྱེད༽ཏང་ནི།

    བོད་ཀྱི་དྲ་རྒྱ་བཟོས་ན་སྡང་།
    བོད་ཀྱི་དྲ་རྒྱ་ཕྱེས་ན་དངངས།
    བོད་ཀྱི་དྲ་རྒྱར་བྲིས་ན་ཁྲོ།
    བོད་ཀྱི་དྲ་རྒྱ་རིམ་བཞིན་བཀག

    Reply
  2. ཆོས་སྒྲོན། says:
    ལོ་ 16 སྔོན།

    རྒྱ་ནག་གི་བྱ་སྤྱོད་འདི་རིགས་ཧ་ཅང་གཏིང་ནག་རེད། ད་ནི་བོད་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སློབ་གསོའི་ནུས་པ་འདོན་བཞིན་པའི་རླུང་འཕྲིན་དང་བརྙན་འཕྲིན་ཉུང་ཤས་ལས་མེད་པ་དེ་དག་ཀྱང་ཉེན་ཁར་སླེབས་སོང་།

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    དྲ་ཚིགས་དང་ཚགས་པར་སོགས་ལ་བཀག་སྡོམ་ཇི་ལྟར་བྱས་ཀྱང་། བོད་མི་རིགས་ཀྱིས་སེམས་ཁམས་ལ་ནམ་ཡང་དབང་སྒྱུར་བྱེད་ཐུབ་ཀྱི་མ་རེད། བོད་མི་རིགས་ཀྱི་གནད་དོན་དེ་རྒྱ་མཚོའི་རླབས་ཕྲེང་བཞིན་ནམ་ཡང་འཇགས་མི་སྲིད།།

    Reply
  4. གནམ་ལྕགས། says:
    ལོ་ 16 སྔོན།

    ངོ་ཚ་རྒྱུ་མེད་པ་ནི་དགྱ་ནག་གི་ཁྱད་ཆོས་སོ།།

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    བོད་ཕྱི་ལོགས་སུ་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་ཆེ་མོད་བཀོལ་མཁན་གྱི་ཆ་རྐྱེན་མེད།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    བོད་ནང་ལོགས་སུ་སྐད་ཡིག་བཀོལ་མཁན་གྱི་ཆ་རྐྱེན་ཡོད་རུང་འགོག་བསྡོམས་ཀྱི་དཀའ་ངལ་ཆེ། བོད་ཕྱི་ལོགས་སུ་སྐད་ཡིག་བཀོལ་བར་དབང་ཆེ་མོད་བཀོལ་མཁན་གྱི་ཆ་རྐྱེན་ཞན། ད་ངོ་མས་རེ་བ་ཞིག་མི་འདུག བོད་ཡིག་ལགས། གཟིམས་འཇགས་གནང་གོ

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཚོགས་ཆེན་དེའི་སྟེང་ནས་འདི་ལྟར་བརྗོད་འདུག “ བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གྱིས་དུས་རབས་གསར་བའི་གསར་འགྱུར་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱེད་པ་དང་། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་ཕྱི་བཟང་བོ་ཞིག་སྒྲུབ་ཐུབ་པ། བོད་མི་རིགས་ཀྱི་སྔོན་ཐོན་རིག་གནས་ཇི་ལྟར་སྔོག་འདོན་བྱེད་པ། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གྱི་མ་འོངས་པའི་བྱ་བ་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཇི་ལྟར་གསར་གཏོད་དང་བཅོས་སྒྱུར་བྱེད་པ་སོགས་ཀྱི་ཐད་ནས་ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་སྐུལ་འདེད་བཅས་ཀྱི་དོན་སྙིང་ལྡན་ཞིང་མིག་རྒྱང་རིང་བའི་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ” ཚེས་སྐད་ཆེ་སྙན་ཐག་ཆོད་བཤད་འདུག་མོད། དོན་གྱིས་ཚོགས་ཆེན་དེའི་རྗེས་ནས་བཟུང་། ( ཧི་གཟུགས་ཟིན་བྲིས ) དང་( བོད་ཀྱི་སྐད་ཡིག ) ( གངས་གཞོན་གླེང་སྟེགས ) ( མཆོད་མེ་པོད་ཁུག ) སོགས་བཀག་བསྡོམས་བྱས་འདུག་ལ། དེའི་སྐོར་བོད་ནང་ལ་སྐད་ཆ་འདྲི་སྐབས་འབྲེལ་ཡོད་དྲ་ཚིགས་དོ་དམ་པ་ཞིག་གིས་འདི་ལྟར་བརྗོད་བྱུང་། “ ད་དུང་དེའི་སྐོར་ཕྱི་ལོགས་སུ་གསལ་བོ་བཤད་འདོད་མི་འདུག རེ་བ་ཉག་ཅིག་ཡོད་པ་འདྲ། གལ་སྲིད་དང་ལེན་ཡག་པོ་ཞིག་བྱས་མ་སོང་བ་ཡིན་ན། རྗེས་ཕྱོགས་མགོ་རྔ་ཆ་ཚང་ཡིག་ཐོག་ནས་ཕྱིར་བསྒྲགས་བྱ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    སྤྱིར་རྒྱ་ནག་གི་སྲིད་ཅུས་འདི་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་དང་ཡང་མི་མཐུན་པར། སྲིད་དབང་གཅིག་བསྡུས་ལམ་ལུགས་ཆེས་སྡུག་ཤོས་ཞིག་ཆགས་ཡོད། ཕྱིར་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་དོར་སྣང་གཞི་ནས་མེད་པར་མ་ཟད། ཁོ་ཚོ་དབང་འཛིན་པ་ཁ་ཤས་ཞིག་གིས་གཡོ་རྒྱུའི་ཐབས་ལམ་སྣ་ཚོགས་ལ་བསྟེན་དེ། རིག་གནས་དང་དཔལ་འབྱོར་གྱི་མཐུན་སྐྱེན་ཞན་པའི་མི་སེར་ལ་དབང་བརྒྱུར་བཏང་བཞིན་པས་ངན་ཤུགས་འདི་ནམ་ཡང་བསྐྱུར་མི་ཐུབ་པ་ཞིག་ཆགས་ཟིན། དེར་བརྟེན་མི་དགེར་དང་ཡང་ན་ཚོགས་པ་གང་ཞིག་ཡིནའང་། ཁོ་ཚོའི་བསམ་བློའི་ཆབ་སྲིད་དེ་དང་མ་མཐུན་ཚེ། དུས་དང་བསྟུན་པའི་ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ནས་ཚར་བཅད། མ་ཟད་དངོས་སུ་དྲག་སྤྱོད་དང་འཇིགས་བསྐུལ་བྱས་དེ། ཚག་པར་དང་། དྲ་ཚིགས། བསྙན་ཕྲིན། དུས་དེབ། ཐ་ན་གླུ་དང་རྩེད་མོའི་རིགས་ཀྱང་དབང་བསྒྱུར་དང་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པ་རེད།

    Reply
  9. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    སྤྱིར་རྒྱ་ནག་གི་སྲིད་ཅུས་འདི་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་དང་ཡང་མི་མཐུན་པར། སྲིད་དབང་གཅིག་བསྡུས་ལམ་ལུགས་ཆེས་སྡུག་ཤོས་ཞིག་ཆགས་ཡོད། ཕྱིར་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་དོར་སྣང་གཞི་ནས་མེད་པར་མ་ཟད། ཁོ་ཚོ་དབང་འཛིན་པ་ཁ་ཤས་ཞིག་གིས་གཡོ་རྒྱུའི་ཐབས་ལམ་སྣ་ཚོགས་ལ་བསྟེན་དེ། རིག་གནས་དང་དཔལ་འབྱོར་གྱི་མཐུན་སྐྱེན་ཞན་པའི་མི་སེར་ལ་དབང་བརྒྱུར་བཏང་བཞིན་པས་ངན་ཤུགས་འདི་ནམ་ཡང་བསྐྱུར་མི་ཐུབ་པ་ཞིག་ཆགས་ཟིན། དེར་བརྟེན་མི་དགེར་དང་ཡང་ན་ཚོགས་པ་གང་ཞིག་ཡིནའང་། ཁོ་ཚོའི་བསམ་བློའི་ཆབ་སྲིད་དེ་དང་མ་མཐུན་ཚེ། དུས་དང་བསྟུན་པའི་ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ནས་ཚར་བཅད། མ་ཟད་དངོས་སུ་དྲག་སྤྱོད་དང་འཇིགས་བསྐུལ་བྱས་དེ། ཚག་པར་དང་། དྲ་ཚིགས། བསྙན་ཕྲིན། དུས་དེབ། ཐ་ན་གླུ་དང་རྩེད་མོའི་རིགས་ཀྱང་དབང་བསྒྱུར་དང་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པ་རེད།

    Reply
  10. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ཨ་ཁ་ ད་ང་ཚོ་ཧི་གཟུགས་ཐོག་འཛོམས་རྒྱུའི་རེ་བའང་ཆུང་དུ་སོང་།

    Reply
  11. སྒྲོལ་མ། says:
    ལོ་ 16 སྔོན།

    ཚོགས་ཆེན་དེའི་སྟེང་ནས་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་དག་ལ་འཇིགས་སྐུལ་བྱས་ཡོད་པ་མ་ཟད། དེའི་རྗེས་ནས་བཟུང་བོད་ཡུལ་གྱི་དྲ་ཚིགས་དང་ཚགས་པར་དུས་དེབ་ཁག་ལའང་དོ་དམ་ཆེ་རུ་བཏང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese