ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གིས་ལོ་གཅིག་གི་སྔོན་དང་བསྡུར་ན། ༢༠༠༩ ལོའི་དགུན་ཁའི་རྒྱ་ནག་གི་དཔལ་འབྱོར་གནས་བབ་དེ་བརྒྱ་ཆ་ ༡༠་༧ འཕར་ཡོད་ལ། ལོ་ངོ་ཧྲིལ་བོ་དེར་རྒྱ་ནག་གི་རྒྱལ་ནང་དཔལ་འབྱོར་འཕེལ་ཚད་དེ་ ༨་༧ ཡིན་ལ། འཕར་ཚད་འདི་ལྟར་ཕྱིན་ཚེ་ལོ་འདིའི་ལོ་མཇུག་ལ་རྒྱ་ནག་གིས་ཉི་ཧོང་བསྐྱུར་ཏེ། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པར་འཕར་རྒྱུ་ཡིན་འདུག
རྒྱ་ནག་གི་དཔལ་འབྱོར་དེ་འཛམ་གླིང་གི་ཨང་གསུམ་པ་ནས་ཨང་གཉིས་པར་འཕོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་སྐད་ཡིག་སྦྱོང་བའི་མྱུར་ཚད་དེའང་འཛམ་གླིང་གང་སར་མངོན་གསལ་གྱིས་འཕར་བཞིན་ཡོད་འདུག
ཨ་རིའི་གཞུང་གིས་ལོ་སྔོན་མར་བསམ་ཤོག་བསྡུས་པ་ལྟར་ན། འདས་པའི་ལོ་ ༡༠ རིང་དུ་གཞུང་གཉེར་སློབ་གྲྭ་སྟོང་ཕྲག་ལྷག་གིས་ཕྱི་རྒྱལ་གྱི་སྐད་ཡིག་སློབ་ཚན་རྣམས་མཚམས་འཇོག་བྱས་ཡོད་འདུག ཡིན་ཡང་། ཨ་རིའི་སློབ་གྲྭ་ཁྱོན་ཡོངས་སུ་རྒྱ་ཡིག་གི་སློབ་ཚན་འཁྲིད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་འདུག
སློབ་གྲྭ་འགའ་རེས་རྒྱ་ཡིག་སློབ་ཚན་གྱི་འགྲོ་གྲོན་དེ་སློབ་གྲྭ་རང་རང་གིས་མཁོ་གཏོང་བྱེད་ཀྱིན་ཡོད་མོད། བརྒྱ་ཕྲག་མང་པོ་ཞིག་ལ་གཞན་གྱི་རོགས་སྐྱོར་ཐོབ་ཀྱིན་ཡོད་འདུག རྒྱ་ནག་གཞུང་གིས་རྒྱ་ནག་ནས་ཐོན་པའི་དགེ་རྒན་མང་པོ་འཛམ་གླིང་གང་སར་གཏོང་གིན་ཡོད་ལ། དེ་དག་གི་འགྲོ་གྲོན་ཕྱེད་ཀ་རྒྱ་ནག་གཞུང་གིས་གཏོང་གི་ཡོད་འདུག
སྔོན་རྩིས་ཀྱི་མ་དངུལ་ཉག་ཕྲ་བའི་དུས་སྐབས་ཤིག་ལ། ཨ་རིའི་སློབ་གྲྭ་མང་པོ་ཞིག་ལ་མཚོན་ན་རྒྱ་ནག་གཞུང་གི་རོགས་སྐྱོར་འདི་ནི་ངོས་ལེན་མི་ཐུབ་པའི་ཚད་ཅིག་ག་ནས་ཡིན།
ཨ་རིའི་ཨོ་ཧེ་ཝོ་མངའ་སྡེའི་མཱ་སེལ་ལོན་གྲོང་ཁྱེར་གྱུ་ཇག་སོན་མཐོ་འབྲིང་སློབ་གྲྭའི་ནང་དུ་ ༢༠༠༧ ལོར་རྒྱ་ཡིག་གི་སློབ་ཚན་ཞིག་མགོ་བཙུགས་ཡོད་ལ། དེ་དུས་སློབ་ཕྲུག་ ༢༠ ཡོད། དེང་སྐབས་སློབ་ཕྲུག་ ༨༠ རུ་འཕར་འདུག སློབ་གྲྭ་དེའི་འཛམ་གླིང་སྐད་ཡིག་སྡེ་ཁག་གི་འགན་འཛིན་གྱིས་བཤད་དོོན། ང་ཚོར་རྒྱ་ཡིག་གི་དགེ་རྒན་གླ་མེད་དུ་རག་གི་འདུག ང་ཚོའི་སློབ་གྲྭའི་གཞི་རིམ་འཛིན་གྲྭའི་ནང་དུ་སི་པན་གྱི་སྐད་ཡིག་འཁྲིད་དགོས་བསམ་མོད། ང་ཚོར་སི་པན་གྱི་དགེ་རྒན་གླ་མེད་དུ་རག་གི་མི་འདུག་ཟེར།
༼ཇག་སོན་གྱི་རྒྱ་ཡིག་དགེ་རྒན་དེ་གླ་མེད་དུ་ཡོང་བ་མ་རེད། རྒྱ་ནག་དབུས་གཞུང་གིས་ཁོང་ལ་ཁ་གསབ་གྱི་གླ་ཆ་ཕྱེད་ཀ་སྤྲོད་བཞིན་ཡོད་འདུག ལྷག་འཕྲོས་རྣམས་སོ་སོའི་ས་གནས་རྫོང་གིས་སྤྲོད་ཀྱི་ཡོད་འདུག༽
གྲངས་ཀ་གཅིག་ཆོད་ཅིག་མེད་རུང་། ཨ་རིའི་གཞུང་གི་བསམ་ཤོག་བསྡུ་རུབ་ཀྱི་ཚོད་རྩིས་ལྟར་ན། ཨ་རིའི་གཞུང་གཉེར་དང་སྒེར་གཉེར་སློབ་གྲྭ་ ༡༦༠༠ ལྷག་གི་ནང་དུ་རྒྱ་ཡིག་སློབ་ཚན་ཡོད་ལ། འདས་པའི་ལོ་ ༡༠ ཡར་སྔོན་དུ་རྒྱ་ཡིག་ཁྲིད་མཁན་གྱི་སློབ་གྲྭ་ ༣༠༠ མ་གཏོགས་མེད།
༡༩༨༠ གྱ་གྲངས་ནང་དུ་ཉི་ཧོང་ནི་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་གྱི་རྒྱལ་ཁབ་ཅིག་ཏུ་བསླེབས་པ་དང་བསྟུན་ཨ་རིའི་སློབ་གྲྭ་མང་པོ་ཞིག་གི་ནང་དུ་ཉི་ཧོང་གི་སྐད་ཡིག་ཁྲིད་མགོ་བརྩམས། ཡིང་ཡང་ད་སྐབས་སློབ་གྲྭ་སྟོང་ཕྲག་མང་པོས་ཉི་ཧོང་གི་སྐད་ཡིག་སློབ་ཚན་མཚམས་བཞག་ཡོད་འདུག
སློབ་མཚམས་བཞག་པ་ནི་ཉི་ཧོང་གི་སྐད་ཡིག་གཅིག་པུ་མིན་པར། ཧྥུ་རན་ཆི། འཇར་མན། ར་ཤི་ཡན་སྐད་ཡིག་སློབ་ཚན་དག་ཀྱང་མཚམས་བཞག་ཡོད་འདུག
དྲ་གྲོགས་ཚོས་ཕན་ཚུན་རང་ལྟ་མཆོག་འཛིན་གྱི་ར་བ་ལས་ཡོངས་སུ་བརྒལ་ནས་བློ་མཐུན་ངང་བརྡ་ཆད་བསྒྱུར་རྒྱུའི་ཐད་བགྲོ་གླེང་ལ་ཞུགས་པར་སྙིང་ནས་ཡིད་རངས་དང་འབད་པ་མུ་མཐུད་བསྲིང་རོགས་ཞུ་རྒྱུ་ཡིན།ང་ཚོས་རྒྱ་ཡིག་ངེས་པར་དུ་སྦྱོང་དགོས་པ་འདུག།དེ་དཔལ་འབྱོར་གྱི་ཆེད་མིན་པར་ཕུགས་རྒྱང་རིང་པོའི་དགོས་དམིགས་དུ་མ་ཞིག་ཡོད་པ་འདོད།
སྐྱེས་ལྡན་ཁྱོན་སྤུངས། སོགས་ལྟ་བུར་གོ
སྐྱེས་ལྡན་བསགས་སྤུངས། སོགས་གསར་བཟོ་བྱས་པ་ལས་ཚིག་འཛོད་ནང་ལ་རྙེད་མ་སོང་།
biomass=སྐྱེས་ལྡན་བསགས་ཕུང་། སྐྱེས་སྲོག་ཕུང་པོ། སྐྱེས་སྲོག་བསྡུ་རུབ།
དགུ་ཚིགས་སྐྱ་མོ་ལགས་ནས་ཀྱང་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་གནང་།
འོན་ཀྱང་ངས་གོང་གི་དེ་བདམས་ཡོད།
GDP ཞེས་པའི་དཔལ་འབྱོར་རིག་པའི་བརྡ་ཆད་འདིའི་ཐད་ཀརྨ་རྡོ་རྗེ་ལགས་ཀྱི་དགོངས་ཚུལ་དེ་དངོས་གནས་ཡག་པོ་བྱུང་། ཐུགས་རྗེ་ཆེ།
ངས་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་ཞེས་འབྲི་རྒྱུ་ཡིན།
Biomass དབྱིན་ཚིག་འདིའི་སྐད་དོད་ཅིག་གསུང་རོགས་ཞུ།
Gross Domestic Product.༼ནང་གི་ཐོན་སྐྱེད་རྩ་འབོར༽ཞེས་བསྒྱུར་ན་ག་འདྲ་འདུག
Gross Domestic Product ཞེས་པའི་ཐ་སྙད་འདི་དོན་བརྒྱུར་བྱས་ན། ༼དཔལ་འབྱོར་འབོར་ཚད་༽ ཞེས་བརྒྱུར་ན་མི་འགྲིག་རྒྱུ་མི་འདུག་རྙམས། དཔལ་འབྱོར་འབོར་ཚད་ལ་རྒྱལ་ཕྱིའི་དཔལ་འབྱོར་འབོར་ཚད་དང་། ཡང་རྒྱལ་ཁབ་རེ་རེའི་དཔལ་འབྱོར་འབོར་ཚད་སོགས་སྦྱར་ཆོག་པ་འདྲ། དེ་བཞིན་ལོ་དང་ཟླ་བའི་དཔལ་འབྱོར་འབོར་ཚད་སོགས་་་་་་་
དྲ་གྲོགས་ནགས་མེ་ལགས་ནས་ Gross Domestic Product ཅེས་པའི་དཔལ་འབྱོར་རིག་པའི་ཐ་སྙད་ཅིག་གསུངས་སོང་། དེ་རིང་ང་ཐ་སྙད་འདིའི་སྐད་དོད་ཀྱི་བོད་ཚིག་སྙིང་རྫེ་པོ་ཞིག་མ་རེག་པར་བསྡད་ཡོད་པའི་སྐབས་ཡིན་གལ་ཏེ་ཁྱེད་ནས་སམ་ཡང་ན་བཀུར་འོས་དྲྭ་གྲོགས་སུ་འདྲ་ཞིག་ལ་ཐ་སྙད་འདིའི་སྐད་དོད་བོད་བརྡ་འབོད་བདེ་ཞིག་གསུང་རྒྱུ་ཡོད་ན་ངེས་པར་གསུང་རོགས་ཞུ།
གོང་བཀོད་གསར་འགྱུར་ནང་རྒྱལ་ནང་གི་དཔལ་འབྱོར་ཞེས་པའི་ཐ་སྙད་ཅིག་བཀོལ་འདུག་ཀྱང་དེ་ Gross Domestic Product གི་སྐད་དོད་ལ་བཀོལ་ན་གཞན་དང་ནོར་འཛོལ་མེད་པར་གོ་བརྡ་གསལ་སྤྲོད་ལ་ད་དུང་དཀའ་ངལ་མེད་དམ་སྙམ།
འཛམ་གླིང་གང་ས་ནས་དཔལ་འབྱོར་གྱི་རྐྱེན་པའི་རྒྱ་ཡིག་སྦྱོང་དགོས་ཐུག་ན་ང་ཚོ་ལ་ཅི་ཁག། ངེས་བར་དུ་མི་འདོད་སྦྱོང་དགོས་ངེས་ཤིས་རེད། འོན་ཀྱང་རྡ་སའི་བླ་རྒན་སྐེ་འཁྱོགས་དང་སྐུ་དྲག་གི་དྲི་མ་ཡལ་བའི་གླེན་པ་བྱབ་ཆུང་བ་འགའ་དགའ་མིན་མི་ཤེས། གང་ལྟར་འཛམ་གང་ས་ནས་དཔལ་འབྱོར་གྱི་ཆེད་དུ་རྒྱ་ཡིག་སྦྱངས་དགོས་ན་ང་ཚོར་དཔལ་འབྱོར་གྱི་འབྲེལ་བ་མེད་ཀྱང་ཆབ་སྲིད་ཀྱི་ཆེད་དུ་ངེས་བར་སྦྱོངས་ཐུབ་ན་ཡོན་ཏན་ལས་སྐྱོན་མེད་པར་བསམ། དེར་བརྟེན་ང་ཚོས་ཆབ་སྲིད་རྩོད་ན་དགྲ་ཡིན་རུང་དགྲ་ཡི་སྐད་ཡིག་ངེས་བར་དུ་སློབ་དགོས་ཀྱིན་འདུག།
ཧི་གཟུགས་ཟིན་བྲིས་གཏན་དུ་སྒོ་རྒྱག་རྩིས་རེད། སྐྱོ་བ་ལ། གཤམ་གྱི་དྲ་གནས་ལ་ལྟོས་དང་།
http://222.186.191.24/blog/
ཁོ་རེ་ཚོ་ཧོལ་རྒྱུག་མ་བྱེད། རྒྱ་ནག་གི་དཔལ་འབྱོར་ཨང་རིམ་གཉིས་པར་ཐོན་འདུག་ཟེར་བ་འདི་GDPབརྒྱ་ཆའི་གྲངས་འབོར་ཙམ་རེད། འདིས་རྒྱལ་ཁབ་གང་ཞིག་གི་ཁ་ཡོད་ལག་ཡོད་ཀྱི་དཔལ་འབྱོར་གནས་སྟངས་ཕྱིར་མཚོན་ཐུབ་ཀྱི་མེད། གལ་ཏེ་ཧེ་བག་མེད་པར་རྒྱལ་ཁབ་ཚོའི་དཔལ་འབྱོར་གནས་སྟངས་འཇལ་དགོས་ན། དེ་ནི་རྒྱལ་ཡོངས་ཀྱི་ལོ་རེའི་ཡོང་འབབ་མི་སྒེར་ལ་ཆ་སྙོམས་ཀྱིས་བགོ་བཤའ་རྒྱག་དགོས་པ་རེད། དེ་ལྟར་བྱས་ན་དངོས་གནས་དྲང་གནས་ཀྱི་དཔལ་འབྱོར་གནས་ཚད་རྒྱུས་ལོན་ཐུབ་པ་རེད། འདི་ལྟར་བགོ་བཤའ་བྱས་ཏེ་ལྟ་དུས་ཨ་རིའི་ལོ་རེའོ་ཡོང་འབབ་མི་རེར་ཆ་བགོས་བྱས་པས་ཨ་སྒོར༤༧༠༠༠ཙམ་ལོན་གྱི་ཡོད། ཐེ་ཝན་བ་ཚོ་ཨ་སྒོར༢༠༠༠༠ཙམ་ཟིན་གྱི་ཡོད། འོན་ཏེ་རྒྱ་ནག་མི་རེར་ཨ་སྒོར་༣༠༠༠ལྷག་ཙམ་ལས་ཐོབ་ཀྱི་མེད། དེས་ན་རྒྱ་ནག་གི་དངོས་ཡོད་དཔལ་འབྱོར་གནས་སྟངས་ནི་འཛམ་གླིང་ནང་ཨང་གྲངས༦༠–༧༠ཙམ་ལས་སླེབས་ཐུབ་ཀྱི་མེད་པས་ཅར་འདྲོགས་མ་བྱེད།
དེ་རིང་ནི་རྡ་སར་ཡོད་པའི་བོད་པ་ཁ་ཤེས་ཞིག་གི་རྒྱ་ཡིག་འཛིན་གྲྭ་ཞིག་འཛུགས་འདོད་ཡོད་པའི་བསམ་ཚུལ་ཐོས་བྱུང་། བདག་གིས་གནས་ཚུལ་འདིའི་ཐད་ལ་ཕན་གནོད་གང་ཡོད་ལན་འདེབས་མ་ཤེས།
དྲ་གྲོགས་ཚོ་འདིའི་ཐད་ལ་དགོང་ཚུལ་ག་འདྲ་ཡོད་གསུང་རོགས་ཞུ།
དྲ་རོགས་ཛཱ་ཏི་ལགས་ཀྱི་རིན་མེད་ཐོག་ཕྱི་མི་ལ་བོད་ཡིག་སློབ་ཀྱིན་ཡོད་པར་ཐུགས་རྗེ་ཆེ།
ཨོ་་སྤུན་ཟླ་ཚོ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ད་དེ་རིང་དུས་བབས་ཚང་ལ་འགྲོ་སའི་ལམ་ཁ་དེ་གཞི་ནས་རྙེད་ཡིན་ས་རེད།
དགའ་པོ་བྱུང་། རྗེས་སུ་མཆན་ཐུང་རེ་ཙམ་འདེབ་ཨེ་ཐུབ་ལ་འབད་ཀྱི་ཡིན།
དྲ་གྲོགས་ཚོ་ ང་དུས་བབས་ཚང་ལ་འགྲོ་བའི་ལམ་རྒྱུས་མེད་པས་ཐེངས་མང་སོང་ཡང་མུན་ནག་མདའ་འཕེན་རེད་འདུག
རྒྱ་རགས་ལགས། འཛམ་གླིང་རྒྱ་ཡི་འོག་ཏུ་འགྲོ་རྒྱུ་རེད་རྙམས་པའི་འཇིགས་སྐྲག་དེ་འདྲ་དགོས་རྒྱུ་མ་རེད། ཁྱེད་རང་ཐུགས་ལྷོད་ལྷོད་ངང་ནས་རང་གི་བྱ་གང་ཞིག་བསྒྲུབ་ཀྱིན་ཡོད་ན་དེ་ལ་བརྩོན་དང་།
དེ་ལྟ་བུའི་ལྟ་བ་དེ་ནི་འཇིགས་སྐྲག་ལས་བྱུང་བ་ཞིག་རེད། ཨོ་རྒྱན་པདྨའི་དཀའ་གསུངས་ཡང་ལོང་བསྟན་མ་གྱུར་བ་མངོན་སུམ་རེད།
ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག་ཅེས་པའི་ལུང་བསྟན་ཞིག་ཡོད་ཟེར་བ་དེར་ཐ་མ་འཛམ་གླིང་རྒྱ་ཡི་འོག་ཏུ་འཇུག་ཅེས་བཟོ་བཅོས་ཤིག་རྒྱག་དགོས་པ་མིན་འགྲོ། དེ་མིན་ལུང་བསྟན་དེ་༼ ལོང་བསྟན༽དུ་འགྱུར་ཉེན་ཡོད་པ་རེད།
ང་ལྟ་བུ་ལ་མཚོན་ན་ཤེས་ཀྱང་བེད་སྤྱོད་མི་འདུག་་་་་ང་རང་ཆུང་དུས་་ཁྲལ་གྱིས་དེད་དེ་སློབ་གྲྭར་འགྲོ་མྱོངརྒྱའི་སྐད་ཡིག་ཅུང་ཙམ་ཤཻས་ཀྱི་ཡོད་་་་ཡིན་ནའང་ད་སྔ་སྐད་ཡིག་དེས་ཉི་མ་གཅིག་ལ་ཕན་ཐོགས་ཤིག་བྱུང་མ་སོང་་་་་དེ་ལས་བོད་སྐད་གཙང་མ་ཞིག་ཤེས་ན་ཡག་པོ་རེད། ཧཧཧཧ་ཀུ་རེ་ཡིན་དཱ་་་་་་་
རྒྱ་ནག་ཨང་གཉིས་པ་ནང་གཡོ་རྒྱུགས་བྱས་འདུག་པ་ཁྱད་འཚར་རེད།
་་་་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གང་འདྲ་ཡོད་དམ།
རྒྱ་ཡིག་སྦྱོང་དགོས་ཀྱང་། ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འོག བོད་རིགས་ཚོས་དང་པོ་བོད་ཡིག གཉིས་པ་ཨིན་ཡིག གསུམ་པ་རྒྱ་ཡིག་སོགས་སྦྱོངས་དགོས་སྙམ། །
བོད་ནང་བོད་ཡིག་རྒྱལ་འགྱུར་ཅིག །
ངས་ཚོར་སྣང་ལ་བོད་རྒྱ་གྲོས་མོལ་གྱི་སྐབས་སུ་ཡང་རྒྱ་སྐད་ཤེས་མཁན་མེད་པ་དང་ཡོད་ཀྱང་རྒྱ་གཞུང་གིས་ངོས་ལེན་མེད་པ་འདིས་ཁོ་ཚོར་དཀའ་ངལ་ཞིག་འཕྲད་ཀི་ཡོད་སྣང་ཤར།
དེང་སང་རྒྱ་ཡིག་གཅིག་བུ་མིན་པར་བོད་ཡིག་ཡང་དེ་བཞིན་ཕྱི་གླིང་བ་སྦྱོང་མཁན་མང་བོ་ཡོད། དེ་ཚོ་ལ་རིན་མེད་ཀྱིས་སློབ་ཁྲིད་གནང་ན་ཕྱིས་འབྱུང་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་ཡོང་གི་རེད། ཁ་བཤད་ཙམ་མིན་པར་རང་ངོས་ནས་ཕྱི་གླིང་བ་བརྒྱ་ཕྲག་ཁ་ཤས་ལ་བོད་ཡིག་གི་འབྲི་ཀློག་ཙམ་སློབ་ཁྲིད་བྱས་དང་བྱེད་བཞིན་པ་ཡིན།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་། ལེགས་སྦྱར་གྱི་སྐད་དེ་སྦྱོང་བ་ལས་སྔོན་ཆད་ནས་རྒྱ་ཡིག་སྦྱངས་ཡོད་ན་ཕན་ཐོགས་ཅུང་ཡོད་སྲིད།
ལེགས་སྦྱར་གྱི་སྐད་ཡིག་སྦྱངས་ཏེ། བོད་པ་ནི་དེས་ཕན་མི་ཐོགས། རྒྱ་གར་བ་ནི་དེས་ཕན་མི་ཐོགས། མཚམས་རེར་རྒྱ་གར་གྱི་ཆོས་པ་དེ་འདྲར་ཅིག་གསུང་ནས་བསྡད་འདུག ད་གང་ཡིན་ལབ་དགོས་པ་རེད།
དགྱ་ཡིག་སྦྱངས་རྒྱུ་དེ་གལ་ཆེན་པོ་རེད་འདུག ང་རང་ཚོའི་གཞུང་ཞབས་ཚོས་ཀྱང་ལས་ཞོར་དུ་དགྱ་ཡིག་སྦྱངས་རྒྱུ་དེ་གལ་ཆེ་བར་མཐོང་སོང་། དེ་ལ་ལས་ཞོར་སློབ་གྲའམ་མཚན་མོའི་སློབ་གྲ་ལྟ་བུ་འཛུགས་ཐུབ་ན་ཡག་པོ་འདུག
རྗེས་སུ་རྒྱུས་ལོན་བྱས་པ་ལྟར་ན། སྨན་ཁང་དེའི་སྨན་པ་སྔོན་ཆད་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་དམག་མི་ཞིག་ཡིན་འདུག་ལ། ད་ལྟ་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་སྨན་ཁང་ཕྱེ་ཏེ་ལོ་བཅུ་ལྷག་འགོར་ཡོད་པ་དང་། ལོ་རེར་བལ་ཡུལ་གྱི་སློབ་མ་ ༣༠ རེ་བསྡུ་རུབ་བྱས་ཏེ། རིན་མེད་ཐོག་ཟ་མ་དང་སློབ་སྦྱོང་སྤྲོད་ཀྱིན་འདུག སྔོན་ཆད་བོད་པ་རེ་ཟུང་རྒྱ་ནག་མ་དེའི་སློབ་ཁྲིད་ལ་འགྲོ་མྱོང་ཡོད་ཀྱང་རྗེས་སུ་མི་གཅིག་ཀྱང་མི་འདུག་ཟེར་་་་་་་་་་་་་་་་་་
དེང་སང་དཔལ་འབྱོར་གྱི་བྲན་གཡོག་ལས་འགྲོ་བ་མིའི་གཞི་རྩའི་རང་དབང་ལ་འགན་འཁུར་མེད་པའི་དཔལ་འབྱོར་འགྲན་རྩོད་ཆེ་བའི་ཁོར་ཡུག་གང་ས་ནས། རྒྱ་ཡིག་སྤྱོང་མཁན་ཇེ་མང་རེད། དཔེར་ན། རྒྱལ་ཁབ་འདིས་ནང་དུ་ཡང་རྒྱ་ཡིག་སྤྱོང་བ་དེ་ནི་ཚོང་ལས་ཡར་རྒྱས་གཏོང་བྱེད་ཀྱི་རྒྱུ་ཆ་ཞིག་དུ་འདོད་བཞིན་ཡོད། དེས་ན་བོད་པ་དག་གིས་རང་སྐད་བཞག་ནས་རྒྱ་སྐད་སྤྱོང་བ་དེ་གཉིས་གཏན་ནས་འདྲ་བོ་མིན།
ཨ་རི་སོགས་འཛམ་གླིང་སྔོན་ཐོན་རྒྱལ་ཁབ་ཁག་ཏུ་རྒྱ་ཡིག་སློབ་པའི་ཚ་རླབས་འཕྱུར་བ་དངོས་ཡོད་ཡིན་སྲིད། ཉེ་ཆར་ང་བལ་ཡུལ་དུ་ཕྱིན་པའི་སྐབས་སུའང་། མཆོད་རྟེན་ཉེ་འགྲམ་གྱི་རྒྱ་ནག་གི་སྨན་ཁང་ཞིག་ཏུ་བལ་ཡུལ་གྱི་ཡུལ་མི་སྐོར་ཞིག་ལ་རྒྱ་ཡིག་སློབ་ཁྲིད་བྱེད་ཀྱིན་འདུག བཤད་སྲོལ་ལ་ཁོང་ཚོས་བལ་ཡུལ་ནང་སློབ་སྦྱོང་གང་འཚམ་བྱས་རྗེས་རིན་མེད་ཐོག་རྒྱ་ནག་གི་སློབ་གྲྭར་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཞིག་སྨན་ཁང་དེའི་སྨན་པས་བཤད་ཀྱིན་འདུག
ལོ་ཤས་གོང་དུ། ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭ་སོགས་སུ་རྒྱ་ཡིག་གི་སློབ་ཚན་ཞིག་ཡོད་པ་དྲན་གྱི་འདུག དེང་སྐབས་གང་འདྲ་ཡོད་མེད་མ་ཤེས།
འུ་ཚང་གི་ཨ་ཞང་དྲིན་ཆེན་འདི་བ་ཚང་། དངོས་ནས་ཡར་རྒྱས་འགྲོ་བཞིན་འདུག དེ་དང་ལྷན་དུ་འུ་ཚང་ཡང་འདི་བ་ཚང་གིས་ཚར་གཅོད་གཏོང་བར་ཐག་རིང་བོ་ཞིག་མི་འགོར་བར་སྔོན་བརྡ་ཡང་མང་བོ་ཞིག་གཏོང་གི་འདུག
རེད་རེད། དགྱ་ཡིག་དེ་ངེས་པར་དུ་ཤེས་དགོས་པ་འདུག