མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་གཟུཊ་ཟིན་བྲིས་ཀྱི་གསལ་བརྡ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༡ ཉིན་ཧི་གཟུགས་ཟིན་བྲིས་ཀྱི་དོ་དམ་པས་མཆོད་མེ་པོད་ཁུག་བརྒྱུད་དེ། ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་ཡོད་བའི་ནང་བཀོད་དོན། “གསལ་བརྡ། རྐྱེན་གང་རུང་གི་དབང་གིས་དྲ་ཚིགས་ཁ་མི་རྒྱག་ཐབས་མེད་བྱུང་། དེར་བརྟེན་གྲོགས་པོ་ཚོའི་རྩོམ་ཡིག་གལ་ཆེན་ཡོད་ན་མྱུར་དུ་ཕབ་ལེན་དང་ཉར་ཚགས་བྱོས། རྒྱུ་རྐྱེན་ང་ཚོའི་ཁེའུ་ཁེའུ་ཁྱུ་ཚོགས་སུ་གསལ། ༡༨༩༩༥༨༩༡ ནང་གསལ། ཞེས་དང་། སྔར་གྱི་ཧི་གཟུགས་དྲ་ཚིགས་སུ་འདི་ནས་འཇུག་དགོས་ ( http://222.186.191.24/blog/ )” ཞེས་དོ་བདག་སོ་སོའི་རྩོམ་ཡིག་ཉར་ཚགས་དང་ཟུར་འདོན་བྱ་སའི་གནས་སྐབས་རིང་གི་ཁ་བྱང་ཞིག་བཞག་འདུག

འདས་མ་ཐག་པའི་ལོ་མཇུག་ཏུ་རྒྱ་གཞུང་གིས་བོད་ཁུལ་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཁག་ལ་དོ་དམ་ཤུགས་ཆེ་རུ་བཏང་བ་ནས་བཟུང་། བོད་ཁུལ་གྱི་དྲ་ཚིགས་དང་ཚགས་པར་སོགས་གསར་འགྱུར་བརྒྱུད་ལམ་ཁག་ལའང་དོ་ཕོག་ཆེན་པོ་བཏང་ཡོད་ལ། ཟླ་འདིའི་ཚེས་མགོ་ནས་ (བོད་ཀྱི་སྐད་ཡིག) དང་། (ཧི་གཟུགས་ཟིན་བྲིས) (མཆོད་མེ་པོད་ཁུག) (གངས་གཞོན་གླེང་སྟེགས) སོགས་ཀྱང་སྒོ་རྒྱག་དགོས་བྱུང་ཡོད། ཕྱི་ཚེས་ ༡༩ ཉིན་ (མཆོད་མེ་པོད་ཁུག) དང་། (གངས་གཞོན་གླེང་སྟེགས) གཉིས་བསྐྱར་དུ་སྒོ་འབྱེད་ཐུབ་ཙམ་བྱུང་ཡོད་མོད། བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེ་བའི་(ཧི་གཟུགས་ཟིན་བྲིས) ཀྱང་བསྐྱར་དུ་སྒོ་འབྱེད་ཐུབ་པར་མང་པོ་ཞིག་གིས་རེ་ལྟོས་བྱས་ཡོད་ཀྱང་། ཁ་སང་སྔ་དྲོར་ཧི་གཟུགས་དྲ་བའི་དོ་དམ་པས་མཆོད་མེ་པོད་ཁུག་བརྒྱུད་དེ། གོང་གི་གསལ་བསྒྲགས་ཏེ་ཡོངས་ཁྱབ་ཏུ་སྤེལ་དགོས་བྱུང་ཡོད་སྟབས། བོད་ཡིག་དྲ་དམངས་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད། དེ་ལ་བོད་ནང་གི་དྲ་ཚིགས་དག་ཏུ། ཐེངས་འདིར་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་རྩ་ཆེན་ཞིག་ཆད་ཅིང་། ངལ་གསོ་ཙམ་བྱེད་སའི་རང་དབང་གི་སྒོ་མོ་གལ་ཆེན་ཞིག་བརྒྱབས་སོང་། ཞེས་གླེང་སློང་བྱེད་ཀྱིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༦ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 14

  1. རོ་བདག says:
    ལོ་ 17 སྔོན།

    དུས་བབ་འདིར་ཧིན་གཟུགས་གསལ་བརྡ་འགོད་པ་པོ་ལགས
    སོ་སོས་རྩོམ་ཡིག་ཧིན་གཟུགས་ལས་ཇི་ལྟར་ཕྱིར་འཐེན་བྱེད་དགོས།
    ཐོ་འགོད་དང་ཟིན་ཐོ་ཟིན་བྲིས་སོགས་སྒོ་རྒྱབ་འདུག ཐབས་ལམ་གཞན་གང་ཡོད་འགྱོགས་པོ་ལམ་སྟོན་ཞིག་གནོང་རོགས་ཞུ།

    Reply
  2. karma dorje says:
    ལོ་ 17 སྔོན།

    ཧི་གཟུགས་ཟིན་བྲིས་སྒོ་བརྒྱབས་ནས་བོད་རིགས་མང་པོར་སྙིང་ཟུག་དང་རྨ་ཁ་གསར་པ་མང་པོ་ཕྱེས་པ་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ག་ལེར་ཡོད་པ་དེ་དག་ཚར་ནས་འགྲོ་བཞིན་ཡོད་ཀྱང་། འུ་ཅག་གིས་ཕྱི་ནས་སེམས་སྡུག་རེ་བྱེད་རྒྱུ་ལས་གང་ཡང་ལུས་མེད་པ་རེད་དམ་ཅི།

    Reply
  4. ཕུན་ཚོགས ། says:
    ལོ་ 17 སྔོན།

    ཟིན་བྲིས་འདི་སྒོ་རྒྱག་དགོས་པའི་རྒྱུ་རྐྱེqqདྲ་ཚོགས་་སུ་གསལ་ཞེས་བཀོད་ཡོད་མོད།དེ་ལ་འབྲེལ་མཐུད་གང་མང་བྱས་ཀྱང་ལན་ཅི་ཡང་རེག་གི་མི་འདུག

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ང་ཚོས་བརྡ་འཕྲིན་དུས་རབས་ཀྱི་ཁྲོད་ནས་རང་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་བའི་རྐྱེན་གྱིས། བོད་གཞིས་བྱེས་གཉིས་ཀྱི་མཛའ་གཙུགས་གསེར་ཟམ་དེ་དག་ད་གཟོད་བསྐྱར་གསོ་བྱ་ཐབས་བྲལ་བར་གྱུར། ཀྱེ་མ་ཀྱི་ཧུད།

    དྲན་སྐུལ་ཞུ་རྒྱུ་ཞིག་ལ། ད་ལྟ་བོད་ཀྱི་དུས་བབ་དྲ་བའི་ཟིན་བྲིས་པ་ཚོས་ཀྱང་། རང་རང་གི་ཟིན་བྲིས་ནང་གི་རྩོམ་ཡིག་ཁག་ཟུར་འཇོག་མ་གནང་ན། ནམ་ཞིག་དྲ་རྒྱའི་བརྒྱུད་ལམ་འདི་རིགས་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་མིན་སུས་ཀྱང་བརྗོད་ཐབས་བྲལ་བས། དེ་དོན་ཡིད་འཇགས་གནང་རོགས།།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དྲ་གྲོགས་བོན་རྒྱ་ལགས། འདིར་ལམ་སྟོན་བྱ་རྒྱུ་གང་ཡང་ད་སྔ་རེག་མ་སོང་། ཁྱེད་ཀྱིས་བཤད་པ་ལྟར། ཧི་གཟུགས་དྲ་བ་ཁ་འབྱེད་ཐུབ་ཙམ་ལས་སོ་སོའི་ཟིན་བྲིས་ནང་འཛུལ་ཐུབ་ཀྱིན་མི་འདུག་ལ། ཟིན་བྲིས་ཀྱི་ཆ་ཤས་མང་པོ་ཞིག་ཀྱང་བེད་མེད་ཆགས་འདུག

    Reply
  7. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། མི་སྒེར་གྱི་རྩོམ་ཡིག་ལེན་སྟངས་ལམ་སྟོན་རེ་ནུས་ན་བཀའ་དྲིན་ཆེན་པོ་རེད། ཧི་གཟུགས་སྒོ་འབྱེད་ནུས་ནའང་ནང་འཛུལ་མི་ནུས་ལ་ཕྱོགས་གང་ནས་ཐབས་ཤེས་བྱས་ཀྱང་ངའི་ཟིན་བྲིས་སྒོ་འབྱེད་ནུས་ཀྱི་མི་འདུག ཨང་ཀི་དེ་ཚོ་ལ་འབྲེལ་བ་བྱེད་སྟངས་ཀྱང་མི་ཤེས་ཀི།

    Reply
  8. མི་ཞུན། says:
    ལོ་ 17 སྔོན།

    ད་ཚར་སོང་ནི་རེད། ཨ་ཁ། མགོ་ལ་སྟ་རེ་གཞུ་རྒྱུ་དེ་ཚོ། རོ་ས་འོག་ལ་འཇུག་རྒྱུ་དེ་ཚོ། ཁ་ནང་ལ་ཐལ་སྐྱ་ལྡུག་རྒྱུ་དེ་ཚོ།

    Reply
  9. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ཧི་གཟུགས་དྲ་ཚིགས་འདི་བོད་ཕྱི་ནང་གཉིས་ཀྱིས་སྤྱོད་བཞིན་པའི་སྨྲ་བརྗོད་ཀྱི་གླེང་རྟེགས་ཤིག་ཡིན་པ་ཤེས་ནས་རྐང་བཙུགས་ནས་སྒོ་རྒྱབ་ཡོད་ཤགས་རེད།
    རང་ཉིད་ཀྱིས་ཀྱང་སྔོན་མ་ནས་དྲ་ཚིགས་འདི་ཉིན་ཞིག་རྒྱག་རྒྱུ་རེད་འདོད་ཡོད། ད་ཏག་ཏག་རྒྱབ་འདུག་ག།
    ད་བོད་ཕྱི་ནང་གི་ཤེས་ཡོན་པ་ཁག་ཅིག་གི་འབྲེལ་ཟམ་བཅད་འདུག།
    ད་ང་ཚོས་ཅི་བྱས་ན་དགའ། མངོན་གསལ་གྱི་སྨྲ་བརྗོད་རང་དབང་འདི་ལྟར་བཀག་ན་རྒྱ་ནག་ཁ་ནས་བཤད་བཞིན་པའི་དམངས་གཙོ་དང་རང་དབང་སོགས་གོ་ལྡོག་འདུག་ག།
    ང་ལ་མཚོན་ན་དུས་བབས་ཚང་ཧི་གཟུགས་ཚང་གཉིས་རང་ཉིད་དགའ་ཤས་ཀྱི་དྲ་ཚིགས་ཡིན། འོན་ཀྱང་ད་ཚར་འདུག། རྗེས་ཕྱོགས་དུས་ཚང་ལ་ཡང་འདི་ལྟར་འདྲེ་ལག་མི་སྐྱོངས་བའི་ངེས་བ་མེད། རྡ་སར་ཡོད་རུང་གང་གཟབ་བྱོས།
    རྒན་པོའི་རེ་བ་ཉག་ཅིག་ཡིན།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ཡང་ཉི་མ་ཞིག་ལ་བཙོན་གྲོལ་ཐོབ་ཡོང་རྒྱུ་རེད་་་ཚང་མ་རྒྱུ་མིའི་ཁྲིམས་འོག་ན་འགྲོ་དགོས་པ་རེད།་་

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ཡང་ཉི་བ་ཞིག་ལ་བཙོན་གྲོལ་ཐོབ་ཡོང་རྒྱུ་རེད་་་ཚང་མ་རྒྱུ་མིའི་ཁྲིམས་འོག་ན་འགྲོ་དགོས་པ་རེད།་་

    Reply
  12. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    དྲ་བར་ཞུགས་ནས་ཐོ་འགོད་བྱེད་ཐུབ་ན་མི་འདུག་ཁར། རང་རང་གི་ཟིན་བྲིས་འཚོལ་ཆེད་འཚོལ་གཤེར་ཡང་བྱེད་ཐུབ་པ་མི་འདུག ད་གང་དྲགས།

    Reply
  13. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ཨོ་་་ད་ཡིན་བོད་ཕྱི་ནང་གཉིས་ཀྱི་མཛའ་བརྩེའི་ཟམ་པ་གཅིག་ཞིག་ཐལ། རྒྱ་འདྲེ་ཤུལ་ཆད་རྒྱུ་དེ་ཚོ།

    Reply
  14. ཡོན་བྷེ། says:
    ལོ་ 17 སྔོན།

    ཨ་ཁ་ཁ། བོད་ཕྱི་་ནང་གཉིས་ཀྱི་རྩོམ་པ་པོ་དག་གི་བརྒྱུད་ལམ་གཅིག་གི་སྟེང་ནས་ཕན་ཚུན་བར་བསམ་ཚུལ་གླེང་སློང་བྱེད་སའི་དྲྭ་བ་ཚད་ལྡན་ཞིག་ཡོད་པ་དེ་ཧི་གཟུགས་རེད། འདི་སྒོ་ཕྱེ་བ་ལ་རེ་ལྟོས་ཆེན་པོ་བྱས་ཡོད། གང་ལྟར་ཚར་སོང་ཟིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese