ཀླུའི་ཟིན་བྲིས་ལས་བཤུས།
སྤྱི་ཚེས་ ༡༥ ཉིན་བོད་ནས་རྐང་ཐང་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་བོད་མི་ ༢༢ བལ་ཡུལ་གྱི་མཐའ་མཚམས་བླ་མ་བྷ་ཛར་ཞེས་བ་ནས་རྡོ་ལ་ཁ་ས་གནས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱེད་ཐབས་བྱས་བར་བོད་མི་མང་ཆེ་བ་བྲོས་ཐར་བྱུང་བ་དང་། བུ་བརྒྱད་དང་བུ་མོ་གཉིས་བཅས་མི་ ༡༠ ཉེན་རྟོག་པས་འཛིན་བཟུང་བྱས་པར་མ་ཟད། ད་ཆ་ཕྱི་མི་ཞིབ་གཤེར་ལས་ཁུངས་ནས་རྒྱལ་སྤྱིའི་སྐྱབས་བཅོལལས་ཁུངས་བརྒྱུད་བོད་གཞུང་སྣེ་ལེན་ཁང་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། སྐབས་དེར་བྲོས་ནས་ཁ་འཐོར་ལ་སོང་བའི་བོད་མི་བཞི་ནས་གཉིས་བསྐྱར་དུ་བལ་ཡུལ་གྱི་རྡོ་བླ་ཁ་རྫོང་ཁོངས་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ལ། མི་གཉིས་ནི་ཐབས་ཤེས་འདྲ་མིན་བརྒྱུད་ཉིན་མཚན་དྲུག་གི་རྗེས་སྣེ་ལེན་ཁང་ལ་བདེ་འབྱོར་བྱུང་འདུག
འབྲོག་ཁྱི་ཡི་སྐད་ཆ་ལ་
ཅུང་ཟད་བསམ་བློ་འཁོར་ས་འདུག
ཡིན་ན་ཡང་ཁོ་ཚོ་ལ་བཀྲ་ཤིས་བདེ་ལེགས་ཞུ་དགོས་ངེས་རེད་ལ་
ངས་ཀྱང་དངོས་གནས་དགའ་བསུ་ཞུ་ དགའ་བསུ་ཞུ་
འབྱོར་ཡོད་ན།བཟང་གི
བཀྲིས་བདེ་ལེགས་ཞུ་ཡ་སྟེ་ལས་སླ་བོ་རེད་འདུག་ང་རང་གིས་ཀྱང་བཀྲིས་བདེ་ལེགས་ཞུ་གི་ཡིན།
ཡིན་ན་ཡང་དོན་དམ་པར་གསར་འབྱོར་བ་ཚོར་བཀྲིས་བདེ་ལེགས་ཡོང་མིན་བཤད་དཀའ་མོ་རིད་འདུག།
མི་དེ་ཚོའི་དཀའ་ངལ་ག་ཚོད་ཞིག་མྱོང་ཡོད་པ་སྨྲས་མེད་རེད་འོན་ཅིང་དཀའ་སྡུག་ཁྲོད་ད་ཆར་སྣེ་ལེན་ཁང་དུ་ཕེབས་པ་ལ་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཁོང་ཚོར་བཀྲ་ཤིས་བདེ་ལེགས་ཡོད།
ཁོང་ཚོ་ཚང་མ་ད་ཆར་སྣེ་ལེན་ཁང་ལ་བདེ་འཚམས་འབྱོར་བར་ཧ་ཅང་དགའ་སྤྲོ་བྱུང། འདི་མནན་ཡང་མི་ནོན་པའི་གཏམ་བཟང་ཡིན།