མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་གསར་འགོད་ལྷན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐུ་ཚབ་རྣམ་པ་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ། དེ་རིང་སྔ་དྲོ་༧གོང་ས་མཆོག་དང་བཀའ་བློ་ཁྲི་པ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་སུ་འབྲེལ་མོལ་ཐེངས་དགུ་བའི་ནང་དོན་ཁག་སྙན་གསེང་ཞུས་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣ སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་པ་དང་རྒྱ་གར་ཕྱི་རྒྱལ་བཅས་ཀྱི་གསར་འགོད་པ་ ༥༠ ལྷག་ལ་ཡོངས་ཁྱབ་ཀྱི་གསར་འགོད་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། སྐབས་དེར་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྗོད་གཞིའི་ནང་དོན་གནད་བསྡུས་དབྱིན་ཡིག་ཐོག་སྒྲོག་འདོན་གནང་ཞིང་། དེའི་རྗེས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་སོང་།

 

གསར་འགོད་པས་རྒྱ་ནག་པེ་ཅིན་དང་བཙན་བྱོལ་བོད་གཞུང་གཉིས་ཕྱོགས་ནས་གྲོས་མོལ་གྱི་སྒོ་མོ་ཕྱེས་ཡོད་སྐོར་ཡང་ཡང་བརྗོད་ཀྱང་། ད་བར་ཟླ་བ་ ༡༥ རིང་གྲོས་མོལ་བསྐྱར་མཐུད་བྱས་མ་ཐུབ་དོན་ཅི་ཡིན་སྐོར་དྲིས་པར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ལན་འདེབས་གནང་དོན། ཟླ་བ་བཅོ་ལྔའི་རིང་འགོར་འགྱངས་བྱས་དོན། ང་ཚོའི་ངོས་ནས་ཕར་འབྲེལ་བ་བྱ་རྒྱུའི་ཐག་གཅོད་ཅིག་གནང་སྟེ། དུས་ཚོད་གང་འཚམ་རིང་འབྲེལ་བ་བྱས་པ་རེད། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་སྐོར་ལ་ཚོགས་ཆེན་ཞིག་བསྐངས་ཏེ་ལས་དོན་མང་པོ་ཞིག་བསྒྲུབས་པ་རེད། དེ་ནི་འབྲེལ་མོལ་གལ་ཆེན་དུ་བརྩིས་ཤིང་། གྲ་སྒྲིག་ཞིབ་ཚགས་བྱས་ཏེ་དུས་ཚོད་གང་འཚམ་འགོར་སོང་བ་མིན་ནམ་སྙམ་ཡོད། དེ་རིང་བོད་པའི་གསར་ལམ་ཁག་བརྒྱུད་དེ་དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ། ཐེངས་འདིར་བོད་རང་སྐྱོང་ལྗོངས་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཞོན་ཉི་མ་ཚེ་རིང་ལགས་ཕེབས་འདུག་པའི་གོ་སྐབས་བཟུང་སྟེ། མཚམས་རེར་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ཏེ། བོད་པས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གིན་ཡོད་པ་རེད། ཏཱ་ལས་བླ་མས་ལམ་སྲོལ་རྙིང་པ་སླར་གསོ་བྱ་བསམ་པ་རེད། ངྷ་རམ་ས་ལར་ཡོད་པའི་བཙན་བྱོལ་གཞུང་དེ་བོད་ནང་སྤོར་འཛུགས་ཀྱིས་བོད་ནང་དབང་སྒྱུར་བྱ་རྒྱུ་རེད་སོགས་ཟེར་གྱིན་ཡོད། དེ་དག་རྩ་བ་ནས་བདེན་པ་མ་རེད། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་ང་ཚོའི་རྨི་ལམ་ནང་དུའང་མེད། དེ་ནི་གཞི་རྩ་མེད་པའི་སྐད་ཆ་རེད། ངྷ་རམ་ས་ལའི་གནས་སྟངས་ཁྱེད་ཅག་གིས་གཟིགས་ཆོག་ཆོག་ཡོད། ༧རྒྱལ་བ་རིན་པོ་ཆེ་ཡིས་སྤོབས་པ་དང་ལྡན་པའི་ཐོག་ནས་དམངས་གཙོ་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་བཙུགས་ཡོད། དེ་བཞིན། བཙལ་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བོད་ནང་སྤོར་ཏེ་དབང་ཆ་འཛིན་རྒྱུའི་བསམ་པ་ཡང་རྩ་བ་ནས་ཡོད་པ་མ་རེད། སྐུ་ཚབ་ཀྱི་མིང་ཐོག་ནས་ཡོང་བའི་ངེད་གཉིས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་ཏེ། བོད་རིགས་ལས་བྱེད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་འདི་དང་འདི་འདུག་ཅེས་༧གོང་ས་མཆོག་ལ་ཞུས་ན། ཁོང་གིས་ཧ་ཅང་ཐུགས་དགྱེས་པོ་གནང་གིན་འདུག མ་འོངས་པར་བོད་པའི་འགན་འཁུར་མཁན་བོད་ནང་ཡོད་པ་ཁྱེད་རང་ཚོ་ཆགས་ཡོད་པ་རེད། ད་ལྟ་བོད་ནང་འདོད་པ་ཁེངས་ཀྱིན་མེད་པ་དག་ནི་ཁྱེད་ཅག་གིས་བཅིངས་གྲོལ་བཏང་ཡོད་ཟེར་བ་དེ་དག་རེད། སྲོག་ལ་མ་འཛེམས་པར་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་ཡང་བརྒྱ་ཆ་ ༨༠ ལྷག ཁྱེད་ཚོས་ནམ་རྒྱུན་ཡར་ལངས་ཞིང་བྲན་རེད་ཟེར་བ་དེ་ཚོ་རེད། བླ་དྲག་མི་དྲག་དང་འབྱོར་ལྡན་ཚོ་མ་རེད་ཅེས་བཤད་པ་ཡིན། ཞེས་གསུངས་སོང་།

 

ཡང་བོད་མིའི་སྐུ་ཚབ་སུས་མཚོན་མིན་གྱི་སྐོར་ཞིག་བཤད་ཀྱིན་འདུག དེའི་ལན་དུ་ངས་ཁྱེད་ཚོ་སྒེར་གྱི་སྟེང་ལ་མ་འཕོག་རོགས། ང་ཚོ་ཚང་མ་བོད་རིག་སྤུན་ཟླ་རེད། ཕན་ཚུན་ལ་གུས་ཞབས་བྱ་དགོས་པ་རེད། འོན་ཀྱང་། བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱེད་ཐུབ་མཁན་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ལས་གཞན་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་རྩོད་པ་ཡོད་པ་མ་རེད་ཅེས་བཤད་པ་ཡིན། ཉིན་འདི་འགར་རྒྱ་ནག་གིས “བྱས་མི་ཆོག་པ་བཞི” ཟེར་བ་ཞིག་བཤད་ཀྱིན་འདུག སྐད་ཆ་དེ་ལ་ཐད་ཀར་བསམ་བློ་བཏང་ན་དཀའ་ངལ་ཆེན་པོ་གང་ཡང་མི་འདུག ༧རྒྱལ་བ་རིན་པོ་ཆེ་ཡིས་དུས་རྒྱུན་ང་ཚོས་ཁ་བྲལ་བྱེད་ཀྱིན་མེད། ང་ཚོས་རྩ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ཅེས་བཀའ་གསལ་བོ་གནང་གིན་ཡོད། འོན་ཀྱང་། ང་ཚོས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་ཟེར་སྐབས། ཁོང་ཚོས་དེ་ནི་རྩ་ཁྲིམས་དང་འགལ་བ་རེད་ཟེར་གྱིན་ཡོད། ཉེ་ཆར་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་ཀྱི་ལས་དོན་ཐོག་ཚོགས་འདུ་ཚོགས་སྐབས། སྔར་དང་མི་འདྲ་བར་བོད་ཀྱི་ས་ཁུལ་ཡོངས་ནས་འཐུས་མི་སྐད་བཏང་སྟེ། མ་འོངས་པར་སློབ་གསོ་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐོག ཐག་གཅོག་གང་འདྲ་ཞིག་བྱས་ཀྱང་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་བཟོས་ཡོད། དེ་ལ་༧གོང་ས་མཆོག་དང་བཙལ་བྱོལ་བོད་གཞུང་གིས་འདས་པའི་ལོ་མང་རིང་དགོས་འདུན་འདོན་གྱིན་ཡོད་པ་རེད། དེ་ནི་ང་ཚོས་རེ་འདུན་བཏོན་པའི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་རེད།  ཅེས་གསུངས་སོང་།

 

ཡང་གསར་འགོད་པས་འབྲེལ་མོལ་རྒྱུན་མཐུད་ཐུབ་ཀྱིན་ཡོད་མེད་དང་། འབྲེལ་མོལ་ཐེངས་བཅུ་བའི་སྐོར་ལ་བཤད་མཚམས་ཡོད་མེད་དྲིས་པར་ཁོང་གིས། གཞི་རྩའི་འབྲེལ་མོལ་གནང་རྒྱུའི་ཐོག་ལ་འགྱུར་བ་གང་ཡང་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་དམ་བཅའ་བརྟན་བཟུང་བྱས་ཡོད་པའི་ལངས་ཕྱོགས་ཤིག་རེད། འོན་ཀྱང་། ག་དུས་ཤིག་ལ་འབྲེམ་མོལ་གནང་ཐུབ་མིན་དེ། ད་ལྟ་ཁོང་ཚོས་བཤད་པའི་སྐད་ཆ་དང་རྣམ་འགྱུར་ལ་ཞིབ་འཇུག་བྱ་དགོས་པ་རེད། ཐེངས་འདིར་ཁོང་ཚོར་གསལ་བོར་བཤད་ཡོད། བོད་མིའི་དཀའ་ངལ་སེལ་རྒྱུ་དེ་ཁྱེད་ཅག་གི་སྟོབས་ཤུགས་གཅིག་པུས་ཡོང་ཐབས་མེད། བོད་མི་ཚོའི་ཁ་དང་རྒྱབ་གཉིས་ཀའི་དཀའ་ངལ་སེལ་བས་འདང་གིན་མེད། སེམས་ནང་གི་བདེ་སྐྱིད་ཅིག་བསྐྲུན་དགོས་པ་རེད། དེ་ལ་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་དབུས་གཞུང་མཉམ་འབྲེལ་ཐོག་གནང་དགོས་པ་ཞིག་རེད། ཅེས་བཤད་ཡོད། དེར་བརྟེན། འབྲེལ་མོལ་ཐེངས་བཅུ་བ་གནང་ཐུབ་མིན་དང་། ག་དུས་གནང་མིན་ཕར་ཕྱོགས་ཀྱི་རྣམ་འགྱུར་དང་བསམ་བློ་གཏོང་སྟངས་ལ་་བལྟ་དགོས་པ་རེད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

སྐར་མ ༥༣ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༣ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 49

  1. lenpa says:
    ལོ་ 16 སྔོན།

    སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།

    Reply
  2. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ང་ཚོས་བྱས་མི་ཆོག་པ་བཞིའི་མ་ཚད་བརྒྱ་ཡོད་ཀྱང་བྱ་དགོས་པ་ལས་ཡོད་ཚད་རྒྱ་ནག་དང་བསྟུན་ན་ང་ཚོ་ལ་ཁེ་བཟང་ཅི་ཡོད་པ་དང་། བྱས་ཆོག་པ་གཅིག་ཀྱང་མེད།

    Reply
  3. རིག་འཛིན། says:
    ལོ་ 16 སྔོན།

    ད་བར་གཞན་དབང་གིས་ཉིན་འགའི་རིང་གློག་ཀླད་དང་ཁ་བྲལ་དགོས་བྱུང་སོང་་་་་་རེད་དེ་ངས་ཉེར་ཆར་གསལ་སྒྲགས་དག་དེ་རིང་བལྟ་ཞིབ་ནན་གཏན་བྱས་པས་་་་ཁ་སང་ཐེངས་དགུ་བའི་གྲོས་མོལ་དེ་ཡང་དུས་ཡུན་ཐུང་ཐུང་ནང་ཕན་ཐོག་ཡོད་པའི་བཟང་འབྲས་ཤིག་བྱུང་མེད་པ་འདྲ་་་་་འོན་ཀྱང་འདི་ཙམ་གྱིས་ང་ཚོ་སེམས་ཤུགས་དང་ཡིད་ཐང་ཆད་དགོས་དོན་ཡེ་ནས་མེད་་་་་གང་ཡིནཅེ་ན་་་་་་ང་ཚོའི་འཐབ་རྩོད་འདི་མི་རིགས་ཤིག་གི་འཐབ་རྩོད་ཡིན་ཙམ་ལས་སླ་བོ་ཞིག་གི་དགོས་དོན་ག་བར་གྲུབ་ཐུབ་་་་་་
    ཕྱོགས་གཞན་ཞིག་ནས་བཤད་ན་་་་་དེང་སང་རྒྱ་ནག་གི་རྒྱལ་སྤྱིའི་གསལ་ལམ་ཁག་ཏུ་སྐད་ཆ་བཤད་སྟངས་དང་རེ་བ་བྱེད་སྟངས་ལ་བལྟས་ནས་་་་ང་ཚོར་ནུས་ཤུགས་སྟོབས་ཆེ་ཞིག་དང་སླད་མེད་ཀྱི་བདེན་དཔང་ཞིག་ཡོད་པ་གསལ་པོ་ཤེས་ཐུབ། མདོ་ན་ད་དུང་ང་ཚོས་རྒྱལ་ཁབ་དང་མི་རིགས་གི་ཆེད་དུ་མདུན་བསྐྱོད་ཀྱི་གོམ་པ་རེ་སྤོ་དགོས་པ་ནི་བདེན་དོན་ཞིག་རེད་སྙམ།

    Reply
  4. སྐོར་ལམ་ནང་གི་སྐད་ཆ། says:
    ལོ་ 16 སྔོན།

    གོང་གི་མཆན་དེས་ནང་། གྲ་གྲོགས་ཞིག་གིས་རང་དབང་ལུང་པར་། བོད་མི་དགའ་གྲོགས་ཚུལ་གྱི་སྐོར་ཞིག་གསུང་དེ་ལ་། གཤམ་གྱི་འབྲེལ་ཐག་འདི་ནང་གི་བོད་ཕྲུག་ནག་པོ་ཞེས་པ་དེར་གཟུགས་། དགོང་ཚུལ་ཞིག་གསུང་རོག་།
    http://khorlam.wordpress.com/

    Reply
  5. བོད་རང་བཙན says:
    ལོ་ 16 སྔོན།

    ཕྱོགས་གླང་ལགས་དངོས་གནས་རེད། དེང་སང་རང་དབང་ལུང་པའི་ནང་བོད་པའི་བུ་ལ་དགའ་རོགས་རྒྱ་མིའི་བུ་མོ་་ཡོད་མཁན་དང་། ཆང་ས་རྒྱབ་མཁན་ཡང་གང་ཙམ་ཡོད། དེ་ཕེལ་སྐུ་ངོས་རྒྱ་ལོའི་བྱས་པ་ཡིན་རྒྱུ་རེད། ཉིན་ཆར་སྡ་སར་བོད་ནས་ཕེབས་པའི་གསར་འབྱོར་ཞིག་གི་རྒྱ་མོ་ཅིག་ལ་དགའ་པོ་སྒྲིག་ཏེ་འགྲོ་བཞིན་འདུག། འབྲེལ་ཡོད་གྲོགས་པོ་ཅིག་གི་ཟེར་ན་ཨ་མདོ་བ་རྣམས་རྒྱ་སྐད་ཡག་པོ་ཡོད་པས་རྒྱ་མོ་ལ་དགའ་པོ་རང་བཞིན་གྱི་ཆགས་པ་འདྲ་ཟེར།

    Reply
  6. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཕྱོགས་གླང་ལགས་དེ་འདྲ་ག་པ་འདུག་ མང་པོ་འདུག པས་ ཆོས་རྒྱལ་སྲོང་བཙན་གྱིས་བསླབས་པ་ཡིན་གྱི་རེདདང་

    Reply
  7. ཕྱོགས་གླང། says:
    ལོ་ 16 སྔོན།

    ཉེ་ཆར་སྲིད་འཛིན་ཧུ་ཅིན་ཏའོ་མཆོག་ནས་སྤྱི་ཚོགས་འཆམ་མཐུན་སྐོར་གསུངས་པ་ཁ་ཞེ་གཉིས་མེད་ཡིན་ན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་། རང་དབང་ལ་གུས་བརྩིའི་ཐོག་ནས་ཁ་ཡོད་ལག་ཡོད་དང་། ལྷག་བསམ་རྣམ་དག་གི་གྲོས་མོལ་གནང་སྟེ་ཕན་ཚུན་གཉིས་སྨན་གྱི་འཁོར་ཡུག་བསྐྲུན་ཐུབ་ན་རྒྱ་བོད་མི་རིགས་གཉིས་དབར་མཛའ་བརྩེ་དང་། སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་ཁྱིམ་མཚེས་ཡག་པོ་ཞིག་ཆགས་མི་སྲིད་པ་མ་རེད། དེ་ནི་བོད་མི་ཚང་མའི་འདོད་མོས་ཡིན་མིན་ཤོད་མི་ཐུབ་ཀྱང་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱི་གུས་བརྩི་དང། ཡིད་འཆེས་བློས་འགེལ་གཙང་མ་ཡོད་པའི་བོད་མིའི་དབུ་འཁྲིད་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་འདོད་ཀྱང་དེ་འདྲ་ཞིག་ཡིན་པ་གསལ་པོ་རེད།། དེ་མིན་བཙན་དབང་དང་། དཔལ་འབྱོར་གྱི་མགོ་བསྐོར་བློ་འཁྲིད་འོག་སྤྱི་ཚོགས་འཆམ་མཐུན་རྒྱུན་གནས་ཐུབ་ཐབས་མེད་པ་ནི་འདས་པའི་མི་ལོ་ལྔ་བཅུའི་ཉམས་མྱོང་ཐོག་ནས་ཤེས་ཐུབ་པ་ཞིག་རེད།།
    ༼ དེང་སང་རང་དབང་ལུང་པའི་ནང་བོད་པའི་བུ་ལ་དགའ་རོགས་རྒྱ་མིའི་བུ་མོ་ཡ་རབས་མཛེས་སྡུག་ཅན་ཡོད་མཁན་དང་། ཆང་ས་རྒྱབ་མཁན་ཡང་གང་ཙམ་འདུག་ག། ཧཱ་ ཧཱ་ ཧཱ་ ༽

    Reply
  8. སྐལ་བུ་ says:
    ལོ་ 16 སྔོན།

    འདེར་དྲ་རྒྱ་འདི་དང་འདིི་ནང་ལ་འདེ་འདྲ་འདུག་ཟེར་ནས་དྲ་རྒྱའི་ཁ་བྱངའདེར་འབྲི་པ་ཡིན་ན་ཧ་ཅང་གི་ཕན་རླབས་ཆེན་པོ་ཡོང་གི་འདུག་པས་རྗེས་སུ་དྲ་གྲོགས་སུ་ཡིན་རུང་ངེས་པར་དུ་ཁྱེད་ཀྱི་གང་ཤེས་པ་དེ་འདེར་འབྲི་བས་སྔགས་བརྗོད་ཡིད

    Reply
  9. སྐལ་བུ་ says:
    ལོ་ 16 སྔོན།

    ཕྱོགས་གཅིག་ནས་ལྟ་ན་གང་དྲིན་པ་དེ་བཤད་ན་ཨོ་ཙམ་རེད་ཟེར་དགོས་བྱེད་རེད་དེ་ འདི་ངའི་ཤེས་ཀ་ཡིན་ཁྱེད་རྣམས་གང་བསམས་ན་བསམས་ང་ལ་ཁྱེད་པར་མེད་ལྟ་བུར་བྱེད་ན་ཡག་པོ་ཞིག་རེད་དམ།

    Reply
  10. རྒྱང་རིང་ནས། says:
    ལོ་ 16 སྔོན།

    སྐུ་ཚབ་ཚོས་རྒྱ་ནག་གིས་ཚུར་འདི་འདྲ་བཤད་ཀྱི་འདུག་ཅེས་གང་ཡང་མི་འདུག་པ་མ་ཚད༌་་་་བྱེད་མི་རུང་བ་བཞི་་་་་་་་་ཞེས་པ་དེ་ཡང་གསལ་བཤད་བྱས་མ་སོང་བས་ད་གང་ཡིན་ང་ནི་ཐོར་སོང་།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    སྐར་མ་གཅིག་དང་ཕྱེད་ཀྱི་རྗེས་སུ་ཕྱིར་སླེབས་སོང་། མདུན་ངོས་ལ་གཟིགས་དང་། བསྐྱར་བསྒྲིགས་བྱས་པ་ཡིན་འགྲོ

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བྱེད་མི་རུང་བ་བཞི་ཟེར་བའི་གསར་འགྱུར་གློ་བུར་དུ་བརླག་སོང་། བོད་ཀྱི་དུས་བབ་ཀྱི་མདུན་ངོས་ལ་གཟིགས་དང་།

    Reply
  13. lenpa says:
    ལོ་ 16 སྔོན།

    ད་ངོ་མ་སྐུ་ཚབ་དེ་ཚོ་སྤྲོ་སེང་ལ་ཡག་པོ་ཕེབ་གི་འདུག་ཡ་

    Reply
  14. ནགས་མེ། says:
    ལོ་ 16 སྔོན།

    ངོ་མ་བཤད་ན། འབྲེལ་ཐུག་འདིར་ཡིད་ཆེས་མེད། ཁོང་ཚོས་དུས་ནམ་ཡང་གོང་ས་མཆོག་གི་སྐུ་ཚེ་ནམ་ཟིན་ལ་སྒུག་ནས་ཡོད་པ་ཧ་ཅང་གསལ་པོ་རེད། འདིར་འགྱུར་བ་མེད་པ་གསལ་པོ་རེད། ཁོང་ཚོ་བོད་མི་རིགས་མན་ཇུའི་སྤུན་ཟླར་བསྒྱུར་འདོད་པ་གསལ་པོ་རེད།

    Reply
  15. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    རྒྱ་རི་རིན་པོ་ཆེས་ ༢༠༠༨ ལོར་གསུང་བཤད་གནང་བའི་ལོ་རྒྱུས་ཤིག་འདི་ན་འདུག
    http://gerlang.org/2008/08/19/རྒྱ་རི་བློ་གྲོས་རྒྱལ་མ/
    ཁ་བརྡའི་ཐོག་གི་རྩོམ་དེ་འདི་ན་འདུག
    http://www.khabdha.org/?p=1091

    Reply
  16. karma dorje says:
    ལོ་ 16 སྔོན།

    རྒྱ་ནག་གིས་ཡག་པོ་མ་བྱས་པ་དང་༸སྐུ་ཚབ་ཚོས་འཇོན་མ་འཇོན་གཉིས་མཉམ་བསྲེས་བཏང་ནས་བཤད་ན་ནོར་བ་རེད།

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    འགྱུར་བ་ཆེན་པོ་གསུམ་གཏོང་དགོས་དོན་གྱི་ཕྱོགས་ཙམ་གསུངས་པ་མ་གཏོགས་འགྱུར་བ་དེ་དག་ཇི་ལྟར་གཏོང་དགོས་གསུངས་མི་འདུག ད་དུང་འགྱུར་བ་ཇི་ལྟར་གཏོང་དགོས་པའི་ལམ་སྟོན་ལ་སྒུག་གི་ཡིན།

    བློ་གྲོས་རྒྱལ་པོ་ལགས། འགྱུར་བ་དེ་དག་ཇི་ལྟར་གཏོང་དགོས་སམ། འདྲེན་བཀོད་བྱེད་ཤེས་པ་ལ་ཇི་ལྟར་འགྱུར་བ་གཏོང་དགོས་པ་ལོས་ཤེས་རེ།

    ལན་གྱིས་སྟོང་པའི་འུག་པ་མིག་སེར་ལ། །
    ཨུ་ཚུགས་བྱས་ནས་དགོས་པ་མི་འདུག་མོད། །
    དྲ་རྒྱ་འདི་ཡི་ཀློག་པ་པོ་དག་ལ། །
    དོགས་སེལ་ཕྱིར་དུ་དྲི་བ་འགའ་ཞིག་བཏང་། །

    Reply
  18. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་འགྱུར་བ་ཆེན་པོ་གསུམ་གཏོང་དགོས་དོན་གྱི་ཕྱོགས་ཙམ་གསུངས་པ་མ་གཏོགས་འགྱུར་བ་དེ་དག་ཇི་ལྟར་གཏོང་དགོས་གསུངས་མི་འདུག ད་དུང་འགྱུར་བ་ཇི་ལྟར་གཏོང་དགོས་པའི་ལམ་སྟོན་ལ་སྒུག་གི་ཡིན།

    Reply
  19. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་རི་རིན་པོ་ཆེས་བསྐད་ཆ་དེ་འདྲ་ཞིག་གསུང་ཡོད་ན་བརྩན་བྱོལ་བ་ཚོས་ཚང་ཀ་ཤིག་ཤིག་གིས་སྤྱོན་བརྗོད་བྱེད་ངེས། འོན་ཀྱང་གཡང་སྐྱབས་རྒྱལ་ལས་གཞེན་གྱིས་མ་གོ་བ་ཅི་ཞིག་ཡིན་ནམ།

    Reply
  20. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ༡ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ༢༠༠༢ནས་ད་ལྟ་ཚུན་ལ་གནས་སྟངས་ལ་འགྲེལ་བཤད་དང་ཡིག་ཆ་ལ་རྒྱས་འགྲེལ་བྱས་ནས་བསྡད་འདུག ད་དུས་ཚོད་དེ་རྫོགས་འདུག
    ༢ ད་ཡོད་ཀྱི་བརྒྱུད་ལམ་འདིའི་སྟེང་ན། ང་ཚོའི་གཞུང་གི་ངོས་ནས། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟེར་བ་དང་རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཟེར་བ་འདིའི་སྒང་ན་བསྡད་འདུག རིམ་པ་འདི་ལས་གོང་དུ་འཕགས་པའི་ལམ་ཁ་འགག་ནས་ཡོད།
    ༣ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས་བྱེད་དགོས་བའི་ལས་ཀ་དེ་ཕལ་ཆེར་བྱས་ཚར་འདུག དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྒྱ་ནག་གཞུང་གི་མདུན་ལ་འཇོག་རྒྱུ་དེ་རེད། དེ་བཞག་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་དེ་ཡང་སྤྲད་ཚར་ཡོད། བརྒྱུད་ལམ་འདི་ལ་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་མེད།
    གོང་བཀོད་རྒྱུ་མཚན་གནས་བསྡུས་འདི་ཚོར་བརྟེན། བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་རེད་ལབ་ཀྱི་ཡོད།
    དེ་ནས་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་བའི་བསམ་ཚུལ་དེ་ཡིན།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི་། སྐུ་ཚབ་ཀྱི་དགུང་ལོའི་བབ་དང་དུས་ཡུན་གྱི་གཉིས་ཀྱི་ཆ་ནས་ཡིན། དགུང་ལོ་བགྲེས་བ་དང་དུས་ཡུན་རིང་བའི་ཆ་ནས་ཡིན།
    གལ་སྲིད་ད་ཡོད་ཀྱི་སྐུ་ཚབ་མུ་མཐུད་དུ་བཞུགས་པ་ཡིན་ན་ཡང་། དམིགས་བསལ་ཡིན་པ་དེར་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུ་ལྷག་མེད་འདོད།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་བའི་ཐད་ཀྱི་བསམ་ཚུལ་ཞིག་འདི་རུ་ཡང་འདུག ཞོར་འཕྲོས་ཅུང་ཙམ་གླེང་ན། ད་ཡོད་ཀྱི་སྐུ་ཚབ་འདིས། ཕར་ཕྱོགས་ལ་ཕྱིན་ནས་ཁས་ལེན་འདྲ་བྱས། ཚུར་ཕྱོགས་ལ་སླེབས་ནས་ལག་ལེན་མ་བསྟར་བའི་གནད་དོན་ཁ་ཤས་ལ། སྔོན་མར་སྐྱོན་བརྗོད་ཡི་གེ་སླེབས་པའི་གནས་སྟངས་ཡང་འཕྲད་མྱོང་ཡོད། འོན་ཀྱང་། དེ་ཚོ་ང་ཚོའི་གཞུང་གི་ཕྱི་གསལ་ནང་གསལ་ཟེར་བའི་སྲིད་ཇུས་དེའི་རྒྱབ་ཀྱི་སྐད་ཆ་རེད།
    འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི། ད་ལྟའི་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་ནི། ཡིག་ཆ་འགའ་མཐུད་རྒྱག་པ་དང་ཡིག་ཆ་དེ་ཡང་གྲོས་མོལ་དངོས་ཀྱི་རྨང་གཞི་མེད་པའི་ཐོག་ནས་མཐུད་རྒྱག་བཞིན་ཡོད་ལ། མཐུད་དེ་ཡང་མཐུད་ཀྱི་སྣེ་མོ་འཇུ་ས་མེད་ས་ཞིག་ལ་རྒྱག་གིན་ཡོད།
    གང་ལྟར། མདོར་ན། འབྲེལ་མོལ་གྱི་བརྒྱུད་རིམ་ལ་འགྱུར་བ་ཕྱིན་ན། སྐུ་ཚབ་དང་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་གཉིས་ལ་ཡང་འགྱུར་བ་འགྲོ་གི་རེད།
    བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད།

    Reply
  21. pactsak says:
    ལོ་ 16 སྔོན།

    གོང་མའི་ཆབ་སྲིད་དང་མཚོ་གླིང་གི་གནས་བབ་ལ་སྦྱར་བའི་ཕྱོགས་འདི་ལ་
    དངོས་ཡོད་ཀྱི་འདྲ་ས་མང་པོ་ཞིག་ཡོད་ངེས་རེད་ལ། མ་འོངས་པར་ཟླ་བསྒྲིལ་བྱས་
    ན་དེ་ལས་ཀྱང་འདྲ་ས་མང་པོ་ཞིག་ཡོང་སྲིད་པ་རེད། དེས་ན་སོང་ཅང་ཁོ་ནའི་
    གཏམ་ལ་མ་ཉན་པར་ལི་ཁེའི་བྱ་ལ་ཞུགས་འདོད་དང་། སྤོབ་པ་ཡོད་ན་འགྲིག་གི་
    རེད་དོ།།

    Reply
  22. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་བརྒྱུད་ནས་གཡང་སྐྱབས་རྒྱལ་ལ་ལན་བསྐུར་བ། ང་ཚོ་ལ་ཡིད་ཆེས་ཡོང་བ་ཞིག་བྱེད་པར་དཔང་རྟགས་དགོས་པ་རེད། ང་ལ་གཅིག་གིས་ལབ་སོང་ཟེར་བ་ནི་དཔང་རྟགས་སུ་ག་ལ་འགྲོ དེ་ནི་གཡང་སྐྱབས་རྒྱལ་ལགས་ཀྱིས་མཁྱེན་ངེས་རེད།

    Reply
  23. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
    དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག

    གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།

    གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།

    Reply
  24. རུ་གསར་ཚང་། says:
    ལོ་ 16 སྔོན།

    ཨ་རོགས་བཟོད་རྒྱམ། ཆུ་ངོགས་གཏམ་རྒྱུད་ལ་སྦྱར་སྟངས་འདིར་དང་པོར་ལང་ཧྲིན་མཚོ་གླིང་ཕྱོགས་གང་ལ་གོ་དགོས་པ་དང། སོང་གོང་མའི་གཞུང་ཕྱོགས་གང་ལ་གོ་དགོས་པ་དེ་གལ་ཆེན་པོ་རེད། དེ་གཏན་ཁེལ་ཚར་ན་དེ་ནས་སོང་ཅིང་སུ་ཡིན་པ་དང་། ཀོའུ་ཆུག་སུ་ཡིན་པ་སོགས་ལས་སླ་བོ་རེད།
    ངས་བལྟས་ན་1959ལོར་རྒྱལ་ཆེན་ཀྲོའུ་ཀེས་སོགས་མཆོ་གླིང་འདིར་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་ཤིང་། དེའི་རྗེས་2002ལོར་སོང་ཅིང་མཚོ་གླིང་གི་ཁྲི་དཔོན་དུ་བསྐོས་རྗེས་གོང་མའི་གཞུང་ལ་འབྲེལ་མོལ་འགོ་བཙུགས། དེ་ནས་རྐང་མགྱོགས་ཅན་གྱི་ཕོ་ཉ་བ་སོགས་གོ་སླ། ཀོའུ་ཆུག་ཉེ་ཆེར་ཕྱི་མའི་ལམ་ལ་ཆས། ཧ་ཧ་ཧ་་ཧ་ཧ་ཧ་ཧ་་ཧ་ཧ་

    Reply
  25. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བྲག་མགོ་བ། སྐུ་ཚབ་ཚོར་སྐྱོན་ཡོད་ན་སྐྱོན་བརྗོད་ལོས་བྱེད། ངེས་པར་དུ་བྱེད་དགོས་པ་རེད། སྐྱོན་བརྗོད་མི་བྱེད་པའི་རེ་བ་ག་རེ་བྱས་ནས་ཞུ་དགོས་པ་རེད། ཡིན་ནའང་སྐྱོན་བརྗོད་ལ་ཁུངས་སྐྱེལ་དགོས་པ་ཕུ་འདེད་བྱེད་དགོས་པ་རེད། སྐྱོན་བརྗོད་ལ་ཁུངས་ལུང་མེད་ན་མི་དེ་ཚོས་བྱེད་ལས་གསལ་པོ་ཆགས་པ་རེད། ཁུངས་ཡོད་ན་སྐུ་ཚབ་ཚོ་མི་ཚེའི་མགོ་གྱེན་ལ་འདེགས་མི་ཕོད་པ་ཞིག་བཟོ་དགོས་པ་རེད།

    Reply
  26. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ད་ལྟའི་གཉན་འཕྲང་འདི་འདྲའི་སྐབས་བོད་རྒྱལ་འབྲེལ་མོལ་ཐེངས་དགུ་པ་ཚུགས་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ཡང་།
    གྲུབ་འབྲས་སོན་མིན་ནི་་་་་རྒྱ་ནག་དམར་གཞུང་གི་འགོ་གཙོ་རྣམ་པའི་སེམས་པའི་འགུལ་ཤུགས་ལ་ལྟ་དགོས་པ་ལས།
    གཞན་སུས་ཀྱང་གཡོ་འགུལ་མི་ཐུབ་པ་མཁྱེན་གསལ་རེད།
    ང་ཚོའི་ག་དུས་ཡིན་ཡང་། སྐུ་ཚབ་རྣམ་པ་ལ་སྐྱོན་བརྗོད་མི་བྱེད་རྒྱའི་རེ་བ་ཆེན་པོ་བཅངས་ཡོད།
    རེད་དེ། ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་འགལ་འདུ་འདྲ་མིན་གླེང་བ་ནི་སྐབས་འགར་ཆབ་སྲིད་པའི་སྤྱོད་ཚུལ་ཡིན་ངེས།
    ཧཧཧཧ།
    གང་ལྟར་ཁོ་བོའི་མཚམས་འདི་ནས་་་་་གནས་ཚུལ་ཡངས་མོ་ཞིག་གམ་་་་་གནས་ཚུལ་ཡག་པོ་ཞིག་གོ་བར་བསྒུག་ཡོད་།ཌྷ

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་བརྒྱུད་ནས་གཡང་སྐྱབས་རྒྱལ་ལ་ལན་བསྐུར་བ། ང་ཚོ་ལ་ཡིད་ཆེས་ཡོང་བ་ཞིག་བྱེད་པར་དཔང་རྟགས་དགོས་པ་རེད། ང་ལ་གཅིག་གིས་ལབ་སོང་ཟེར་བ་ནི་དཔང་རྟགས་སུ་ག་ལ་འགྲོ དེ་ནི་གཡང་སྐྱབས་རྒྱལ་ལགས་ཀྱིས་མཁྱེན་ངེས་རེད།

    Reply
  28. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་འགྱུར་བ་ཆེན་པོ་གསུམ་གཏོང་དགོས་དོན་གྱི་ཕྱོགས་ཙམ་གསུངས་པ་མ་གཏོགས་འགྱུར་བ་དེ་དག་ཇི་ལྟར་གཏོང་དགོས་གསུངས་མི་འདུག ད་དུང་འགྱུར་བ་ཇི་ལྟར་གཏོང་དགོས་པའི་ལམ་སྟོན་ལ་སྒུག་གི་ཡིན།

    Reply
  29. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
    དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག

    གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།

    གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།

    Reply
  30. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བོད་རྒྱའི་འབྲེལ་མོལ་དང་བོད་ཀྱི་སྐུ་ཚབ་སྐོར་འདི་རྒྱའི་གློག་བརྙན་ཆུ་ངོག་གཏམ་རྒྱུད་ལ་སྦྱོར་མཁན་མང་པོ་མཐོང་སོང་། དེས་ན་ཁ་གསལ་ཙམ་གསུང་ན་འགྲིག་གམ། སོང་ཅང་སུ་རེད། དཔའ་བོ་ཚོ་སུ་དང་གང་རེད། ཀའོ་ཆིག་སུ་རེད།སོང་གོང་མ་སུ་དང་གང་རེད། གཅིག་གཅིག་ལ་སྦྱར་ནས་ཁ་གསལ་ཙམ་གསུང་ན་འགྲིག་གམ། ངས་ནི་སུ་སུ་དང་གང་གང་ཡིན་པ་ངོ་མི་འཕྲོད་ཀི་ཡ།

    Reply
  31. གནམ་ལྕགས། says:
    ལོ་ 16 སྔོན།

    ད་ང་ཚོའི་ཕྱོགས་ཀྱི་གནས་སྟངས་འདི་《ཆུ་ངོགས་གཏམ་རྒྱུད་》ནང་གི་སུང་ཅང་དང་འདྲ་སེ་འདུག་གཱ

    Reply
  32. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁ་སང་གི་གསར་འགོད་གསལ་བསྒྲགས་སྐབས་ཉི་མ་ཚེ་རིང་གིས་ལན་འདེབས་བྱས་པ་ཞིག་འདི་ན་འདུག

    尼玛次仁:
    我对第一个问题做一个回答,然后请斯塔部长做补充。
    你刚才谈到中国共产党领导下的西藏自治区人民政府是唯一能够代表西藏人民的唯一政府,我说这个答案是肯定的。我前面有一句话,我们西藏老百姓认为团结稳定是福,分裂动乱是祸。这在全区人民当中已经有了共识。越来越多的包括我自己在内的藏民,认为达赖喇嘛不仅仅是一个宗教人士,他是一个打着宗教的幌子,长期搞分裂祖国、破坏民族团结的政治集团的头子。我们有关方面曾经作过民意测验,我们在有关方面媒体也公布过这个数字。我们在接谈过程当中,面对面的时候,亮明了我们的观点和立场。

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།
    གཡང་སྐྱབས་རྒྱལ་གྱིས།
    —————
    དེ་རིང་ཡང་ངས་གཏམ་ཡན་ཞིག་ཐོས་ནས་རྩོམ་འདི་འབྲི་དགོས་ཤར། རྩོམ་ཞིག་བྲིས་པ་ཙམ་གྱིས་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་ཡོང་བའི་རེ་བ་མེད་ན་ཡང་། ང་དང་ང་འདྲ་བའི་བསམ་ཚུལ་འཛིན་པ་དག་ཀྱང་འཛམ་གླིང་འདི་ན་ཤི་མེད་པའི་རྣམ་པ་ཞིག་བསྟན་པ་རེད་བསམས།
    ཁ་སང་ཁེ་ཉིན་ཞིག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ལམ་སེང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བལྟས་པ་ཡིན་མོད། ཚོགས་འདུའི་སྐོར་མཐོང་ཡུལ་དུ་མེད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་ལ་བལྟས་མོད་ཚོགས་འདུ་དེའི་སྐོར་མཐོང་ཡུལ་དུ་མི་འདུག
    ད་ཡང་འདི་རེད། གསང་བ་ཆེན་པོ་དང་གལ་ཆེན་པོ་ཡིན་མདོག་གིས་ཚོགས་འདུ་ཞིག་བསྐོངས་ནས། བོད་ཀྱི་ལོ་རྒྱུས་ལ་དོ་ཕོག་གཏོང་བ་དང་བོད་མིའི་སེམས་ཁམས་ལ་ན་ཚ་གཏོང་བའི་སྐད་ཆ་འདི་འདྲ་བཤད་འདུག ང་ཚོའི་མི་ཐོག་འདི་ལ་བོད་རང་བཙན་མ་ཐོབ་ཀྱང་། མི་ཐོག་རྗེས་མའི་མདུན་ལམ་ལ་སྒོ་ལྕགས་བརྒྱབ་མི་ཆོག་པ་རེད། དེའི་སྟབས་ཀྱིས་དེ་རིང་ནས་བཟུང་ངས་རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན། འདིའི་རྒྱུ་མཚན་ནི་ང་རྒྱ་རི་རིན་པོ་ཆེ་ལ་མ་དགའ་བ་ཡང་མིན་ལ། རྒྱ་རི་རིན་པོ་ཆེས་བོད་དོན་ལ་བྱས་རྗེས་བཞག་མེད་པ་རེད་ཅེས་ཀྱང་ཞུ་གི་མེད། ངའི་རྒྱུ་མཚན་ནི་གཙོ་བོ་དོན་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན།
    དོན་ཚན་དང་པོ་ནི། རྒྱ་རི་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ནས་ལོ་ངོ་བཅུ་ཕྲག་བརྒལ་ནས་འགྲོ་གི་ཡོད། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་འདིའི་ནང་ཨ་རིའི་སྲིད་འཛིན་གཉིས་བརྗེ་ནས་གསུམ་པའི་ཐོག་ལ་འགྲོ་གྲབས་བྱེད་ཀྱིན་ཡོད། བོད་དོན་ཐད་འབྲེལ་མོལ་ཐེངས་བདུན་བརྒྱད་ཅིག་བྱས་ནས་གྲུབ་འབྲས་མ་ཐོན་པ་དེ་རེད། དེ་ལྟར་ན་མི་གསར་པ་ཞིག་ལ་གོ་སྐབས་སྤྲོད་རོགས་ཞེས་ཞུ་བ་དེ་ཡིན།
    དོན་ཚན་གཉིས་པ་ནི། རྒྱ་རི་རིན་པོ་ཆེ་བགྲེས་ཡོལ་ཕེབས་པའི་ལོ་ཚད་ལ་སླེབས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དང་མཉམ་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་བགྲེས་ཡོལ་དུ་མ་ཕེབས་མཁན་ད་ལྟ་ཧ་ལམ་ཡོད་པ་མ་རེད། ང་ཚོས་གང་ཟག་གཅིག་གི་འཇོན་ནུས་ལ་འཐམས་ནས་བསྡད་ན། “མི་རབས་ནས་མི་རབས་བར་གྱི་རང་དབང་འཐབ་རྩོད་”དེ་ཡོང་ཐུབ་ཀྱི་མ་རེད། དེས་ན་ངེད་ཀྱི་སྐད་འབོད་ནི། “རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།”ཞེས་པ་འདི་ཡིན།

    ཁ་བརྡ་ལས་དྲངས།

    Reply
  34. ཐུབ་བསྟན། says:
    ལོ་ 16 སྔོན།

    རྒྱ་དཔོན་འདི་ཚོས་ག་རེ་ཡིན་ཡང་བཤད་ངེས་རེད་ལ་ག་རེ་ཡིན་ཡང་བྱེད་ངེས་རེད། ཁོང་ཚོར་ཐོབ་དགོས་པ་དེ་ཚང་མ་ཐོབ་ཚར་བ་རེད། ད་ལས་སླ་བོ་གཏང་གི་མ་རེད། ཁོང་ཚོས་གང་ཐུབ་ཀྱིས་ང་ཚོ་གྲོགས་མེད་ཁེར་རྐྱང་དུ་ཕུད་ངེས་རེད་ལ་ཁོང་ཚོར་བློ་ཁོག་ཆེ་རུ་འགྲོ་བཞིན་པའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག ཁག་ཡོད་པ་མ་རེད། ༧གོང་ས་མཆོག་གི་རྗེས་ལ་ང་ཚོས་ཁུངས་མི་འཁྱོལ་བ་ཁོང་ཚོས་ཚོད་དཔག་བྱེད་བཞིན་པ་རེད། ༢༠༠༩ལོའི་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་གནས་སྟངས་འདི་གཅིག་པུའི་ཐོག་ནས་ཀྱང་ཁོང་ཚོར་བློ་ཁོག་ཅིག་འཕེལ་ཡོད་པ་རེད།
    ད་ང་ཚོས་སེམས་ཤུགས་ཆགས་ཡ་གང་ཡང་ཡོད་པ་མ་རེད། ཚང་མས་ད་ལྟའི་དུས་ཚོད་འདི་བོད་སྣོད་བཅུད་ཆགས་འཇིག་གི་དུས་ཚོད་གཉན་འཕྲང་ཅན་ཞིག་ཡིན་པ་ཤེས་དགོས་ངེས་རེད། དེ་བཞིན་ང་ཚོས་ང་རང་ཚོར་འཁྲི་བའི་འགན་ཁུར་དགོས་པ་རེད། ང་ཚོས་བཀའ་བློན་ཁྲི་པ་དང། བོད་མི་མང་སྤྱི་འཐུས་ཡག་པོ་ཞིག་འདེམས་དགོས་ངེས་རེད། རང་ཉིད་ཀྱི་ལྟོ་རྒྱབ་གཅིག་པུ་མ་གཏོགས་གང་ཡང་མི་དྲན་མཁན་དེ་ཚོས་སྤྱི་པ་ལ་ཕན་གྱི་མེད་པ་ཤེས་པར་བྱས་ཏེ། དེ་ཚོའི་རིགས་ང་ཚོས་སྤྱི་འཐུས་ནང་སླེབས་མ་ཐུབ་པ་བྱེད་དགོས་ངེས་རེད། དེ་བཞིན་ང་ཚོས་མང་གཙོ་དང།སྤྱི་ཚོགས་ཡར་རྒྱས་གཏང་དགོས་ངེས་རེད། ནང་ཁུལ་ཞེན་ཁོག་དང་། ཕྱོགས་རིས་བྱས་ནས་ང་ཚོར་གང་ཡང་ཐོབ་ཡོང་རྒྱུ་མེད་པ་ཚང་མས་ཤེས་པར་བྱོས། ང་ཚོས་སྤྱི་དོན་ཁོ་ནར་ཤུགས་རྒྱག་དགོས་པ་ཆགས་མི་འདུག་གམ། དེ་ལྟར་ང་ཚོས་ཁུངས་འཁྱོལ་བ་ཞིག་བྱེད་དགོས་ཡོད་པ་རེད།

    Reply
  35. ཕྱོགས་གླང། says:
    ལོ་ 16 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། འགྱུར་བ་ཆེན་པོ་གསུམ་གཏོང་སྟངས་ཀྱི་ཐབས་ལམ་ཁ་གསལ་ཞིག་གསུངས་ན་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བ་འདུག་པས་དགོངས་འཇགས་གནང་རོགས་གནང་།

    Reply
  36. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་བའི་བསམ་ཚུལ་ཞིག་འདི་རུ་ཡང་འདུག
    (http://www.khabdha.org/?p=1091)

    Reply
  37. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ངེད་ཀྱིས་བསམ་ཚུལ་དེར་ཁ་སྣོན་ཚིག་འགའ་མ་ཞུས་ན། ཕལ་ཆེར་འཇིགས་བྲལ་བསྟན་འཛིན་དང་གྲ་རྒོད་སོགས་བློ་བདེ་གི་མེད་པ་འདྲ།
    འདིར་ཚིག་ཁ་སྣོན་འགའ་ཞུ་གི་ཡིན། མང་པོ་ཞུ་ཁོམ་མེད། རྗེས་མ་མང་པོ་ཞུ་ཐུབ་ཀྱི་རེད་འདོད། ཁྱེད་གཉིས་ལ་བློ་སྒོ་ཅུང་ཙམ་འབྱེད་ཐུབ་པའི་རེ་བ་ཡོད།
    ངེད་ཀྱིས་འགྱུར་བ་གསུམ་གཏོང་དགོས་རེད་ལབ་ཡོད། དེ་ནི། དང་པོ། འབྲེལ་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་རེད་ལབ་ཡོད།
    གཉིས་པ། འབྲེལ་མོལ་གནང་མཁན་གྱི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ལབ་ཡོད།
    གསུམ་པ། འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་རེད་ལབ་ཡོད།
    དེ་གསུམ་གར་འགྱུར་བ་གཏོང་དགོས་རེད་ཟེར་བའི་རྒྱུ་མཚན་ཐུང་ཐུང་གནད་བསྡུས་ཤིག་འདི་རུ་བཀོད་ཀྱི་ཡིན།
    ༡ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ༢༠༠༢ནས་ད་ལྟ་ཚུན་ལ་གནས་སྟངས་ལ་འགྲེལ་བཤད་དང་ཡིག་ཆ་ལ་རྒྱས་འགྲེལ་བྱས་ནས་བསྡད་འདུག ད་དུས་ཚོད་དེ་རྫོགས་འདུག
    ༢ ད་ཡོད་ཀྱི་བརྒྱུད་ལམ་འདིའི་སྟེང་ན། ང་ཚོའི་གཞུང་གི་ངོས་ནས། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟེར་བ་དང་རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཟེར་བ་འདིའི་སྒང་ན་བསྡད་འདུག རིམ་པ་འདི་ལས་གོང་དུ་འཕགས་པའི་ལམ་ཁ་འགག་ནས་ཡོད།
    ༣ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས་བྱེད་དགོས་བའི་ལས་ཀ་དེ་ཕལ་ཆེར་བྱས་ཚར་འདུག དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྒྱ་ནག་གཞུང་གི་མདུན་ལ་འཇོག་རྒྱུ་དེ་རེད། དེ་བཞག་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་དེ་ཡང་སྤྲད་ཚར་ཡོད། བརྒྱུད་ལམ་འདི་ལ་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་མེད།
    གོང་བཀོད་རྒྱུ་མཚན་གནས་བསྡུས་འདི་ཚོར་བརྟེན། བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་རེད་ལབ་ཀྱི་ཡོད།
    དེ་ནས་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་བའི་བསམ་ཚུལ་དེ་ཡིན།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི་། སྐུ་ཚབ་ཀྱི་དགུང་ལོའི་བབ་དང་དུས་ཡུན་གྱི་གཉིས་ཀྱི་ཆ་ནས་ཡིན། དགུང་ལོ་བགྲེས་བ་དང་དུས་ཡུན་རིང་བའི་ཆ་ནས་ཡིན།
    གལ་སྲིད་ད་ཡོད་ཀྱི་སྐུ་ཚབ་མུ་མཐུད་དུ་བཞུགས་པ་ཡིན་ན་ཡང་། དམིགས་བསལ་ཡིན་པ་དེར་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུ་ལྷག་མེད་འདོད།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་བའི་ཐད་ཀྱི་བསམ་ཚུལ་ཞིག་འདི་རུ་ཡང་འདུག ཞོར་འཕྲོས་ཅུང་ཙམ་གླེང་ན། ད་ཡོད་ཀྱི་སྐུ་ཚབ་འདིས། ཕར་ཕྱོགས་ལ་ཕྱིན་ནས་ཁས་ལེན་འདྲ་བྱས། ཚུར་ཕྱོགས་ལ་སླེབས་ནས་ལག་ལེན་མ་བསྟར་བའི་གནད་དོན་ཁ་ཤས་ལ། སྔོན་མར་སྐྱོན་བརྗོད་ཡི་གེ་སླེབས་པའི་གནས་སྟངས་ཡང་འཕྲད་མྱོང་ཡོད། འོན་ཀྱང་། དེ་ཚོ་ང་ཚོའི་གཞུང་གི་ཕྱི་གསལ་ནང་གསལ་ཟེར་བའི་སྲིད་ཇུས་དེའི་རྒྱབ་ཀྱི་སྐད་ཆ་རེད།
    འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི། ད་ལྟའི་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་ནི། ཡིག་ཆ་འགའ་མཐུད་རྒྱག་པ་དང་ཡིག་ཆ་དེ་ཡང་གྲོས་མོལ་དངོས་ཀྱི་རྨང་གཞི་མེད་པའི་ཐོག་ནས་མཐུད་རྒྱག་བཞིན་ཡོད་ལ། མཐུད་དེ་ཡང་མཐུད་ཀྱི་སྣེ་མོ་འཇུ་ས་མེད་ས་ཞིག་ལ་རྒྱག་གིན་ཡོད།
    གང་ལྟར། མདོར་ན། འབྲེལ་མོལ་གྱི་བརྒྱུད་རིམ་ལ་འགྱུར་བ་ཕྱིན་ན། སྐུ་ཚབ་དང་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་གཉིས་ལ་ཡང་འགྱུར་བ་འགྲོ་གི་རེད།
    དེ་ཙམ་ཡིན། ངེད་ཀྱི་མཆན་བུ་ཐུང་ཐུང་དེར་ཁྱེད་གཉིས་ནས་དོ་སྣང་སྤྲད་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    Reply
  38. གྲྭ་རྒོད says:
    ལོ་ 16 སྔོན།

    འཇིག་བྲལ་ནས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལ་དྲི་བ་གསུམ་དྲིའི་ཡོད་པ་དེ་ཡག་པོ་འདུག་ཁོས་དེ་ལ་ལན་ཐོབ་མི་འདུག་འགྱུར་བ་ཆེན་པོ་གསུམ་གཏོང་དགོས་ན་ཇི་ལྟར་གཏོང་དགོས་ཞེས་ཐབས་གང་ཡོད་ཁ་གསལ་གནང་ཐུབ་ན་ཤུན་ཏུ་ལགས།དེ་མིན་དགོས་ཞེས་པ་ཙམ་གྱི་ཕན་ཐོག་མེད།ད་རེས་གྲོས་མོལ་འདི་རྒྱ་ནག་ཕྱོགས་ནས་བོད་ཐོག་ལ་འགྱུར་བ་བྱིན་པ་ཞིག་གཏན་ནས་མ་ཡིན་པར་བོད་མི་མང་མགོ་སྐོར་གཏོང་བས་ཐབས་ལམ་ཞིག་དང་ཀྲུང་དབའ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་མི་རིགས་གྲངས་ཉུང་གི་རང་དབང་རྡོག་རིལ་བཏོང་བཞིན་པ་དག་ཕྱི་བསྒྲགས་མི་ཡོང་བའི་མགོ་སྐོར་གི་བྱེད་ཐུབ་ཞིག་ལས་མེད།བོད་མི་རྣམས་རྡོག་རྩ་གཅིག་བྱེད་རྒྱུ་དང་ཁ་ཕྱོགས་གཅིག་ལམ་ལུགས་གཅིག་སྒྲིག་འཛིགས་གཅིག་གི་ཐོག་ལ་འགྲོ་ཐུབ་ན་རེ་བ་ཆེན་པོ་མཐོང་།དེ་ལྟར་བྱེད་ཐུབ་ན་བོད་ནང་གི་བོད་ཀྱི་ལས་བྱེད་ཆ་ཚང་བོད་རང་དབང་སླར་གསོ་ཆེད་ལས་གནས་འཚམ་འཇོག་བྱེད་ཐུབ་ན་བོད་དོན་ཐག་གཅོད་ཡོངས་པའི་རེ་བ་ཆེན་པོ་རེད་བསམ།

    Reply
  39. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བསྐྱར་དུ་ཚིག་འགའ་ཞུ་གི་ཡིན།
    བོད་གཞུང་དྲ་བརྙན་སྟེང་གི་གསར་འགོད་གསལ་བསྒྲགས་དེར་བསྐྱར་དུ་ཉན་པ་ཡིན།
    ༧གོང་ས་མཆོག་དང་བཀའ་བློན་ཁྲི་བ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་བཅས་སུ་འབྲེལ་མོལ་ཐེངས་དགུ་བའི་ནང་དོན་ཁག་སྙན་གསེང་ཞུས་བ་ཡིན་ཟེར།
    སྙན་གསེང་ཞུས་བ་དེ་ཚོ་བོད་རིགས་ྐློག་པ་པོ་ཚོའི་མདུན་ལ་འཇོག་རོགས་གནང་། གསར་འགོད་པ་ཚོའི་སྔུན་ལ་འཇོག་རོགས་གནང་།

    Reply
  40. karma dorje says:
    ལོ་ 16 སྔོན།

    རྒྱ་ནག་གིས “བྱས་མི་ཆོག་པ་བཞི” ཟེར་བ་ཞིག་བཤད་བགྱིད་ཡོད་ན།
    བོད་རིགས་ཚོ་ལ་ཡང་༼བྱས་མི་ཆོག་པ་བཞི་༽ཤེས་དགོས་བགྱིད་ཡོད་རེད།

    དང་པོ། རྒྱ་ནག་སྲིད་གཞུང་གིས་༸གོང་ས་མཆོག་ལ་མཚན་དམོད་བྱས་མི་ཆོག
    གཉིས་པ། རྒྱ་ནག་སྲིད་གཞུང་གིས་བཙན་འབྱོལ་སྒྲིག་འཛུགས་གཏོར་ཤིག་བྱས་མི་ཆོག
    གསུམ་པ། བོད་རིགས་རྒན་གྲས་ཚོས་ཆེད་དུ་བླ་མ་སྤྲུལ་སྐུ་བཤེས་གཉེན་རྣམས་བོད་ནང་ཕར་ཕེབས་ཚུར་ཕེབས་བཀག་འགོག་བྱས་མི་ཆོག
    བཞི་པ། བོད་རིགས་གཞོན་སྐྱེས་ཚོ་བོད་ཕྱི་ནང་སློབ་གྲྭ་ཕར་འགྲོ་ཚུར་འགྲོ་བཀག་འགོག་བྱས་མི་ཆོག

    མི་ཆོག་བཞི་གཉིས་བརྒྱད་ལ་འཆམ་མཐུན་མྱུར་དུ་ཡོང་བར་སྨོན། །

    Reply
  41. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དོ་སྣང་ཅན་ཚོས་དོགས་སློང་གནང་ན། དེ་ལ་ལན་རྒྱག་རྒྱུ་རྩོམ་འབྲི་བ་ཚོའི་འོས་འགན་རེད་འདོད།
    གཞན། ཁྱེད་ཀྱི་བསམ་ཚུལ་ལ་རྗེས་སུ་ཡི་རངས་ཞུ། དགོངས་དག། ངེད་ཀྱི་མཆན་ཁ་ཤས་གོང་གི་གསར་འགྱུར་དང་འབྲེལ་མེད་ཆགས་སོང་།
    ད་འཛིན་གྲར་འགྲོ་གི་ཡིན། རྗེས་སུ་མཇལ་ཡོང་།

    Reply
  42. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ངའི་སྐད་ཆ་དེ་རྣོ་ཙམ་ཡོད་ས་རེད། ངས་མི་རེ་གཉིས་ལ་དམིགས་པ་ཞིག་མིན་པ་དེ་འདིར་ཞུ་འདོད་བྱུང་། ཐུགས་ཡིད་མི་ཆེས་ན་ངའི་ཟིན་བྲིས་ཀྱི་ནང་ལ་གཟིགས་རོགས། དེ་ང་རང་གི་གཤིས་ཀ་ཡིན། དེར་བརྟེན་དགོངས་པ་མི་འགལ་བའི་རེ་བ་བྱེད་ཀྱི་ཡོད།

    Reply
  43. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།

    ཞིབ་འཇུག་གནང་ཡོད་ན་ཡག་པོ་རེད། གང་ལྟར་ངའི་དྲི་བ་ལ་ལན་ཙམ་ཡང་གནང་མི་འདུག ངས་མུ་མཐུད་ནས་ཁྱོད་ཀྱི་ཞིབ་འཇུག་བྱས་པའི་རྩོམ་ཡིག་འདིར་འདྲེན་བཀོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

    དེ་མིན་འདི་ན་ལན་གང་ཡང་མི་འདུག

    ང་ཚོས་ཀྱང་དོ་སྣང་བྱེད་ཀྱི་མེད་པར་མ་དགོངས་རོགས།

    Reply
  44. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དེ་ནས་དངོས་མིང་དང་སྨྱུག་མིང་གི་སྐོར་ལ་ཡང་སྐད་ཆ་འགའ་ཤས་བཤད་འདོད་བྱུང་། ད་ཕན་ངེད་ཀྱིས་བྲིས་བའི་རྩོམ་ཡིག་བརྒྱ་ཆ་༩༠དེ་དངོས་མིང་གི་འོག་ན་ཡོད། བརྒྱ་ཆ་༡༠དེ་སྨྱུག་མིང་གི་འོག་ན་ཡོད། དངོས་མིང་དང་སྨྱུག་མིང་གང་ཡིན་རུང་། ངེད་ནས། ཞིབ་འཇུག་གི་བློ་ཞིག་སྔོན་ལ་བཏང་། འགན་ཁུར་གྱི་བསམ་ཚུལ་ཞིག་གཞི་ལ་བཞག། དེ་ནས་གཅིག་འབྲི་གིན་ཡོད། མཚམས་རེར་ངེད་ཀྱིས་བྲིས་བ་དེ་ཚོ་བོད་རིགས་ྐློག་མཁན་ཚོས་གོ་གི་འདུག་སྙམ། མཚམས་རེར་ངེད་ཀྱིས་བྲིས་བ་དེ་ཚོ། ྐློག་མཁན་ཚོས་གོ་གི་མི་འདུག འོན་ཀྱང་། ག་ལེར་ག་ལེར་གོ་གི་རེད་འདོད། འདི་ཡང་ངེད་རང་སྒེར་གྱི་ལྟ་ཚུལ་ཡིན། ད་ཕན་ངེད་ཀྱིས་བྲིས་བ་དང་བརྩམས་པ་དེ་ཚོའི་ཐོག་ལ། བསམ་ཚུལ་མི་མཐུན་པ་ཡོད་ན། དགག་པ་ཆར་བ་འབབ་འབབ་གནང་རོགས། དེ་ཙམ་ཡིན།

    Reply
  45. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྒྱ་གཞུང་ནི་རྡོ་ལྟ་བུ་རེད་ཅེས་བཤད་ན་འདོད་རུང་རྡོ་ལ་ཨི་ཁུང་བུག་ཐུབ་ཀྱིན་ཡོད། རྡོ་ལས་ཀྱང་མཁྲེགས་བའི་རྒྱ་གཞུང་ལ་དྲང་བདེན་དང་ཞི་བདེའི་གྲོས་མོལ་བྱེད་ས་མེད་ཅིང་། ཞི་མོལ་གྱི་ཐབས་ལམ་དང་དྲང་བདེན་གྱི་ཁ་ཕྱོགས་འཚོལ་བ་ནི་རྫུན་མ་རྫུན་རྐྱང་ལྟ་བུ་རེད། ད་ནི་ང་ཚོས་རྡོ་ཆེན་འདི་གཏོར་བར་ལྕགས་ཀྱི་ཐོ་བ་ཆུང་ཆུང་རེ་འཚོལ་སྒྲུག་བྱེད་པར་འགྲོ་དགོས་ཀྱིན་འདུག ད་ནས་བཟུང་ང་ཚོས་རང་ཐག་རང་གིས་ཆོད་ནས་བོིད་མི་སུ་འདྲ་ཞིག་དྲག་པོའི་ལམ་དུ་ཆས་འགྲོ་མཁན་ཡོད་དོ་ཅོག་རྣམས་གསང་བའི་སྒྲིག་འཛུགས་ཤིག་གི་འོག་ནས་ཕན་ཚུན་རྒྱུས་ལོན་གྲོས་བསྡུར་གྱིས་རྒྱ་ནག་གི་ས་ཁུལ་གང་ས་གང་དུའང་འ་ཆད་འུ་ཐུག་པའི་དྲག་པོའི་གཏོར་རྒོལ་གཏོང་དགོས་པའི་དུས་ལ་བབ་ཡོད། སྐྱེས་བའི་ཐ་མ་འཆི་རྒྱུ་ནི་ཆོས་ཉིད་ཙམ་དུ་མ་ཟད་མི་མཐོང་ལག་ཟིན་གྱི་ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཐུན་མོང་བ་ཞིག་ཡིན་པ་རེད། ད་ནི་ང་ཚོས་དྲག་པོའི་ལྷ་དང་གདོན། བཙན། འདྲེ་མོ་ སྲུང་མ་གསོན་པོ་འཁྲབ་དགོས་པའི་དུས་ལ་བབ་ཡོད་པ་མཁྱེན་པར་གྱིས། ཉི་མ་དེ་རིང་ནས་བཟུང་ང་ནི་དྲག་པོའི་ལམ་དུ་ཆས་ཤིང་འགྲོ་མྱོང་བའི་མི་རྒན་རེ་གཉིས་སར་དྲག་པོའི་བཀའ་སློབ་ཞུ་ས་འགྲོ་ཐག་ཆོད་ཡིན།

    Reply
  46. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ངེད་ཀྱི་བསམ་ཚུལ་དེར་ངེད་རང་སྒེར་ངོས་ནས་ཞིབ་འཇུག་གི་རྒྱབ་རྩ་ཆུང་ཆུང་ཞིག་ཡོད།
    ངེད་ནས་༢༠༠༦ཚུན་གྱི་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ་ཞིབ་འཇུག་གི་རྩོམ་ཞིག་གྲུབ་ཚར་ཡོད། དེ་སྔོན་དྲ་ཐོག་ལ་ཡང་བཞག་ཡོད།
    དེའི་རྗེས་ཀྱི་འབྲེལ་མོལ་རིམ་པ་སོ་སོར་ཡང་ཞིབ་འཇུག་ཞིག་གྲུབ་ཙམ་ཡོད། དེ་ནས་ཁ་གསལ་གྱི་རེད། གཙོ་བོ་ཞིབ་འཇུག་རེད།
    ཚོར་བ་ཡོད་མེད་དང་བསམ་ཚུལ་ཡོད་མེད་ཀྱི་སྐད་ཆ་གཅིག་པོ་མ་རེད་འདོད། བོད་རིགས་ཚོས་ཞིབ་འཇུག་བྱས་ནས་བསམ་ཚུལ་གླེང་ཐུབ་ན། དེ་ལ་དགའ་བསུ་དང་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། དེ་ཙམ་ཡིན།

    Reply
  47. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལ་དྲི་བ་འགའ་གཏོང་འདོད་བྱུང་།

    དང་པོ། འབྲེལ་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་དོན་གང་ཡིན་ནམ། བཙན་བྱོལ་བོད་གཞུང་གིས་འབྲེལ་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་ཡོད་པར་བརྗོད་ཀྱི་ཡོད་པ་རེད། དེ་ལ་འགྱུར་བ་གཏོང་དགོས་པ་རེད། དེ་མིན་ན་གང་རེད། དེ་ལ་འགྱུར་བ་གཏོང་དགོས་ན་ཇི་ལྟར་གཏོང་དགོས།

    གཉིས་པ། ད་ལྟའི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་ཟེར། སྐུ་ཚབ་བསྐོ་བཞག་གནང་མཁན་༸གོང་ས་མཆོག་ལ་བཀའ་གཏོང་གི་ཡོད་དམ། སྐུ་ཚབ་སུ་གཏོང་མིན་ཙམ་ཡང་༸གོང་ས་མཆོག་ལ་སྐུ་དབང་མེད་པ་རེད་དམ། ཡང་ན་༸གོང་ས་མཆོག་གིས་ཁོང་ཉིད་ཀྱི་སྐུ་ཚབ་སུ་གཏོང་དགོས་མིན་མཁྱེན་གྱི་མི་འདུག་ཟེར་གྱི་ཡོད། ཡང་ན་ད་ལྟའི་སྐུ་ཚབ་ལ་ང་དགའ་པོ་མེད་ཟེར་གྱི་ཡོད། སྐུ་ཚབ་འགྱུར་བ་བཏང་ནས་ཕན་གྱི་ཡོད་ན་༸གོང་ས་མཆོག་གིས་གཏོང་གི་རེད།

    གསུམ་པ། འབྲེལ་ལམ་གྱི་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་ཟེར། མཐུད་ཇི་ལྟར་རྒྱག་དགོས་པ་རེད།

    གུས་མེད་མིན་ན་ཡང་དྲི་བ་འགའ་གཏོང་དགོས་བྱུང་སོང་། སྐུ་ཉིད་ཀྱིས་དངོས་མིང་བཀོད་ཡོད་སྟབས་དགའ་པོ་བྱུང་། སོ་སོའི་བསམ་ཚུལ་ཤོད་དགོས་རེད། ཡིན་ནའང་བསམ་ཚུལ་གསུང་སྐབས་གོང་འོག་ཀུན་ལ་འགན་ཁུར་དགོས་པ་རེད། འགན་ཁུར་མེད་པའི་བཀའ་མོལ་གནང་ན་ཕན་ལས་གནོད་ཆེ་བ་རེད།

    Reply
  48. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཚབ་ཕར་འགྲོ་ཚུར་འོང་གི་ལམ་ཁ་འདི་བརྒྱུད་ནས་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་བཅིངས་ཀྱི་ཡོད་ན།
    འབྲེལམོལ་མུ་མཐུད་དུ་གནང་དགོས་རེད་བསམ། འོན་ཀྱང་། འགྱུར་བ་ཆེན་པོ་གསུམ་ངེས་པརདུ་གཏོང་དགོས་རེད་འདོད།
    དང་པོ། ད་ལྟའི་འབྲེལ་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་རེད།
    གཉིས། ད་ལྟའི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད།
    གསུམ། ད་ལྟའི་འབྲེལ་ལམ་གྱི་མཐུད་རྒྱག་སྟངས་འདིར་འགྱུར་བ་གཏོང་དགོས་རེད།

    Reply
  49. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྟོང་པ་ཉིད་ལ་གཟུགས་མེད་ཚོར་བ་མེད་འདུ་ཤེས་མེད།
    དུ་བྱེད་མེད། མིག་མེད་རྣ་བ་མེད་སྣ་མེད་ལྕེ་མེད་ལུས་མེད་ཡིད་མེད། ད་ནི་གཅིག་ཀྱང་མེད་པས་མགོ་བོ་རྡོ་ལ་དགུ་བརྒྱབས་ཏེ་འཆི་པ་ལ་རྩོམ་པར་བྱའོ།།
    འདིའི་ངོ་ཙོ་སྐྱག་པ་འགག་སོང་ནི་ཟིག་ལ་རིག་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese