བཀྲ་ཤིས། ༼ ཨོ་གླིང་ལྷོ་མ ༽
ང་ཚོ་བོད་མི་རིགས་འདིས་ལས་དབང་གི་ཁུར་བོ་རྒྱབ་ལ་ཁུར་ནས་བདེན་ཚིག་གི་འབོད་སྒྲ་རྒྱུན་མ་ཆད་པར་གོ་ལ་ཧྲིལ་བོའི་ཐོག་བསྒྲགས་ཅི་ཐུབ་བྱས་ནས་ད་བར་ལོ་ངོ་ང་གཅིག་ ཟིན་ལ་ཉེ། འོན་ཀྱང་ད་ཐེངས་སྐུ་ཚབ་རྣམ་པ་རྒྱ་ནག་ནས་ཕྱིར་རྒྱ་གར་ལ་སླེབས་མ་ཐག་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ལ་རེ་བ་མེད་ཚུལ་བསྒྲགས་འདུག འདི་ནི་རྒྱ་ནག་གིས་ང་ཚོར་བསྟན་པའི་རྣམ་འགྱུར་ངན་པ་ཞིག་དང་དེའི་ཁྲོད་དུ་སྐུ་ཚབ་རྣམས་དང་རྒྱ་ནག་གཞུང་གི་བར་ན་ཆེས་གསང་བ་དང་ལྐོག་གྱུར་བ་ཞིག་ཡོད་པ་བསྟན་ཡོད། སྐུ་ཚབ་རྣམས་ནི་ཉིས་སྟོང་དགུ་བར་ཏུ་ཐེངས་མ་དགུ་ཙམ་ལ་རྒྱ་ནག་ལ་ཕེབས་ཡོད་ཀྱང་། ཁྭ་ཏ་མོན་ལ་འཕུར་ཡང་གྲགས་རྒྱུ་རང་སྐད་ཅེས་བའི་དཔེ་ལྟར་ད་བར་གྲུབ་འབྲས་འདི་ཐོན་སོང་ཟེར་བ་ཞིག་སྟོན་རྒྱུ་མེད་པ་རེད།
གང་ལྟར་ཀྱང་ང་ཚོས་ ༥༩ ལོ་དང་ཉིས་སྟོང་དགུའི་ལོ་སོགས་དཀའ་སྡུག་དང་རྒྱལ་ཕམ་གང་མང་ཞིག་གི་སྒོ་ནས་བསྐྱལ་ཡོད། ད་དུང་རྒྱ་ནག་གིས་ཀླད་པ་མཁྲེགས་འཛིན་གྱིས་འདི་ལྟར་དུས་ཚོད་བསྐྱལ་ནས་ག་དུས་བར་འདུག་རྩིས་ཡིན་ནམ། ཏཱ་ལའི་བླ་མའི་སྐུ་དུས་སུ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱས་ན་རྗེས་ཕྱོགས་རྒྱ་ནག་ལ་འདི་ལས་ལྷག་པའི་དཀའ་རྙོག་འཕྲད་རྒྱུ་ཡིན་པ་མ་ཤེས་པ་ཡིན་ནམ། བོད་མི་ས་ཡ་དྲུག་གི་སེམས་ཁུངས་ན་ཏཱ་ལའི་བླ་མ་ལས་ཀྲུང་གོ་གུང་ཁྲན་ཏང་མེད་པ་མངོན་གྱུར་རེད། ཀྲུང་གོས་བོད་ས་ཡོངས་ཀྱི་ཕྱིའི་རྣམ་པ་དེ་ཙམ་འགྱུར་བ་གཏོང་ནུས་ཀྱང་། བོད་མི་རིགས་ཀྱི་སེམས་ཁམས་ལ་འགྱུར་བ་ཇི་ལྟར་གཏོང་། ཀྲུང་གོའི་ཕྱོགས་ནས་ནོར་འཁྲུལ་ཆེན་པོ་ཞིག་ངོ་མ་བཟོ་བཞིན་འདུག ཀྲུང་གོའི་ཕྱོགས་ནས་མུ་མཐུད་འདི་ལྟར་ཐག་གཅོད་མ་བྱས་པར་བཞག་པ་ཡིན་ན་ཉིན་ཞིག་ཏཱ་ལའི་བླ་མ་སྐུ་གཤེགས་པའི་དུས་སུ་ཡུལ་གྱར་སྲིད་གཞུང་དང་བོད་མི་དམངས་ཀྱིས་ཏཱ་ལའི་ལངས་ཕྱོགས་དབུ་མའི་ལམ་འདི་དོར་ནས་བོད་རང་བཙན་གཙང་མའི་ཕྱོགས་སུ་སྙེགས་རྒྱུ་ནི་ད་ལྟ་ནས་མངོན་གྱུར་རེད། དེ་དུས་ཀྲུང་གོའི་ཕྱོགས་ནས་ཇི་ལྟར་བྱེད་རྩིས་ཡིན་ནམ། ཏཱ་ལའི་བླ་མ་ནི་སྐུ་གཤེགས་ཀྱང་ཡུལ་གྱར་སྲིད་གཞུང་དང་བོད་མི་རིགས་ནི་མུ་མཐུད་གནས་མུས་རེད། ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར་བ་དེ་ཁྱེད་ཚོའི་མཐའ་མའི་ཐ་ཚིག་རེད་དམ། ཁྱོད་ཚོས་སོམ་དང་བོད་རྒྱའི་གནད་དོན་འདི་མ་འོངས་བར་རྒྱལ་སྤྱིའི་སྟེང་གླེང་ སློང་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་མི་སྲིད་པ་ཞིག་རེད། དེར་བརྟེན་ཏཱ་ལའི་བླ་མ་མེད་ཤུལ་ནས་ཀྲུང་གོར་དཀའ་ངལ་འཕར་མ་ཞིག་ཡོངས་རྒྱུ་ཡིན་པ་སྨྲོས་མེད་རེད།
འོན་ཀྱང་བོད་རེ་བས་ཕོངས་ཞེས་པའི་དཔེ་ལྟར་ངས་ཀྱང་ཉིས་སྟོང་བཅུ་ཡི་ལོ་འདི་ལ་རེ་བ་ ཆེན་པོ་ཞིག་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ངའི་རེ་བའི་རྒྱབ་རྟེན་ཏུ་རྟེན་འབྲེལ་ཞེས་བ་འདི་ཡོད། བོད་མི་རིགས་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཞེས་བཤད་སྲོལ་ཞིག་ཀྱང་ཡོད། ད་ལོ་བོད་ལྕགས་སྟག་ལོའི་གནམ་ལོ་གསར་ཚེས་དང་རྒྱ་ནག་གི་ལོ་གསར་གཉིས་ཉིན་གཅིག་ལ་འཁེལ་ཡོད་པ་མ་ཟད། ད་དུང་དུས་རབས་གསུམ་པ་ནས་དབུ་བརྙེས་བའི་མཛའ་མཐུན་དགའ་གྲོགས་ཀྱི་ཉིན་མོར་ཡང་འཁེལ་ཡོད་པས་བོད་རྒྱ་མཛའ་མཐུན་ཡོང་བར་ཡིད་ཆེས་དང་རེ་བས་ཁེངས་ཡོད། དུས་ཆེན་འདི་ནི་དེང་སྐབས་འཛམ་གླིང་གང་ས་ནས་བརྩི་སྲུང་བྱེད་བཞིན་ཡོད་ལ་ང་ཚོ་ ལ་མཚོན་ན་རྒྱ་བོད་མཐུན་སྒྲིལ་གྱི་རྟེན་འབྲེལ་ཞིག་ཡིན་པས་ང་ཚོས་ཀྱང་དུས་ཆེན་ སུམ་འཛོམས་འདི་ལ་མཉམ་དུ་རོལ་ཏེ་ལོ་གསར་བའི་ནང་ཡིད་ཆེས་དང་རེ་བའི་ཁེངས་ཆོག། ང་ཚོ་བོད་ལ་མཚོན་ན་རྟེན་འབྲེལ་ནི་ཆེས་དགའ་ས་ཤིག་དང་ཡིད་ཆེས་བྱེད་ས་ཤིག་ཏུ་ བརྩི་སྲོལ་ཡོད་མོད། དེར་བརྟེན་ད་ལོ་ལྕགས་སྟག་གི་ལོ་འདིར་བོད་ཀྱི་གནད་དོན་ནི་དུས་ལ་བབས་པའམ་ལས་ དབང་གིས་བཀོད་སྒྲིགས་ཤིག་ཡིན་པ་མི་ཤེས་ཀྱང་ང་ཚོས་བོད་རྒྱ་མཛའ་མཐུན་གྱི་ཉིན་ མོ་ཞིག་ཏུ་བརྩི་བསྲུང་བྱེད་ཆོག་པར་སེམས། ཉིན་མོ་དེར་༧གོང་ས་མཆོག་གཙོས་བཙན་བྱོལ་གཞུང་དང་རྒྱ་ནག་གཞུང་བར་ལ་ཕན་ཚུན་ མཛའ་མཐུན་གྱི་འཕྲིན་ཐུང་རེ་དང་ཤིས་ཚིག་རེ་འབུལ་ངེས་རེད། valentine’s day ནི་ བོད་ཀྱི་ལོ་གསར་དང་རྒྱ་ནག་ལོ་གསར་ལ་འཁེལ་བ་ཐོག་དང་པོ་ཡིན་ཤས་ཆེ། འདི་ནི་ལས་དབང་གིས་སྤྲད་པའི་རྒྱ་བོད་བར་ལ་མཛའ་གྲོགས་ཀྱི་ཉིན་མོ་ཞིག་ཡིན་ ཟེར་ནའང་མི་ཆོག་པ་མེད། དེར་བརྟེནབོད་ཕྱི་ནང་གཉིས་དང་རྒྱ་ནག་གཙོས་དུས་ཆེན་སུམ་འཛོམ་གྱི་ཉི་མ་འདི་ དགའ་གུས་སྤྲོ་གསུམ་གྱི་ངང་ནས་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་བྱས་ནས་མཛའ་གཤེས་ མཉམ་གནས་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ།།
འོའའའའའ ལྷ་རྒྱལ་ལོ། ཀླུ་རྒྱལ་ལོ། འཚམས་འཚམས་འདྲེ་ཡང་རྒྱལ་ལོ། ང་འདྲེ་དཀར་ཀརྨ་རྡོ་རྗེས། ལོ་གསར་ལ་བཤད་པ་བརྒྱབ་ཡ་དེ། བཀྲ་ཤིས་ཁྱོད་ཀྱིས་བརྒྱབས་ཚར་འདུག སྤྱིར་འཛམ་གླིང་མི་སྡེ་སྤྱི་དང་། བྱེ་བྲག་བོད་རྒྱའི་གྲོས་མོལ་འཆམཐུན་དང་།བཀྲ་ཤིས་པར་གྱུར་ཅིག བསམ་དོན་གྲུབ་པར་གྱུར་ཅིགུ
གནས་ཚང་ལགས་སྐུ་ཚབ་མཆོག་གིས་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་་ཨ་ཡོད་
དེ་ག་འདྲ་སེ་གནང་བ་རེད་ལགས་
རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག
འཇིགས་བྲལ་ལགས་ཁྱོད་ལ་ཡིད་ཆེས་མེད་ན་ཡུན་གྱིས་ལྟོས་དང་གསང་བ་དང་ལྐོགས་གྱུར་མིག་མདུན་ལ་ཤར་ངེས་རེད། གསང་བ་དང་ལྐོགས་གྱུར་ནི་མངོན་གྱུར་མི་བྱེད་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། ང་ཚོའི་ཁ་ནས་ཐོན་པའི་ཕྱི་གསལ་ནང་གསལ་དེའི་བར་ན་གསང་བ་ལྐོགས་གྱུར་ཅི་ཙམ་ཡོད་པ་ཁྱོད་ཀྱིས་ཨེ་ཤེས། མི་ཤེས་ན་ད་དུང་ལོ་ཤས་རིང་རྩམ་པ་ཟོ་དང་མཁྱེན་རྒྱུ་རེད། ཁྱོད་ཀྱི་མ་ཤེས་བ་དང་མ་མཐོང་བ་ཚང་མ་དཀྲོགས་གཏམ་ཡིན་པའི་ངེས་བ་ཡོད་མདོག་མེད། གསང་བ་དང་ལྐོགས་གྱུར་ཟེར་བ་དེ་དྲ་ཐོག་ནས་བཤད་ན་གང་ནས་འགྲིག། དཔེར་ན་རང་ཉིད་སྐྱབས་བཅོལ་ལ་ཡོང་དུས་རྒྱུ་མཚན་ཞིག་ལ་བརྟེན་ནས་ཕ་མ་དང་གཉེན་ཉེ་ལའང་གསང་བ་ལྐོགས་གྱུར་གྱི་ངང་ནས་བྲོས་བ་རེད། དེར་བརྟེན་རྒྱལ་ཁབ་གཉིས་བར་གྱི་གསང་བ་ནི་ལྐོགས་གྱུར་རང་རེད། སྐུ་ཚབ་རྣམ་པས་ཀྱང་ཡོད་ཚད་མི་དམངས་ལ་བསྒྲག་གི་མེད་པ་མངོན་གྱུར་རེད།
བཀྲ་ཤིས་ཁ་གཡང་ཞིག་གི་ཕན་རྒྱུ་ན། བོད་འདི་ཚད་འདི་འདྲ་ཞིག་ལ་ལྷུང་དོན་མེད།
ཡ་ཡ་ དུས་ཆེན་གསུམ་དེ་འདྲ་འཁེལ་རྒྱུ་ཡོད་དར་འདུག་། བཀྲ་ཤིས་ཁྱེད་ཐུགས་རྗེ་ཆེ་
བོད་རྒྱ་འབྲེལ་མོལ་གྱི་རྟེན་འབྲེལ་གང་ན་འགྲིག་་་་་་ཁྱེད་ཀྱིས་་་་སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ་་་་ཞཻས་པ་ནས་་་་མཆོག་གསུམ་བདོན་པས་རྩད་ནས་ཆོད་གྱུར་ཅིག།ཅེས་ཅི་མང་ཞིག་བཟླ་རོགས་ལོ།་་་་་་་་
འོ་རེད་་་་གཉན་འབུ་དེ་སུ་ལ་ཞུགས་ཡོད་མེད་ཤེས་ཀྱི་མི་འདུག་པས་ཚང་མས་བརྟག་དཔྱད་གནང་དགོས་པ་འདྲ་་་་ཕྲག་གའི་གཉན་འབུ་ཡིན་ན་སྨན་འཐུང་ན་དྲག་རབས་ཡོད་་་་་དེ་མིན་ཉེན་ཁའང་ཡོད་རབས་འདུག་ཡ
རེད་ལགས་ལུང་རིག་རྒྱལ། ངས་བཀོད་པའི་གཡང་སྐྱབས་རྒྱལ་གྱི་གཏམ་དེ་རིག་གསར་སྐབས་ཀྱི་ཞ་མོ་དང་འདྲ་བོ་འདུག
དྲི་ལན་གནང་མི་ཐུབ་མཁན་གྱི་རྩོམ་སྒྲིག་པ་ལགས།
བདེ་མོ་ཡིན་ན།
ནང་འགལ་གྱི་ཕུང་པོ་ར་ཙམ་ཟེར་བ་དེ་འདྲ་ལ་ཟེར་བརེད། ཟེར་བ།
ནང་འགལ་གྱི་ཕུང་པོ་རི་ཙམ་ཟེར་བ་དེ་འདྲ་ལ་ཟེར་བ་རེད། ཅེས་པར་བཅོས་རོགས།
འཇིགས་བྲལ་བསྟན་འཛིན་ཟེར་པ་འདི་འབུ་ཀོབ་ར་ཅཱི་ནང་བཞིན་གང་སར་འཛུལ་ནས་བརྗོད་གཞི་དང་འབྲེལ་བ་ཡོད་མེད་ལ་མི་བལྟ་བར་གཡང་སྐྱབས་རྒྱལ་ཟེར་བ་བཙལ་ནས་ག་རེ་གནང་རྩིས་ཡོད་ནའ། མི་འདི་ལ་ན་ཚ་ཞིག་ཡོད་པ་འདྲ། ཕལ་ཆེར་སྲོག་རྩར་རླུང་ཞུགས་པའམ། སྙིང་ལ་གཉན་ཚད་རླུང་གསུམ་འཐབ་པའི་ནག་པོ་སུམ་བསྒྲིལ་ཞེས་པའི་ན་ཚ་དེ་མིན་ནམ་སྙམ་པས། གང་མགྱོགས་སྨན་ཁང་དུ་བརྟག་དཔྱད་གནང་དགོས་པ་ལས་འགོར་འགྱངས་མ་བྱས་ན་བཟང་ཡ།
འཇིིགས་བྲལ་གྱི་མཆན་འདི་བཀླགས་རྗེས། རིག་གནས་གསར་བརྗེའི་སྐབས་ཤིག་ལོས་ཡིན་སྙམ་པ་ཞིག་འདུག
འོན་ཀྱང་ད་ཐེངས་སྐུ་ཚབ་རྣམ་པ་རྒྱ་ནག་ནས་ཕྱིར་རྒྱ་གར་ལ་སླེབས་མ་ཐག་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ལ་རེ་བ་མེད་ཚུལ་བསྒྲགས་འདུག འདི་ནི་རྒྱ་ནག་གིས་ང་ཚོར་བསྟན་པའི་རྣམ་འགྱུར་ངན་པ་ཞིག་དང་དེའི་ཁྲོད་དུ་སྐུ་ཚབ་རྣམས་དང་རྒྱ་ནག་གཞུང་གི་བར་ན་ཆེས་གསང་བ་དང་ལྐོག་གྱུར་བ་ཞིག་ཡོད་པ་བསྟན་ཡོད། ཅེས་བཤད་འདུག སྐད་ཆའི་བསྟན་དོན་སྙིང་པོ་ནི་སྐུ་ཚབ་ཚོ་དང་རྒྱ་ནག་གཞུང་གི་བར་ན་གསང་བ་དང་ལྐོག་གྱུར་འདུག་ཟེར། གསང་བ་དང་ལྐོག་གྱུར་གྱི་ཁྲོམ་གཏམ་ཞིག་གང་ན་ཡོད། ནང་འགལ་གྱི་ཕུང་པོ་ར་ཙམ་ཟེར་བ་དེ་འདྲ་ལ་ཟེར་བརེད།
ཨོ། ཁྱོད་ཀྱི་གོ་བའི་གསང་བ་དེ་གང་འདྲ་ཞིག་རེད་འདུག ལྐོག་གྱུར་གང་འདུག ཁྱོད་ཀྱིས་མ་ཤེས་ན་བཤད་མདོག་མེད།
ཤོད་དང་། གསང་བ། ལྐོག་གྱུར།
ཁུངས་མེད་ན་དཀྲུགས་གཏམ་མིན་ན་གང་རེད།
དཀྲུགས་གཏམ་སྤེལ་མཁན་གྱི་བྱེད་ལས་གང་རེད།
དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག
གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།
གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།