མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུང་ཆེ་གསར་བ་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་གིས་སྐུ་ཞབས་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེའི་ལས་གནས་སུ་བསྐོ་བཞག་གནང་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་བཙན་བྱོལ་བོད་གཞུང་གིས་གཞུང་ཞབས་འཕོ་འགྱུར་གྱི་མཛད་སྒོ་ཞིག་གནང་སྟེ། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྐུ་ཞབས་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་སྐབས་སྔོན་མའི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཚབ་དུ་བསྐོ་བཞག་གིས་དངོས་སུ་དྲུང་ཆེ་གསར་བའི་ལས་གནས་འཁུར་ཡོད་འདུག

ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ནི། ༡༩༨༢ ལོར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཀྱི་གྲས་སུ་འཛུལ་ཞུགས་གནང་བའི་མི་རབས་རྒན་པའི་གྲས་ཡིན་པ་དང་། དུས་དེ་ནས་བཟུང་དམིགས་བསལ་བོད་ནང་གི་ཁོར་ཡུག་གནས་སྟངས་ཀྱི་ཐད་ལ་ཞིབ་འཇུག་གི་འགན་འཁུར་མྱོང་པ་རེད། ཕྱིས་སུ་ཐེ་ཝན་དང་ཨོ་སི་ཊི་ལི་ཡའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་རྗེས། ༡༩༨༥  ལོའི་ཕྱི་ཟླ་ ༧ པར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་འཐུས་མི་དང་ལྷན་དུ་བོད་བྱང་ཤར་ཨ་མདོ་ཁུལ་དུ་གཟིགས་སྐོར་དུ་ཕེབས་ཏེ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མཐོ་རིམ་དཔོན་རིགས་དང་ཐུགས་འཕྲད་གནང་བ་མ་ཟད།  པེ་ཅིང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་རྣམ་གཉིས་དང་ལྷན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡོད།  ༡༩༨༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལ་གསར་པ་ཞེས་པའི་ལྷན་ཚོགས་ཐོག་སྐབས་དེའི་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་དྲུང་ཆེ་བསྟན་པ་ཚེ་རིང་ལགས་ལྷན་དུ་ཚོགས་བཅར་ཞུས་ཏེ། ཐེངས་དང་པོར་བོད་ནང་གི་ཁོར་ཡུག་གནས་སྟངས་ཞིབ་འཇུག་གནང་བའི་གལ་ཆེའི་སྙན་ཐོ་ཞིག་འབུལ་ལམ་ཞུས་ཡོད་པ་དང་།  ད་ལྟའི་བར་རྒྱལ་སྤྱིའི་ལྷན་ཚོགས་གང་མང་ལ་མཉམ་ཞུགས་དང་། ལྷག་པར་ ༡༩༨༥ ལོ་དང་འདི་ལོ་ ༢༠༡༠ ལོ་སྔ་ཕྱི་ཐེངས་གཉིས་སུ་རྒྱ་ནག་ཏུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་འཐུས་མིའི་གྲས་སུ་ཕེབས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 10

  1. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    ང་ཡིན་ན་་་་
    ནོར་འཁྲུལ་ཨང་དང་པོ་དང་
    མཛད་རྗེས་ཨང་གཉིས་པ་འཇོག་གི་ཡིན
    གང་ཡིན་ཟེར་ན་་་
    ངེད་ཚོའི་གཞུང་བྱེད་ཁ་ཤས་ནི་
    སྤྱི་སེམས་ལས་སྒེར་སེམས་ཆེ་དྲགས་པའི་རེད།
    ང་ཚོས་དཔོན་ངན་འདིའི་རིགས་ལ་ཡོ་བསྲང་བྱེད་ཞོར་
    རྒྱ་ཡན་དུ་དུས་ནམ་ཡང་གཏོང་བ་མེད།།

    Reply
  2. དབྱངས་བུ། says:
    ལོ་ 16 སྔོན།

    དྲུང་ཆེ་རྙིང་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕེབས་ནས་ཡུན་རིང་སོང་བའི་རྗེས་ལ་གཞི་ནས་དྲུང་ཆེ་གསར་པ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་དྲིལ་བསྒྲགས་དྲུང་ཆེར་ཕེབས་པར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    འོན་ཀྱང་།་དྲི་བ་ཞིག་སླེབས་པ་ནི།་་དྲུང་ཆེ་རྙིང་པ་འཕོས་ཚབ་ལམ་སེང་མ་ཕེབས་པར་ད་བར་ལུས་པ་དེའི་རིང་གཞུང་གི་ལས་དོན་ཐད་མཐུད་ཤོར་ཕྱིན་པ་རེད་དམ།་་་དེའི་བར་དྲུང་ཆེ་སུས་བྱས་པ་རེད།་་་ཡང་ན་དེའི་བར་དྲུང་ཆེ་མི་དགོས་པ་རེད་དམ།་་་ད་བར་མི་ཕེབས་པ་དེར་རྒྱུ་མཚན་ཡོད་དམ།་་་ཕེབས་མི་དགོས་པ་དེ་སྒེར་དོན་ཡིན་ནམ་གཞུང་དོན་ཡིན།་་་བསམ་བློ་གཏོང་རྒྱུ་མང་པོ་ལྷག་ཡོད་ཀྱང་།་་་གཙོ་ཆེ་ཤོས་ནི་ལས་འགོར་བཞུགས་ཟིན་པའི་རྗེས་ལ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དེ་རང་ཡིན།།་་ཐུགས་རྗེ་ཆེ།།་

    Reply
  3. ནད་པ says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་འདི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཚད་ལྡན་གྱི་གཞུང་ཞིག་ཡིན་སྟབས་ང་ཚོས་དྲུང་ཆེ་གསར་དུ་བསྐོ་བཞག་གནང་བར་སེམས་གཏིང་ནས་བཀྲིས་བདེ་ལེགས་ཞུ་དགོས།

    མི་སུ་ཞིག་ཡིན་ཀྱང་སྐྱོན་དང་ནོར་འཁྲུལ་མེད་པ་གཅིག་ཀྱང་མེད་ལ་དགེ་མཚན་མེད་པ་ཡང་གཅིག་ཀྱང་མེད་སྟབས་ང་ཚོས་ཁོང་ཚོའི་དགེ་མཚན་ལ་མཐོང་ཆེན་ནོར་འཁྲུལ་ལའང་ཡོ་བསྲང་བྱེད་དགོས།

    ལོ་རབས ༨༠ ནང་ཏིང་ཞའོ་ཕིན་གྱིས་མའོ་ཙེ་ཏུང་ཐད་ལ་བསྡོམས་ཚིག་ཅིག་བརྒྱབས་ཏེ་ཁོང་གི་མཛད་རྗེས་ནི་ཨང་དང་པོ་ཡིན་ལ་ནོར་འཁྲུལ་ནི་ཨང་གཉིས་པ་ཡིན་ཞེས་བཤད་ཡོད།

    དེ་བཞིན་དུ་ང་ཚོས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཚོའི་མཛད་རྗེས་ནི་ཨང་དང་པོར་འཇོག་དགོས་ལ་ནོར་འཁྲུལ་ཆུང་ཚགས་རིགས་ཐ་མར་འཇོག་དགོས།

    Reply
  4. lenpa says:
    ལོ་ 16 སྔོན།

    བོད་གཞུང་གི་ལས་བྱེད་འདི་ཚོ་ངོ་མ་མི་མགོ་བདེ་ལ་ཞེ་དྲག་དགའ་གི་ཡང་འདྲེ་གཅིག་ལས་གནས་ཆེ་ས་ལ་ཐོན་ཚར་ཞག

    Reply
  5. རྒྱང་རིང་ནས། says:
    ལོ་ 16 སྔོན།

    དྲུང་ཆེ་གསར་པ་ལ་བྱ་བ་ལེགས་གྲུབ་ཡོངས་བའི་སྨོན་འདུན་ལན་བརྒྱ་ཞུ།

    Reply
  6. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 16 སྔོན།

    སྤྱིར་གཏང་གཞུང་ཞབ་ལས་བྱེད་་ཟེར་བ་ནི་མི་དམང་གི་བདེ་སྡུགདང་ལེན་བྱེད་ཐུབ་མཁན་ཞིག་ངེས་པར་དུ་དགོས་ལ།
    བཙན་བྱོལ་གཞུང་གི་ལས་བྱེད་པ་རེ་ཟུང་ཞིག་གི་རྣམ་འགྱུར་སོགས་ལ་ལྟས་ན་རྒྱ་ནག་གཞུང་གི་ལས་བྱེད་ལས་ཀྱང་སྡུག་པ་དེ་འདྲ་ཡང་བྱུང་གི་འདུག

    སྤྱི་ནོར་༧གོང་ས་མཆོག་གིས་བཀའ་སློབ་སྔ་ཕྱི་ཕེབས་དོན་བཞིན་གཞུང་ཞབས་ལས་བྱེད་མཆོག་དམན་སུ་ཡིན་ཡང་ལུས་ངག་གི་སྤྱོད་ལམ་བཟང་རུ་འགྲོ་བའི་སྨོན་འདུན་ཞུ།

    སྐབས་སུ་བབས་པའི་དྲུ་ཆེ་མཆོག་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་ཞུ།

    Reply
  7. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    མི་འདི་སྤྱི་དོན་ཁ་ལ་གཡར་ནས་རང་དོན་བསྒྲུབ་མཁན་ཞིག་
    ཏན་ཏན་རེད་བཞག
    བོད་གཞུང་དམངས་གཉིས་ནས་ཐུགས་སྣང་གནང་རོགས།།
    བཀྲ་ཤིས་བདེ་ལེགས་རྗེས་ལ་ཡོད་དོ།།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    སྔོན་མ་ཁོང་ཨོ་སེ་ཁྲོ་ཡ་ལ་ཡོད་སྐབས་ཐུགས་སོང་། ཧ་ཅིང་མགོ་བདེ་ཞིག་སྙམ་པའི་ཚོར་བ་སྐྱེ་མྱོང་། རེད་རེད། གང་ལྟར་ཡང་བྱ་བ་ཡག་པོ་ཞིག་སྒྲུབ་རྒྱུའི་རེ་བ་ཡིན།
    ཝ

    Reply
  9. ཕུན་ཚོགས ། says:
    ལོ་ 16 སྔོན།

    མགོ་ལ་ཨ་ཏི་ཤ་འདོགས་ཚུལ་ལ་བལྟ་རྒྱུ་ན་མཁས་པའི་མིང་ཡོད་མཁན་ཞིག་ཡིན་ས་ཡོད་གི།
    བྱ་བ་ལམ་དུ་འགྲོ་བར་སྨོན།

    Reply
  10. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    དྲུང་ཆེ་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། ལས་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུག་བ་ཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese