མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟུག་སྐད་དེར་ཉན་སྟངས་ཤིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེས་དོན་དངོས་ཐོག་རྒྱ་ནག་ལ་གནོད་སྐྱོན་ཐེབས་གི་རེད་དམ། ཡང་ན། རྒྱ་ནག་ལ་གོ་སྐབས་གཞན་ཞིག་ཤར་ཡོང་གི་ཡོད།

རྒྱ་ནག་གིས་དོན་མེད་དུ་ཁ་ནུབ་ལ་འཁོར་ཏེ་ཁྱི་ཟུག་ཟུག་བྱེད་ཀྱིན་པ་མ་གཏོགས། དོན་དངོས་ཐོག་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་འདིས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་དོན་མེད་ལ། ལྷག་པར་དུ་མཇལ་འཕྲད་ཀྱི་རྣམ་པ་དང་བཀའ་མོལ་གྱི་ནང་དོན་ཐད་ནས་རྒྱ་ནག་གི་སྲིད་བྱུས་ལ་འགལ་འགྲོ་རྒྱུའི་རྒྱུ་རྐྱེན་ཅི་ཡང་བསྐྲུན་མེད།

དེ་ལས་ལྡོག་སྟེ། རྒྱ་ནག་གི་ཟུག་སྐད་འདིའི་རྒྱབ་ན་གཡོ་བྱུས་གཞན་ཞིག་ཡོད་ངེས་ལ། དེ་ནི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་ངོས་ནས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ནན་ཏན་བཏང་སྟེ་མགྱོགས་པོར་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་མེད་པར་གཏོང་དགོས་ཚུལ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཨ་རྒྱའི་འབྲེལ་བར་གནོད་སྐྱོན་མེད་པ་བཟོ་དགོས་པའི་ཆ་རྐྱེན་བཏོན་པའི་ཤུགས་སུ་ཡོད་པར་འདོད།

རྒྱ་ནག་གིས་མཇལ་འཕྲད་འདི་མི་ཁོག་པ་ཤེས་བཞིན་དུ་མཇལ་འཕྲད་གནང་མི་ཆོག་ཅེས་འུར་བརྒྱབས་པ་དང་། མཇལ་འཕྲད་གནང་ཚར་མ་ཐག་ད་ནི་གང་མགྱོགས་ཀྱིས་ནོར་འཁྲུལ་ཡོ་བསྲང་དང་ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས་ཞེས་བཤད་པའི་ཤུགས་ཀྱི་གོ་དོན་ངོ་མ་ནི་ཨ་རིའི་ཕྱོགས་ནས་སླར་ཡང་བོད་འདི་རྒྱ་ནག་གི་ཆ་ཤས་འཁྲུལ་མེད་ཅིག་ཡིན་པ་གསལ་གསལ་ཐིང་ཐིང་གིས་བསྒྲགས་དགོས་པའི་དོན་ཡིན། ཁོང་ཚོར་མཚོན་ན་སྲིད་འཛིན་ཨོ་བྷ་མའི་ངག་ནས་འདི་ལྟའི་ཡོངས་ཁྱབ་བསྒྲགས་གཏམ་ནི་ཐོན་ཆོག་ཆོག་ཅིག་ཡིན་པའི་ངེས་ཤེས་སྐྱེས་ཡོད་སྲིད། དེ་ནི་ལོ་སྔོན་མ་སྲིད་འཛིན་ཨོ་བྷ་མས་པེ་ཅིན་ནས་འདི་ལྟའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེ་བཞིན་དུ་ཨ་རིས་མགོ་ཁྲིད་དེ་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་སྐབས་སུ་ཨོ་བྷ་མར་མེད་ཐབས་མེད་པའི་བསྟེན་ས་གཅིག་ནི་རྒྱ་ནག་ཡིན་པ་ཤེས་ཡོད་སྟབས། ཁོང་ཚོས་ཐེངས་འདིའི་གོ་སྐབས་ལ་བསྟུན་ནས་ཨོ་བྷ་མའི་ངག་ནས་རྒྱ་ནག་གི་སྲིད་བྱུས་བསྒྲགས་འཇུག་འདོད་ཡིན་ལ། ཁོང་ཚོས་བཤད་པ་ལྟར། རྒྱལ་ཁབ་གཞན་པ་རྣམས་ཀྱང་རྗེས་མ་རང་བཞིན་དེ་ལས་མི་འདའ་བ་ཞིག་སྟོན་ཆེད་ཡིན། དེ་བས་རྒྱ་ནག་གིས་རང་ཉིད་ལ་གོ་སྐབས་ཤིག་བསྐྲུན་བཞིན་ཡོད་ལ། ང་ཚོས་གཟབ་དགོས་ས་ཡང་འདི་ཡིན།

དེ་མ་གཏོགས་ཨ་རྒྱ་གཉིས་ལ་མི་མཐུན་ས་མང་རུང་། ཕན་ཚུན་གྱི་རྨ་ཁ་གསོ་ས་དང་ཕྱག་འཇུ་བྱ་སའི་སྡིངས་ཆ་ཡང་མང་། དཔེར་ན། འབྱུང་འགྱུར་གྱི་ལས་རིམ་སྒྲིག་པ་ལྟར་ན། ཉིས་སྟོང་བཅུ་ལོ་གཅིག་པུར་སྲིད་འཛིན་ཨོ་བྷ་མ་དང་ཧུའུ་ཅིན་ཐོ་གཉིས་ལ་ཉུང་མཐར་ཡང་སྔ་ཕྱི་ཐེངས་ ༥ ལ་ཐུག་འཕྲད་ཀྱི་གོ་སྐབས་ཡོད་ལ། གོ་སྐབས་འདི་དག་གིས་ཨ་རྒྱ་གཉིས་ཀྱི་གཞི་རྩའི་ཁེ་ཕན་བསྐྲུན་གྱི་ཡོད་སྟབས། ཕྱོགས་གཉིས་ཀྱི་གང་ཡིན་རུང་འགལ་བ་ཆུང་ངུའི་རིགས་སེམས་ལ་ཉར་ཏེ་གཏན་དུ་ཞེ་ཁྲེལ་ནས་སྡོད་ལོང་མེད་པ་ནི་མངོན་གསལ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 1

  1. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དུས་བབ་ནང་གི་དྲ་གྲོགས་ཚང་མ་ཁ་བརྡའི་ནང་དུ་བོད་རང་བཙན་གྱི་ཆེན་དུ་འོས་ཤོག་བླུགས་པར་ཕེབས་རོགས། དྲ་ཐག་འདི་ཡིན།
    http://www.khabdha.org/?p=6688&cpage=1#comment-23383

    དྲ་གྲོགས་ཚོ། མགྱོགས་པོར་འོས་བླུགས་པར་ཕེབས་རོགས། གོང་གི་དྲ་ཐག་ནང་དུ་དྲ་ཤར་གསུམ་ཡོད་པའི་དཀྱིལ་མ་དེ་ལས་དབྱིན་ཡིག་གི་Quick Vote ཞེས་པ་ལས་yes སྟེང་གནོན་དགོས་པ་ཡིན།
    རྒྱ་གར་གྱི་ཉིན་གུང་དུས་ཚོད་༡།༤༥་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་༩་དང་། ཁ་གཏད་བརྒྱ་ཆའི་༩༡་རེད་འདུག འགྱོགས་པོར་འོས་བླུགས་པར་ཕེབས་རོགས། ཕན་ཚུན་ལ་བརྡ་ལན་སྤྲོད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese