མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་ནང་ཆེན་གྱི་སྦྱར་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༢ ཚེས་མགོ་ཞིག་ལ་མཚོ་སྔོན་ཡུལ་ཤུལ་ནང་ཆེན་གཙོས་ས་ཁུལ་ ༣༠ ཙམ་གྱི་ནང་དུ་ཡིག་ཆ་མང་པོ་ཞིག་སྦྱར་འགྲེམས་བྱས་ཡོད་སྟབས། ལོ་གསར་ཚེས་གཉིས་ཡས་མས་སུ་ནང་ཆེན་ས་ཆའི་བོད་རིགས་ཚོང་བ་ ༥ ཙམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག དེ་ནི་སྦྱར་ཡིག་དེར་ནང་ཆེན་ས་ཁུལ་གྱི་བོད་རིགས་ཚོང་པ་ཐུན་མོང་གིས་འགྲོ་སོང་བཏང་སྟེ། སྤྱི་ནོར་༧གོང་ས་མཆོག་ལ་ཞབས་བརྟན་བསྒྲུབ་རྒྱུ་དང་། བོད་རིགས་ཡོངས་ཀྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་སྐོར་བཀོད་ཡོད་པས་ཡིན་འདུག སྦྱར་ཡིག་དེའི་མཇུག་ཏུ་ཟླ་ ༢ ཚེས་ ༢ ཞེས་བཀོད་ཡོད་ཀྱང་། དངོས་སུ་སྦྱར་འགྲེམས་བྱས་པའི་དུས་ཚོད་གསལ་བོ་ཤེས་རྟོགས་མི་འདུག་ལ། འཛིན་བཟུང་བྱས་ཟིན་པའི་ཚོང་བ་དེ་དག་གི་མིང་དང་ད་ལྟའི་གནས་སྟངས་སོགས་ཀྱང་ཤེས་རྟོགས་མི་འདུག

སྦྱར་ཡིག་དེའི་ནང་དོན་གཤམ་གསལ་ལྟར་ཡིན། རྒྱལ་ཀུན་སྙིང་རྗེའི་རང་གཟིགས་མིག་མ་ཟུམ། བརྩེ་ཆེན་ཐུགས་རྗེའི་གཡར་དམ་མི་ལྷོད་པར། །ཉམ་ཐག་འགྲོ་བའི་སལ་སྣང་འདི་གཟིགས་ལ། །སྡུག་བསྔལ་འདམ་ལས་དྲོངས་ཤིག་པད་དཀར་འཆང་། །

གསན་མཁན་རྣམ་པ། ད་ལྟར་སྙིགས་མ་ལྔ་ཡི་རང་རྟགས་མངོན་དུ་གྱུར་ཅིང་། ཕྱི་ནང་གི་མི་དང་མི་མིན་རྣམས་ཀྱི་བསམ་སྤྱོད་ངན་པའི་སྦྱོར་བས། འཛམ་གླིང་གོ་ལའི་ཁྱོན་ལ་ཡ་ང་བའི་གནས་ཚུལ་མི་ཉུང་བ་ཞིག་ཐོན་དང་འཐོན་བཞིན་ཡོད་པའི་སྒང་འདིར། ང་ཚོ་སྨྲ་ཤེས་དོན་གོ་མི་ཡི་རིགས་སྤྱི་དང་། ལྷག་པར་བྱམས་ལྡན་བོད་མི་ཡོངས་ནས་འཛམ་གླིང་སྤྱི་དང་བྱེ་བྲག་གི་སྐྱིད་སྡུག་ལ་དོ་སྣང་ཆེན་པོས་འགལ་སྤོང་མཐུན་སྒྲིལ་གྱི་སྣེ་ཁྲིད་བྱ་དགོས། དེར་བརྟེན། ང་ཚོ་སྒོམ་སྡེ་ནང་ཆེན་པའི་ཚོང་བ་རྣམས་ཀྱིས་སྣེ་ཁྲིད་བྱས་ཏེ། འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱལ་བསྟན་ཡོངས་རྫོགས་ཀྱི་འབྱུང་ཁུངས་གངས་ཅན་བོད་ཀྱི་སྐྱབས་མགོན་འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་གཙོས་བོད་མི་ས་ཡ་དྲུག་གི་སྐུ་རིམ་དུ། ཚེ་སྙིང་དུང་ཕྱུར་གཅིག་གི་ཇོ་དར་བླུས་ཏེ། རྟ་ཟླའི་ཚེས་བཅོ་ལྔ་ཉིན་གནས་ཆེན་དང་གདན་ས་ཁག་སོ་སོར་སྒྲོན་རྒྱུ་ཡིན། དེ་ལ་ཇོ་དར་བླུ་ཡོན་ནི་འདི་ལོ་ང་ཚོ་ཚོང་པ་རྣམས་ཀྱི་སྤྱི་སྒྲིག་ལྟར། བོད་སྐད་གཙང་མ་མ་ཕོག་པའི་ཆད་དངུལ་སྒོར་སུམ་སྟོང་ལྷག་ཙམ་ཡོད་པ་དེ་མ་དངུལ་དུ་གཏོང་རྒྱུ་དང་། དེའི་འཕྲོའི་འགྲོ་གྲོན་ཆ་ཚང་ངེད་ཚོང་པ་རྣམས་ཀྱིས་གཏོང་རྒྱུ་ཡིན། ཁྱེད་རྒྱ་ཆེའི་ཆོས་དད་ནང་ཚོགས་རྣམས་ཀྱིས་རྒྱ་མཚོར་ཆུ་ཐིགས་ཀྱི་དཔེ་ལྟར། ཞལ་འདེབས་འབུལ་འདོད་ཡོད་ཚེ་དུས་ཚོད་ལས་མི་ཡོལ་བ་མཁྱེན།

མཇུག་གི་གཏམ། ང་ཚོ་རང་རེའི་སྤུན་ཟླ་ཚང་མ་རང་རིགས་ལ་ཤ་ཞེན་བྱེད་པ་དང་། རང་ཡུལ་ལ་སྲུང་སྐྱོབ་བྱེད་པ། རང་སྐད་ལ་དོ་སྣང་བྱེད་པར་སྐུལ་འདེད་རིམ་པས་བྱེད་པ་ལེགས་ན། རྣམ་པ་ལྷན་རྒྱས་ཀྱིས་མཐུན་འབྲེལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྙིང་སྟོབས་ཀྱི་དམ་བཅའ་ནམ་ཡང་མི་འདོར་བར་མཛད་འཚལ། སྒོམ་སྡེ་ནང་ཆེན་ཤོར་མདའ་རྫོང་བའི་འབུ་ཚོང་བ་ལྷན་ནས། ༢༠༡༠ ཟླ་ ༢ ཚེས་ ༢ ཉིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༤ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 7

  1. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་ཡིག་ནོར།
    སྦྱར་ཡིག་དེའི་ནང་དོན་གཤམ་གསལ་ལྟར་ཡིན། རྒྱལ་ཀུན་སྙིང་རྗེའི་རང་གཟིགས་མིག་མ་ཟུམ། བརྩེ་ཆེན་ཐུགས་རྗེའི་གཡར་དམ་མི་ལྷོད་པར། །ཉམ་ཐག་འགྲོ་བའི་སལ་སྣང་འདི་གཟིགས་ལ། །སྡུག་བསྔལ་འདམ་ལས་དྲོངས་ཤིག་པད་དཀར་འཆང་། །
    གཟིགས།
    མ།
    སལ།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    སྦྱར་ཡིག་གི་འགོ་ནས་ཚིགས་བཅད་དང་པོ་དེ་དུས་བབ་ཚང་གི་སྤོ་བཤུ་སྐབས་ཡིག་ནོར་མང་པོ་བྱས་འདུག་པས་འཕྲལ་དུ་མ་ཡིག་ལྟར་ནོར་བཅོས་གནང་ན་བཟང་།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྟོབས་ལགས་་་་་་་་བོད་ཀྱི་གནའ་དཔེ་ཞིབ་གཤེར་ཁང་ལ་ཕྱིར་མིག་ཞིག་བྱེད་རོགས

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    གཞིས་ལུས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་རྒྱབ་བསྐྱོར་ཞུ། བོད་གངས་ཅན་པ་ནམ་ཡང་རྒྱལ་གྱུར་གཅིག། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རང་དབང་ན་འཚོ་བཞིན་བའི་བོད་མིའི་ས་གནས་ཡོད་དོ་ཅོག་ལ་སྦྱར་ཡིག་འདི་བཀྲམ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་་་་་དེ་ལྟར་བྱས་ན་རང་དབང་ན་ཡོད་པའི་བོད་མི་དག་གི་སེམས་ཤུག་ལ་ཁ་སྣོན་བྱས་ཏེ་སེམས་པས་ཁ་ཕྱོགས་སྤྱི་ལ་འགུལ་སྐྱོད་དང་ལྷག་པར་དུ་ཕྱུག་བདག་ཚོ་ལ་སེམས་འགུལ་རེ་ཐེབ་ན་ཀོང་བུ་གཅིག་དུ་འདུ་ཐུབ།།།་དེ་ལྟར་བྱས་ན་བོད་མི་སྤྱི་སེམས་ཅན་དེ་ཚོའི་སྡུག་མྱོང་ཡང་འབྲས་བུ་ཐོབ་སོང་ནི་རེད།།།་རེ་བ་་་་་་ངའི་་འདི་གར་གང་ཐུབ་གྱི་བཤད་གི་ཡོད་་་་་་ཁྱེད་ཅག་གིས་ཀྱང་དེ་ལྟར་བཤད་རོགས་་་་ཕན་པ་ལས་གནོད་མེད་པས་ཡིན་་ཐུགས་རྗེ་ཆེ།།།།།།།།།

    Reply
  6. གངས་ཅན་པའི་ལས་དབང་། says:
    ལོ་ 16 སྔོན།

    དངོས་ནས་བོད་ཀྱི་དཔའ་འཛོམས་དང་ལ་རྒྱ་ལྡན་པའི་གཞིས་ལུས་སྤུན་ཟླ་རྣམས་རེད། ང་ཚོས་ཁོང་རྣམས་པའི་རྗེས་སུ་བསྙེགས་རྒྱུ་ཧ་ཅང་གལ་ཆེ་ཞིག་རེད་བསམ་འདུག

    Reply
  7. སྟོབས་ says:
    ལོ་ 16 སྔོན།

    སྦྱར་ཡིག་བརྟེན་ནས་བོད་སེམས་ལ་འགུལ་སྐྱོམ་ཐེབ་དགོས་དེ་ལྟར་བྱེད་མ་ཐུབ་ན་བཙོན་ཁང་ནང་དུ་མནར་གཅོད་མྱོང་བཞིན་པའི་བོད་མི་དེ་ཚོའི་རེ་འདུན་འགྲུབ་མི་ཐུབ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese