བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ལས་ཁུངས་ཀྱི་སྣེ་ཁྲིད་འོག ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཉིས་ཉམས་གསོ་བྱེད་པའི་ལས་གཞི་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་ལས་གཞི་ཚང་མ་ད་ལོའི་ཕྱི་ཟླ་ ༨ པའི་ནང་ལེགས་གྲུབ་ཡོང་རྒྱུ་ཡིན་འདུག ཐེངས་འདིར་གཙུག་ལག་ཁང་གཉིས་ཉམས་གསོའི་ལས་ཀ་གཙོ་བོ་ཨར་ཀ་རྒྱག་རྒྱུ་དང་ལྡེབས་རིས་ཉམས་གསོ་བྱ་རྒྱུ་དེ་ཡིན་འདུག དེ་སྔ་རྒྱ་སྟག་ར་མོ་ཆེའི་རིག་དངོས་ཉམས་གསོའི་ལས་གཞི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༨༠ དང་། ཐོག་ངོས་ཉམས་གསོ་གྱང་གཞི་ཇེ་བརྟན་དུ་བཏང་སོགས་ཀྱི་ལས་གཞི་ལེགས་གྲུབ་ཟིན་ཡོད་པ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷ་ཁང་གཙོ་བོ་དང་སངས་རྒྱས་སྟོང་སྐུའི་ལྷ་ཁང་བར་འཁྱམས། ཉི་འོད་ལྷ་ཁང་བཅས་ཀྱི་ལས་གཞི་ལེགས་གྲུབ་ཟིན་པ་མ་ཟད། ལྡེབས་རིས་སྲུང་སྐྱོང་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་བ་བཅས་ཀྱིས་ལས་གཞི་ཡོངས་ཀྱི་བརྒྱ་ཆ་ ༦༠ ལེགས་གྲུབ་ཟིན་ཡོད། ཅེས་བཀོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
རྒྱ་རྡེའུའི་དགེ་འདུན
ཁྱེད་ཀྱི་ང་ལ་དྲང་བདེན་གྱི་རྒྱབ་སྐྱོར་བྱས་པ་ལ་ཞེ་ཐག་པ་ནས་བཀའ་དྲིན་ཆེ
སྟོགས་ལགས་ཅི་ཞིག་མ་འགྲིག་ནི་རེད།། ་་རང་དབང་གི་གླེང་སྟེགས་འདིའི་ནང་ཚང་མའི་རང་དབང་གི་མཆན་འབྲི་ཆོག་པ་མ་ཟད་མི་སྒེར་སུ་ལ་ཡང་མཆན་བསུབ་རྒྱུ་དབང་ཆ་མེད།
གལ་ཏེ་མཆན་བསུབ་དགོས་ན་དོ་བདག་གི་ངོས་ལེན་ངེས་པར་དགོས
མ་གཞི་ནས་རྨོག་རུ་བསྟན་པ་ཟེར་བ་དེ་གྲྭ་སའི་དགེ་བསྐུལ་ཞིག་དང་ཁ་རྩོད་རྒྱག་མཁན་དེ་མ་རེད་དམ ཚང་མའི་བསམ་བློ་གཅིག་ནི་མ་རེད་་་་་་་་་་་་་་་་་་་་་་་་་་་་་་་ཅི་བཤད་ན་བཤད་རང་ཉིད་ཀྱི་མི་མཐུད་ནས་བྲིས
ཡར་རྒྱས་དང་གཏོར་བཤིག་མཉམ་གཏོང་ཡིན་གྱི་རེད།
གཙུག་ལག་ཁང་ཉམས་་གསོ་ལ་རྟེན་འབྲེལ་ཞུ ། དྲྭ་གྲོགས་ཚོ་དེ་རིང་རྨོག་རུ་བསྟན་པས་ངའི་མཆན་བསུབ་ཀྱི་ཡིན་ཟེར ། ངོ་མ་དགོད་སྤྱད་རེད ། ང་རྨོག་རུའི་ཁྱིམ་དུ་འཛུལ་ཐང་རེ་སྡང་མིག་བཀྲད་ཀྱིན་སྡིགས་དམོད་དང་དམའ་འབེབ་ཡག་ཐག་ཆོད་རེ་བྱས་ནས་ཕྱིར་སྒོ་ལ་བདའ་སོང་ ། ད་དུང་ཕྱིར་མ་ཡོང་མ་གཏོགས་ཁྱེད་ཀྱི་མཆན་བསུབ་ཀྱི་ཡིན་ཟེར ། ང་ལ་འདི་ལྟར་བྱེད་དོན་ཅི་ཡིན་ན ། འདིའི་སྐོར་ལ་དྲ་གྲོགས་ཚོ་བསྐུལ་འདེབས་ཞུ་ཞིག་ནི་མཆན་རེ་ཡག་སྡུག་ཡིན་རུང་འབྲི་རོགས་ཞུ
བཟང་ཆ་ཕྱོགས་ནས་བཤད་ན་རེད་
དེ་ཡང་ཡར་རྒྱས་ཞིག་དུ་ངོས་འཛིན་དགོས
ཕོ་བྲང་པོ་ཏཱ་ལ་ཉམས་གསོ་བྱེད་ཞོར་དུ་ནང་ནས་གནའ་རྫས་རྩ་ཆེན་མང་པོ་མེད་སོང་བ་རེད། གཙུག་ལག་ཁངགཉིས་ཀྱང་དེ་འདྲ་ཞིག་ཡིན་རྒྱུ་རེད།