འཛམ་གླིང་གི་སྙན་གྲགས་ཆེས་ཆེ་བའི་ལག་འཁྱེར་ཁ་པར་ཐོན་སྐྱེད་བཟོ་ཚོང་ཁེ་ལས་ནོ་ཁེ་ཡཱའི་རྒྱ་ནག་སུའུ་ཀྲུག་ཏུ་ཡོད་པའི་ཡན་ལག་བཟོ་གྲྭ་ཞིག་ཏུ་ལས་བཟོ་བ་ ༥༧ ལ་རྫས་སྦྱོར་ནད་དུག་ཕོག་པ་དང་། བཟོ་བ་ ༤༤ ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ཡན་ལག་བཟོ་ཚོང་དེའི་མགྲིན་ཚབ་པས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་དོན། ཡན་ལག་བཟོ་ཚོང་འདིའི་ལག་རྩལ་རྒྱུ་ཆ་ཕལ་ཆེ་བ་ནི་ཐའེ་ཝན་ཧྲིན་ཧྲ་ལག་རྩལ་བཟོ་གྲྭའི་ཐོན་རྫས་ཡིན་པ་དང་། བཟོ་གྲྭ་དེས་ད་དུང་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་དག་ལ་ཡང་ཐོན་རྫས་མཁོ་སྤྲོད་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད། རྒྱ་ནག་སུའུ་ཀྲུག་ཏུ་ཡོད་པའི་ཡན་ལག་བཟོ་གྲྭ་དེས་ ༢༠༠༨ ལོའི་ཟླ་ ༡༠ ནས་ ༢༠༠༩ ལོའི་ཟླ་ ༧ པའི་བར་དུ་དུག་ནད་ཅན་གྱི་རྫས་སྦྱོར་ཐོན་རྫས་དེ་བེད་སྤྱོད་བྱས་ཡོད། གར་ཚད་ཆེས་མཐོ་བའི་དུག་ནད་ཅན་གྱི་རྫས་སྦྱོར་དེས་མི་རྣམས་ལ་ཡན་ལག་ཞ་འཁུམས་ཀྱི་ན་ཚ་ཕོག་བཞིན་པ་དང་། རྫས་དུག་ན་ཚ་དེ་ཕོགས་རྗེས་མ་མཐར་ཡང་ཟླ་ ༦ ནས་ལོ་ ༡ གི་དུས་ཡུན་རིང་སྨན་བཅོས་མ་བྱས་ཚེ་དྲགས་བསྐྱེད་འབྱུང་དཀའ། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ས་གནས་བཟོ་ཚོང་དེའི་མགོ་བ་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། བཟོ་ཚོང་མགྲིན་ཚབ་པས་བཟོ་གྲྭའི་དོན་རྐྱེན་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
མ་ཟིན་པ་ཚོད་མ་ཟིན་པས་སྡུག་མེད
ཟིན་པ་ནད་གྱིས་ཟིན་པས་སྡུག་མེད
ཤི་རྐྱེན་བྱུང་བ་རྣམས་ལ་སྙིང་རེ་རྗེ