མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འགུལ་འདི་ཐོབ་ཐང་རྩོད་པའི་ལས་འགུལ་ཞིག་མིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་བུད་མེད་ཀྱི་ནུས་ཤུགས་སྤེལ་དགོས་དོན་གཅིག་དེ་ས་གནས་འཐུས་མིའི་ཚོགས་འདུ་དང་གཞན་དེ་སྤྱི་འཐུས་ལྷན་ཚོགས་རེད་ཅེས་བཀའ་ཁྲི་མཆོག་གིས་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཆེད་དོན་བགྲོ་གླེང་ཐོག་གསུངས་ཡོད།
 
ཟླ་འདིའི་ཚེས་ ༤ ནས་ཚེས་ ༥ བར་གྱི་ཉིན་གཉིས་རིང་བོད་གཞུང་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གི་གོ་སྒྲིག་འོག་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་ཆེད་དོན་བགྲོ་གླེང་ཞིག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྐོང་འཚོགས་གནང་ཡོད་ལ། བགྲོ་གླེང་དེའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གཙོས་པའི་བོད་གཞུང་དཔལ་འབྱོར་བཀའ་བློན་དང་ཤེས་རིག་བཀའ་བློན་བཅས་བཀའ་བློན་རྣམ་གཉིས་དང་། དེ་བཞིན་བོད་གཞུང་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་ཐོག་དབུ་འཛུགས་གནང་བ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བུད་མེད་ཀྱི་ཆེད་དོན་བགྲོ་གླེང་དབུ་འབྱེད་དང་འབྲེལ་བཀའ་སློབ་གསུང་བཤད་གནང་ཡོད།

བཀའ་ཁྲིས་གསུངས་དོན། འདས་པའི་མི་ལོ་སུམ་སྟོང་ཡས་མས་ཀྱི་རིང་བོད་མི་རིགས་ཀྱི་ཁྲོད་དུ་མིའི་སྤྱིའི་ཚོགས་ཀྱི་དཔལ་ཡོན་དར་བ་དང་། དུས་རབས་ ༢༡ པའི་བར་ལ་ཕྱིར་བལྟས་ཤིག་བྱས་ཚེ། བོད་པའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་ཀྱི་བར་ལ་འདྲ་མཉམ་མེད་པ་དང་། གཅིག་གིས་གཅིག་ལ་གནོན་ཤུགས་དང་བཙན་དབང་བྱས་པ། ལྷག་པར་དུ་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ནང་བསམ་ཚུལ་དང་དཀའ་རྙོག་བྱུང་མ་མྱོང་ལ། འཛམ་གླིང་གི་སྤྱི་ཚོགས་གཞན་དང་མཚུངས་བསྡུར་བྱེད་སྐབས་ཀྱང་བོད་པའི་སྤྱི་ཚོགས་ཡག་པོ་རེད་བསམ་གྱིན་ཡོད།  སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་ཕོ་མོ་འདྲ་མཉམ་དང་ཕོ་མོའི་མཐུན་ལམ་གྱི་གནས་བབས་དེ་ཡག་པོ་ཡོད་བསྡད་པ་ཞིག་རེད། བོད་པའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་དགོས་མཁོ་གང་འདྲ་བྱས་ཏེ་ཆགས་པ་རེད་ཅེ་ན། ༡༩༥༩ ལོར་ང་ཚོ་བཙན་བྱོལ་ཏུ་འབྱོར་བའི་སྐབས་བོད་མི་ཁྲི་ ༨ ཙམ་ཡོད་པའི་ཁྲོད་དུ་བུད་མེད་ཀྱི་གྲངས་འབོར་ཧ་ཅང་ཉུང་ཉུང་རེད། གང་ཡིན་ཞེ་ན། ནང་ཆ་ཚང་རུབ་རུབ་བྱས་ཏེ་ཡོང་མཁན་གཅིག་ཀྱང་བྱུང་མེད་པ་དང་། སྐབས་དེར་སྡེ་བ་གཞུང་གི་སྐུ་དྲག་དག་ལ་ཆ་མཚོན་ནའང་ལྕམ་དང་ཨ་རག་མཉམ་དུ་སླེབས་མཁན་མི་ཚང་གཉིས་མ་གཏོགས་མེད་ལ། མང་ཆེ་བ་ཧྲེང་ཧྲེང་བྱས་ཏེ་ཡོང་བ་ཡིན་པས་ང་ཚོའི་སྤྱི་ཚོགས་ནང་ལ་གྲངས་འབོར་མང་ཉུང་གི་ཁྱད་པར་ཞིག་སྐབས་དེ་ནས་ཆགས་བསྡད་ཡོད། དེར་བརྟེན། ད་ལྟ་ཆ་སྙོམས་ཡོང་བ་དང་ནུས་ཤུགས་སྤེལ་བའི་ཐབས་ལམ་ཞིག་བསམ་བཞིན་དུ་འདུ་ཤེས་དང་ལྡན་པའི་ཐོག་ནས་མ་གནང་ཚེ། ག་དུས་ཡིན་ཡང་མང་ཉུང་དང་ཁྱད་པར་འགྲོ་བའི་གནས་ཚུལ་ཞིག་ཡོང་སྲིད། ད་ལྟ་ང་ཚོའི་གནས་སྟངས་ཞེ་དྲག་སྐྱོ་བོ་དེ་འདྲ་མ་རེད། བཙན་བྱོལ་བོད་གཞུང་གི་ད་ལྟའི་གཞུང་ཞབས་པ་ ༤༦༤ ཡོད་པའི་ཁྲོད་དུ་བུད་མེད་ ༡༥༥ ཡོད་ལ། བརྒྱ་ཆ་དམའ་བོ་ཆགས་མེད་བསམ་གྱིན་ཡོད། གཞུང་ཞབས་པའི་གྲངས་འབོར་ནང་མ་ཚུད་པའི་ས་གནས་མགོ་འཛིན་ལས་ཁུངས་ཁག་ཏུ་སྐྱེས་པ་ ༤༤༦ དང་བུད་མེད་ ༢༧༡ ཡོད། དབུས་ཀྱི་གཞུང་ཞབས་ས་གནས་རང་ཁོངས་ལས་བྱེད་ནང་བུད་མེད་ཀྱི་བརྒྱ་ཆ་དེ་མཐོ་བོ་ཡིན་ནའང་། ས་གནས་འཐུས་མིའི་ཁྲོད་ཉུང་ཉུང་ཞེ་དྲག་རེད། ས་གནས་འཐུས་མི་ ༣༤༠ ཡོད་པའི་ཁྲོད་བུད་མེད་ ༣༧ མ་གཏོགས་མེད་སྟབས། ང་ཚོས་ནུས་ཤུགས་སྤེལ་དགོས་པའི་ས་ཆ་གཅིག་དེ་ས་གནས་འཐུས་མིའི་ཚོགས་འདུ་དང་སྤྱི་འཐུས་ལྷན་ཚོགས་གཉིས་རེད་བསམ་གྱིན་འདུག  མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༡༥༤ ཡོད་པའི་ནང་བུད་མེད་ ༢༥  མ་གཏོགས་མི་འདུག་ལ།  རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་ཏུ་ཡང་བུད་མེད་ཞེ་དྲག་དཀོན་པོ་རེད། རང་དབང་ལྡན་པའི་ལས་འགུལ་ཁག་གི་ཚོགས་མི་ ༢༠༦ ཡོད་པའི་ནང་ ༡༩༠ སྐྱེས་པ་དང་ ༡༦ བུད་མེད་རེད།  ས་གནས་ཁག་གི་བརྒྱ་དཔོན་ ༢༠༦ ཡོད་པའི་ནང་བུད་མེད་ ༢༤ མ་གཏོགས་མི་འདུག འདི་ཚོར་བལྟས་འོང་དུས་ང་ཚོས་ངེས་པར་དུ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་འགུལ་ཞིག་བསམ་བཞིན་དུ་མ་བྱས་པར་ཁྱད་པར་ཡོད་པ་མ་རེད་ཅེས་བཞག་ན། གཅིག་བྱས་ན་མང་ཉུང་འཆོར་བའི་ཉེན་ཁ་ཡོད་པ་རེད། དེའི་ཕྱིར། ག་དུས་ཡིན་ཡང་འབད་བརྩོན་བྱས་ཏེ་འགྲོ་དགོས་པ་གལ་ཆེན་པོ་རེད། ང་ཚོས་འབད་བརྩོན་བྱེད་པར་གཞི་རྩ་ཡོད་པ་རེད། དེ་ག་འདྲ་བྱས་ནས་ཡོད་པ་རེད་ཅེ་ན། གལ་ཆེ་ཤོས་དེ་གཞོན་སྐྱེས་ཚོའི་མི་འབོར་ལ་བལྟ་དགོས་པ་རེད། བཙན་བྱོལ་བོད་གཞུང་གིས་འབྲེལ་བ་བྱེད་དགོས་ས་དང་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ནང་ ༢༠༠༩ ལོའི་ལོ་མཇུག་ཏུ་འཛིན་གྲྭ་བཅུ་གཉིས་མན་ཆད་ཀྱི་སློབ་གྲྭ་འགྲིམས་བཞིན་པ་ ༣༨༣༤༧ འདུག དེའི་ཁྲོད་བུ་མོ་  ༡༨༨༠༥  དང་། བུ་༡༩༥༥༢  བཅས་གྲངས་འབོར་མང་ཉུང་ཆེན་པོ་བྱུང་ཡོད་པ་མ་རེད། དེར་བརྟེན།  མ་འོངས་པར་སྤྱི་ཚོགས་ཀྱི་ལས་དོན་ཚང་མའི་ནང་ལ་གཅིག་མཚུངས་ཀྱིས་ཆ་ཤས་ལེན་ཐུབ་རྒྱུའི་གོ་སྐབས་ཡོད་པ་རེད། ཅེས་གསུངས།

ཡང་བཀའ་ཁྲི་མཆོག་གིས་མུ་མཐུད་དོན། ད་ལྟའི་ང་ཚོའི་ལས་འགུལ་གྱི་ངོ་བོ་ངོས་འཛིན་སྟངས་མ་ནོར་བ་ཞིག་གནང་དགོས་པ་བཀའ་ཤག་གི་བསམ་ཚུལ་ནང་ཡོད་པ་དང་། ལས་འགུལ་འདི་ཐོབ་ཐང་རྩོད་པའི་ལས་འགུལ་ཞིག་མ་རེད། སྤྱིར་བཏང་ང་ཚོ་ནང་བ་དང་བོད་པ་ཚོས་ཐོབ་ཐང་གི་སྐོར་ལ་ཞེ་དྲག་སྐད་ཆ་བཤད་ཀྱིན་མེད་པར་ལས་འགན་གྱི་སྐོར་ལ་སྐད་ཆ་བཤད་ཀྱིན་ཡོད་པ་རེད། སོ་སོས་སྒྲུབ་དགོས་པའི་ལས་འགན་དང་ལྷག་པར་དུ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ཞེ་དྲག་གལ་ཆེན་པོར་བརྩི་བཞིན་ཡོད་སྟབས། སོ་སོའི་ལས་འགན་སྒྲུབ་པར་རྗེས་ལུས་མ་ཐེབས་པ་དང་། ལྷག་པར་དུ་བུད་མེད་ཀྱི་ལས་འགན་སྒྲུབ་པར་བུད་མེད་རྗེས་ལུས་མ་ཐེབས་པ་ཞིག་ཡོང་རྒྱུར་ཆེད་དུ་དམིགས་པའི་ལས་འགུལ་ཞིག་རེད་མ་གཏོགས། བུད་མེད་ཀྱི་ཐོབ་ཐང་ཤོར་འགྲོ་གིན་འདུག ཐོབ་ཐང་དེ་རྩོད་ཀྱིན་ཡོད་ཟེར་བའི་རྩོད་པ་རྒྱག་པའི་ལས་འགུལ་ཞིག་རྩ་བ་ནས་མིན་པར། དེ་ནི་བུད་མེད་ཀྱི་ལས་འགན་སྒྲུབ་པར་རྗེས་ལུས་མ་ཐེབས་པ་ཇི་ལྟར་བྱ་རྒྱུའི་དོན་ལ་བརྩམས་པའི་ལས་འགུལ་ཞིག་ཡིན། ཞེས་གསུང་བྱུང།

ཐེངས་འདིའི་ཆེད་དོན་བགྲོ་གླེང་འདི་ནི། བོད་གཞུང་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་ social and Resource Develepment Fund ཞེས་པའི་སྡེ་ཚན་གྱིས་བཙན་བྱོལ་ནང་མི་ལོ་ལྔ་བཅུ་འགོར་བའི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཆེད་དོན་བགྲོ་གླེང་ཐོག་མ་དེ་ཆགས་ཡོད་པ་དང་། དེའི་སྟེང་བཀའ་ཁྲི་མཆོག་གཙོས་པའི་དཔལ་འབྱོར་བཀའ་བློན་དང་ཤེས་རིག་བཀའ་བློན། དེ་བཞིན་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག  བོད་གཞུང་ལྷན་ཁང་ཁག་ཡོངས་ཀྱི་དྲུང་ཆེ། བདེ་ལེགས་སྨན་ཁང། སྨན་རྩིས་ཁང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི། ངྷ་ས་ཉེ་འགྲམ་གྱི་བཙུན་དགོན་ཁག་གི་བཙུན་མ། རྒྱ་གར་བྱང་ཕྱོགས་དང་ལྷོ་ཕྱོགས་བཅས་བོད་མི་འདུས་སྡོད་ཁག་གི་བུད་མེད་ཀྱི་སྣེ་འཁྲིད་མི་སྣ་བཅས་མི་སྣ་ ༧༦ ལྷག་འདུ་འཛོམས་ཀྱིས་ཉིན་གཉིས་རིང་བགྲོ་གླེང་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 8

  1. འབྲོག་ཁྱི། says:
    ལོ་ 16 སྔོན།

    གོ་བ་མེད་པའི་གླང་རྒན་ལ། རྗེ་རྒྱལ་པོས་བཀའ་ཡི་གཡུག་བཙན། ཟེར་བའི་དཔེ་ལྟར་ཁྱོད་ལྟ་བུ་ལ་སྤྱི་ཚོགས་དཔྱད་བརྗོད་ཀྱི་བགྲོ་གླེང་བྱས་ན་དུས་ཚོད་ཆུད་ཟོས་དང་ངལ་བ་འབྲས་མེད་རེད་འདུག། གལ་ཏེ་དུས་ཚོད་ཅིག་བྱུང་ན་ང་གཉིས་འཁུར་ཁ་ཞིག་འགྲན་ན་ཡག་ས་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཁྱི་ནི་ཁྱི་རང་རེད། ཕྲུག་གུ་ཁྱི་ཕྲུག་སྐྱེ་སྐྱེས་བོད་མི་རིགས་དང་ལྷག་པ་ཏུ་དེང་སང་སྤྱི་ཚོགས་ནང་དུ་ཕྲུག་གུ་བརྒྱད་སྐྱེས་དགོས་ཚུལ་བཤད་པ་འདི་ནི་མིའི་སྐད་ཆ་མ་རེད་ཁྱི་ཕྲུག་སྐྱེས་སྟངས་ཀྱི་སྐད་ཆ་ཞིག་རེད།

    བོད་པའི་མི་སྐྱ་ཚོ་ལ་ཕྲུག་གུ་བརྒྱད་རེ་དགུ་རེ་སྐྱོང་ཐུབ་པའི་ནུས་པ་ཡོད་དམ།

    Reply
  3. འབྲོག་ཁྱི། says:
    ལོ་ 16 སྔོན།

    ངས་བྱས་ན་བུད་མེད་ཀྱི་ཐོན་མང་མ་ཡིན་པའི་ནུས་པ་དེ་བུ་ཕྲུག་གོང་འཕེལ་གཏང་ཡ་དེ་རེད་དྲན་གྱིས་འདུག། དོན་དམ་དུ་བུད་མེད་ཀྱི་ནུས་ཤུག་སྤེལ་ཡ་ཡིན་ན་བུད་མེད་རང་ཉིད་ཕྲུ་གུའི་ཨ་མ་ཆགས་རྗེས་སུ་ཉུང་མཐར་ཨ་མ་རེ་ལ་ཕྲུ་གུ་བརྒྱད་རེ་ལས་མི་ཉུང་བ་སྐྱེད་སྲིང་དང་གསོ་སྐྱོངས་བྱེད་ཐུབ་པའི་བློ་སྤོབས་སམ་བློ་གྲོས་གོང་འཕེལ་གཏང་དགོས་ཀྱིས་འདོད་དོ། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་ཞན་ཆ་ཆེ་ཤོས་ཤིག་ལ་བུ་ཆ་ཚང་གྲྭ་བ་བཟོ་ནས་མི་རིགས་ཉུང་དུ་འགྲོ་ཡི་འདུག་ལབ་ཉིན་མི་ཉུང་བ་ཞིག་འདུག་དེ་ནི་ཆེས་ནོར་འཁྲུལ་ཆེ་ཤེས་དེ་མཐོང་གི། དངོས་ནས་བྱས་ན་ང་ཚོ་མི་ནག་ཚོས་ལས་འགན་ངོ་མ་དེ་ང་ཚོས་ཡག་པོ་བསྒྲུབ་ཐུབ་ཀྱིས་མི་འདུག། གང་རེད་ཟེར་ན་ང་ཚོ་རང་དབང་དུ་ཡོད་པའི་མི་ནག་ཚོ་ཕ་མ་ཆགས་རྗེས་སུ་ཕ་ཆེར་ཕྲུ་གུ་བཞི་རེ་ལས་མང་བ་མི་འདུག། སོང་ཙམ་ང་ཚོས་ངེས་པར་དུ་ཕྲུ་གུ་མང་ཙམ་གསོ་སྐྱོངས་བྱེད་ཐུབ་པ་བྱེད་དགོས་ཀྱིས་འདུག་བསམ་དྲན་གྱིས་འདུག།

    Reply
  4. བོད་ཀྱི་བུ། says:
    ལོ་ 16 སྔོན།

    ད་བཙན་བྱོལ་བོད་གཞུང་གིས་དངོས་གནས་བུད་མེད་ཚོའི་ནུས་ཤུགས་སྤེལ་གྱི་ཡོད་ཚེ། བུད་མེད་རྩོམ་པ་པོ་གང་མང་ཡོང་ཐབས་དགོས་འདུག མ་ཚད་བོད་ནས་རྒྱ་གཞུང་གིས་སྐྱེ་སྒོ་བཀག་པ་བྱ་ཐབས་མེད་ཀྱང་།་འདི་ནས་རང་མོས་ཀྱིས་སྐྱེ་སྒོ་བཀག་པ་རྣམས་མེད་པ་བཟོ་དགོས་འདུག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བུད་མེད་ཉུང་ཉུང་ལས་མི་དགོས། བུད་མེད་མང་པོ་ཡོད་ན་མག་པ་སུ་སྤྲོད་ཀྱིས་ཡོད་དམ། བོད་པའི་བུ་ཡོད་པ་རྣམས་གྲྭ་པ་བྱེད་དགོས། མ་བྱེད་ན་སངས་རྒྱས་བསྟན་པ་སུ་ཡིས་འཛིན། སངས་རྒྱས་བསྟན་པ་ཉམ་ན་བོད་མི་རིགས་འདི་ཡོད་ཀྱང་ཕན་ཐོག་ཡོད་པ་མ་རེད། བོད་པའི་བུ་མོ་ཚོ་མི་རིགས་གཞན་དག་མཉམ་དུ་སོང་ན་དེར་དུས་བོད་པའི་ཁྱོ་ཁ་ཚོས་མི་རིགས་ཀྱི་བླ་ཚོང་སོང་ཟེར་ནས་སྐད་ཆ་གང་མང་མང་ཅིག་བཤད་ཀྱིན་རེད།

    བོད་པའི་བུ་འདི་ཚོའི་ཡང་མག་པ་ལེན་བཞིན་འདུག་མ་གཏོགས་མནའ་མ་ལེན་མཁན་ཉུང་རེ་ཉུང་རེ་རེད་འདུག་ད།་་་་བུ་མོ་མང་པོ་མ་བཟོ་ན་ལེགས།ཧཧཧཧཧཧཧཧཧཧ

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཐོབས་ཐང་ཟེར་བ་དེ་སོ་སོའི་ནུས་པ་ལས་བརྩོད་ལེན་བྱེད་རྒྱུ་ཞིག་རེད་མ་གཏོགས་འདི་ཐོབས་ཐང་རེད་འདི་མ་རེད་ཞེས་དབྱེ་བ་འབྱེད་རྒྱུ་མེད་པར་འདོད
    འོན་ཀྱང་མིའི་རང་བཞིན་ནམ་བྱེད་ལས་ཀྱི་ཆ་ནས་བྱེད་འོས་མ་འོས་རེ་ཡོང་སྲིད་ཀྱང་དེ་ཐོབས་ཐང་དང་གནས་ཚུར་ཁག་ཁག་རེད
    དཔེར་ན་ཡོན་ཏན་ཟེར་བ་དེ་ཤེས་ཡོན་པ་གཅིག་པོའི་ཐོབས་ཐང་མིན་པ་བཞིན་རེད
    ༼སྨྱོན་ལ་ཞུ་རྒྱུ་ཞིག་ཡོད༽་་་་་་་ཁྱེད་ཀྱིས་གསུང་པ་བདེན་ཁ་འདུག་ལ་ལྷག་དོན་ང་ལྟ་བུ་རེ་བའི་གནས་མིན་ཞེས་བ་དེ་བས་ནོར་མི་འདུག། འོན་ཀྱང་ཚར་གཅོད་རོགས་ཞེས་པའི་ཚིག་ཟླུམ་དེའི་ཅི་ཞིག་ཕན ཐབས་ལམ་ཇི་འདྲ་ཞིག་ལ་བརྟན་ན་བཟང་ངམ། དེའི་ཕྱོགས་ལ་ཐུགས་བསམ་བཞེས་ནས་ མི་རེ་ངོ་རེས་བསྒྲུབ་ཐུབ་པ་དང་སྒྲུབས་དགོས་པ་ཅི་ཞིག་འདུག དེ་མིན་པའི་ཐབས་གང་དང་ཅི་ཡོད་པ་རྣམས་རེ་རེ་བྱས་ནས་གསུང་ན་མ་རེད་དམ། ཁྱེད་ཀྱི་ཤེས་དགོས་པ་ཞིག་ལ་ལྕགས་ཞྭ་ཅོན་མི་དག་རྒྱལ་བའི་བཀའ་ལ་མི་ཉན་པའི་སྡིག་ཅན་ཡིན་པ་ཤེས་དགོས། བོད་ཞེས་པའི་མིང་བྱང་འོག་དུ་ལྕགས་ཞྭ་ཅན་གཅིག་ཡོད་ཀྱང་མི་དགའ་ནི་ཞིག་ཡིན་པས་ཁྱེད་ལ་མིག་ལྟོས་ལ་ཕན་པའི་བླང་དོར་གྱི་གནས་རེ་སྟོན་རྒྱུ་ཡོན་ན་ངས་ཀྱང་ནུས་ཚོད་ཀྱི་ལག་ལེན་རེ་བྱེད་ངེས་ཡིན།།་དེ་མེད་པར་སེམས་ཤུགས་ཡོད་མདོག་གི་ཚིག་རྡོག་རེ་བྲེས་དེ་སྔར་བཞིན་འཚོ་ན་སྟོངས་པ་ཉིད་ལ་གཟུགས་མེད་དོ་ཟེར་ན་མ་རེད་དམ

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་སམ། ལས་འགན་རྩོད་དགོས། དེང་སྐབས་
    བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་ལས་འཆར་དང་འབྲེལ་བའི་བགྲོ་གླེང་ཚོགས་
    འདུ་དེ་འདྲའི་སྐབས་སུ་ཐོབ་ཐང་ལས་ལས་འགན་གླེང་མཁན་ཧ་ཅང་ཉུང་ཉུང་
    རེད་འདུག དེ་ནི་ཕལ་ཆེར་ང་ཚོའི་ཞན་ཆ་ཡིན་སྲིད།

    Reply
  8. འབྲོག་ཁྱི། says:
    ལོ་ 16 སྔོན།

    དེང་གི་ཆར་ང་ཚོ་བོད་ཀྱི་བུད་མེད་ཚོས་སོ་སོའི་ཐབས་ཐང་སོ་སོའི་ལན་མ་ཐུབ་
    པའི་ཞན་ཆ་ལས་སྤྱི་ཚོགས་ཀྱི་ངོས་ནས་ཐབས་ཐང་ཡོངསརྫོགས་ཕ་ཆེར་ཕུལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese