ནགས་ཤོད་རིག་རལ།
ཁ་སང་པེ་ཅིང་གི་གསར་འགོད་ཚོགས་འདུ་ཞིག་གི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས། ཏཱ་ལའི་ཡང་སྲིད་ཀྱི་འགྲོ་ཕྱོགས་ཐད་སྐུ་ཕྲེང་བཅུ་བཞི་ཁོ་ནས་ཐག་གཅོད་མི་ཐུབ་སྟེ་དེའི་གོང་དུ་ད་དུང་སྐུ་ཕྲེང་མི་འདྲ་བ་བཅུ་གསུམ་ཡོད་པས་སོ་ཅེས་རྒྱུ་མཚན་དྲངས་ཁུལ་བྱས་པ་ནི་མི་རྣམས་གད་མོས་སོ་ལྷུང་དགོས་པའི་སྐད་ཆ་རེད།
ཆོས་ལ་རྒྱུས་མངའ་ཅུང་ཙམ་ཡོད་པའི་བོད་མི་ཀུན་ལ་ཉི་མ་ཤར་ནས་ཐོན་པ་དང་ནུབ་ནས་བཞུད་པའི་རྒྱུན་ལྡན་ཤེས་བྱ་ཞིག་ལྟར་རྒྱལ་བའི་སྐུ་ཕྲེང་རིམ་བྱོན་དེ་དག་གནས་དང་དུས། ཕྱི་རོལ་གཟུགས་ཀྱི་ཆ་བྱད་མི་འདྲ་བ་ཙམ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཅིག་རང་གི་ངོ་མཚར་རྣམ་རོལ་ཡིན་པ་ཤེས་ཀྱི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་༧གོང་ས་མཆོག་གིས་དུས་རྟག་ཏུ་ཁོང་གིས་བོད་མི་རྣམས་ཀྱི་ཆེད་དུ་སྐུ་ངལ་བཀྱོན་བཞིན་པ་ནི་སྐུ་གོང་མ་མཆོག་གི་མཛད་པ་རྒྱུན་མཐུད་དང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་དུ་རང་དབང་མ་བྱུང་ན་མ་འོངས་པར་ཡང་སྲིད་ཡང་རང་དབང་ལུང་པར་འབྱུང་སྲིད་པ་དང་། སྐུ་ཕྲེང་བཅོ་ལྔ་ཕེབས་དང་མི་ཕེབས་ནི་བོད་མི་རྣམས་ཀྱིས་ཐག་གཅོད་པ་རེད་གསུངས་པ་ཡང་བོད་མི་རྣམས་ཀྱིས་མུ་མཐུད་༧གོང་ས་མཆོག་གི་ཡང་སྲིད་ཕེབས་པའི་རེ་བ་དང་འདུན་པ་བྱུང་ན་མུ་མཐུད་ཡང་སྲིད་ཕེབས་འདོད་པའི་བཀའ་མོལ་ཞིག་ཀྱང་ལོས་ཡིན།
དེ་ལྟར་ན་པད་མ་འཕྲིན་ལས་མ་གཏོགས་བོད་མི་སུ་ཞིག་གིས་རྒྱལ་བའི་སྐུ་ཕྲེང་རིམ་བྱོན་དེ་དག་གང་ཟག་ཐ་དད་དུ་ངོས་འཛིན་པར་ཕོད་དེ་སུ་ཞིག་གིས་ཀྱང་མི་ཕོད་དོ། རྒྱུ་མཚན་ནི་དེ་ནི་སྐྱེ་བ་སྔ་ཕྱིའི་རིག་པ་དང་འགལ་བ་དང་། བོད་མི་རྣམས་ཀྱིས་སྐྱེས་བུ་དམ་པའི་ཡང་སྲིད་ལ་ངོས་འཛིན་བྱེད་སྟངས་དང་ཡང་འགལ་བ་རེད། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཁོང་ཉིད་ཡུལ་གྱར་དུ་ཕེབས་གནང་བའི་རྒྱུ་མཚན་གླེང་སྐབས། བོད་ལ་རང་དབང་མེད་པ་ལ་སོགས་པའི་གནས་ཚུལ་ཕུད་ད་དུང་སྐུ་གོང་མ་མཆོག་ཕྱི་ཡུལ་དུ་བཞུགས་ཡུན་རིང་བ་དང་། ཕྱི་ཡུལ་དུ་སྐུ་གོང་མའི་སློབ་མ་ཡང་མང་བར་བརྟེན་དེ་དག་དང་འཕྲད་འདོད་པའི་འདུན་པ་ཡོད་ཅེས་གསུངས་པ་སོགས་ལས་ཀྱང་རྒྱལ་བའི་ཡང་སྲིད་དེ་དག་ནི་སྐུ་ཡི་ཆ་བྱད་མི་འདྲ་བ་ཙམ་ལས་ནང་ཐུགས་ཀྱི་བདག་ཉིད་གཅིག་རང་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད་པ་རེད། འདི་ལྟ་བུའི་རྒྱལ་སྲས་རྣམས་སེམས་ཅན་གྱི་དོན་དུ་ཕེབས་ནས་མཛད་པ་འཕྲིན་ལས་སྐྱོང་ཚུལ་འཇིག་རྟེན་མིག་ཏུ་སྟོན་པའི་སྲོལ་བཟང་པོ་འདི་ནི་ང་ཚོ་བོད་རང་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་ལ། སྐྱེ་བོ་སུ་འདྲ་ཞིག་གིས་ཀྱང་རིག་གནས་འདི་དག་རྡོག་རོལ་གཏོང་བ་ཡིན་ན་བོད་མི་ས་ཡ་དྲུག་གིས་ཁས་ལེན་གཏན་ནས་བྱེད་མི་སྲིད།
འོན་ཀྱང་དམར་ཤོག་གུང་ཁྲན་ཏང་གིས་བྱང་བུ་རིང་ཐུང་བཟོས་པའི་གསེར་བུམ་དཀྲུགས་ནས་པཎ་ཆེན་ཡང་སྲིད་རྫུས་མ་ངོས་འཛིན་བྱས་པ་དང་། ༧གོང་ས་མཆོག་གི་ཡེ་ཤེས་སྤྱན་གྱིས་གཟིགས་གནང་བའི་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཉིད་མུན་ནག་གི་བཙོན་དུ་འཕངས་པ་མ་ཟད། ད་ལྟ་བར་དུ་བོད་མི་རྣམས་ལ་ཞལ་མཇལ་བྱིན་རླབས་ཞུ་བའི་གོ་སྐབས་བྱུང་མེད། འདི་དག་ནི་དམར་ཤོག་གུང་ཁྲན་གྱིས་བོད་མིའི་ཆོས་རིག་རྡོག་རོལ་དུ་གཏོང་སྟངས་ཤིག་རེད་ལ། པད་མ་འཕྲིན་ལས་འདྲ་བའི་བོད་རིགས་བླ་འཚོང་འགའ་ཞིག་དབང་དང་ནོར་གྱིས་བསླུ་ཁྲིད་བྱས་ནས་རང་གི་རྣམ་ཤེས་ལ་རྒོལ་དུ་འཇུག་སྟངས་ཤིག་ཀྱང་རེད།
ང་ཚོས་པད་མ་འཕྲིན་ལས་ཀྱི་སྐད་ཆ་འདི་ལྟ་བུ་ཚིག་ཉུང་དོན་མེད་ཙམ་ཞིག་ལ་མ་བརྩིས་པར་སྐད་ཆ་འདི་དག་ལས་མ་འོངས་པར་ཁོང་ཚོས་སྦྱོར་བ་ངན་པ་གང་ཞིག་རྩོམ་རྩིས་ཡོད་པ་རྗེས་དཔག་བྱེད་དགོས་པ་དང་། སྦྱོར་ངན་དེ་དག་ལ་ལན་ཇི་ལྟར་སྤྲོད་མིན་ད་ལྟ་ནས་གྲ་སྒྲིག་ཨང་གསར་ཡོད་དགོས་པ་གལ་ཆེ་བར་མཐོང་།
ནག་ཤོད་རིག་རལ་ལགས། སྐུ་ཉིད་ཀྱིས་མ་བསྐུལ་དང་བླངས་ཐོག་ཕྲན་གྱི་རྩོམ་ཐུང་་འདི་རྒྱ་ཡིག་ཐོག་བསྒྱུར་བར་ཐུགས་རྗེ་ཆེ། ཉིད་ཀྱིས་གནང་ཕྱོགས་འདིས་ཕྲན་ལ་སེམས་ཚོར་དང་སྤྲོ་སྣང་དམིགས་བསལ་བ་ཞིག་བྱུང་། མ་མཐོང་མི་ཤེས་པའི་རིག་པའི་གྲོགས་ཉིད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
གཞན་ཕྲན་གྱིས་རྒྱ་ཡིག་མི་ཤེས་ཀྱང་གོ་གྷལ་རང་འགུལ་ཡིག་སྒྱུར་གྱི་ཁོངས་སུ་དབྱིན་བསྒྱུར་གྱིས་ཅུང་ཙམ་བལྟས་པ་ཡིན། གང་ལྟར་འགྱུར་ཡག་པོ་ཡོང་ཤོད་ཤག ཐུགས་རྗེ་ཆེ།
དྲ་གྲོགས་གཅན་དཔལ་ལྡན་གྱིས་དྲངས་པའི་པདྨ་འཕྲིན་ལས་ཀྱི་དྲིས་ལན་རྒྱ་ཡིག་ཐོག་ཡོད་པ་དེ་བདག་གིས་ google རང་འགུལ་ཡིག་སྒྱུར་གྱི་ནང་དུ་བཅུག་ནས་འདིར་བཀོད་པ་ཡིན། ག་འདྲ་བསྒྱུར་འདུག
The Chairman of the Tibet Autonomous Region, the new Chek Ma Lin on the 7th National People’s Congress held in Beijing press conference stressed that the reincarnation of living Buddhas of Tibetan Buddhism there is a strictly historical and religious rituals, not that they want to do whatever. He said: “Now the discussions over the reincarnation of the problem, I think it is not necessary.” According to Chinese media quoted Ma Akabayashi White added: “Now the Dalai Lama is still, and so dead to say Uta.”
As the Dalai Lama visited the United States last month, a media interview, said that in order to prevent the Chinese government by looking for the reincarnation of the Dalai Lama to announce the new emergence of reincarnation he was willing to end the system. Public opinion is generally believed that white-Chek Lin Ma’s remarks clearly indicated that Beijing is the reincarnation of the heir to the next election, there will be a greater right to speak.
The Dalai Lama told the U.S. media, said: “If the Dalai Lama, the Tibetan people feel that this system is outdated and that the system on the disappeared, which I have no problem.” He also said that in the reincarnation of this issue, the Chinese government ” see the Dalai Lama than he is also paramount. ”
However, Mary White, who is also deputy to the NPC Chek Lin said that the reincarnation of the Dalai Lama for a while that regeneration, a moment say no reincarnation; while that designated the reincarnation of a moment that can also be domestic, foreign can be, men can do, woman is also line, “do not know what he said was based on subject.” He added: “Now how he remarks, regeneration reincarnation Ye Hao, I think it is in line with historical and religious rituals handle.”
Origin, while the military style and appearance equally tough red white Ma Lin said that 14 is the fourteenth Dalai Lama, in front there are 13, can not be said of the 14 world love how how get get on, “he’s sitting Bed ceremony, was the central national government approval, but also the local President. So now I personally feel that the Dalai Lama is still, too much discussion of reincarnation, I see it is not necessary. ”
Place in Tibet since the riots in 2008, after 3.14, the situation has been tense, white Mary Akabayashi Jibei end of last year designated as a deputy secretary of the CPC Tibet Autonomous Regional Party Committee, earlier this year was elected chairman of the Tibet, Autonomous Region People’s Congress to replace the transferred officers the former chairman Champa Phuntsok. The outside world believe that since white Mary Akabayashi a military background, style of tough to gain the trust of the central authorities.
Also present at the press conference, said Qiangba, religious issues and the Living Buddha reincarnation if it is divided, for political service, the Tibetan people, religious people will not tolerate this. He said that the Dalai Lama’s reincarnation must follow four principles: First, they must in accordance with religious rites; second is historical, historical setting is not the Communist Party, not the Government had set, it was the Qing Dynasty Emperor Kangxi and Qianlong emperors set The; three big Buddha Sakyamuni as the former must be the lot-drawing; 4 is necessary to obtain the approval of the Central Government, otherwise is illegal, null and void.
Qiangba said, by law quell “3.14” vandalism burning of serious violent crime, the Tibetan masses more clearly recognized that the Dalai clique’s separatist activities of the criminal acts, while the more convinced that unity and stability and be a blessing and split the unrest is a curse, “Now the situation in Tibet is very good, development is very fast.”
དྲ་གྲོགས་ཚོ་ འཆོལ་བོ་པད་མ་འཕྲིན་ལས་སོགས་རྒྱ་དགའ་བསྟན་དགྲ་འདི་ཚོ་ཆོས་ཕྱོགས་ནས་བཤད་ན་སྔར་ནས་དཀོན་མཆོག་གསུམ་ལ་རྒྱབ་གཏད་ཟིན་ལ། འཇིགས་རྟེན་ཕྱོགས་ནས་བཤད་ན་བོད་མི་སྤུན་ཟླ་ས་ཡ་དྲུག་གི་ཤ་ཟ་ཞིང་ཁྲག་འཐུང་བཞིན་ཡོད། ཡིནའང་གནས་སྐབས་སྡིག་ཟས་ཀྱི་ལྟོ་བ་འགྲེངས་ནས་གནས་ལུགས་ལ་བསམ་བློ་གཞི་ནས་གཏོང་ཐུབ་ཀྱིན་མེད་ལགས།
མི་སུ་འདྲ་ཡིན་ན་ཡང་བོད་པའི་ཆོས་མི་ཤེས་མཁན་ཅིག་གིས། བླ་སྤུལ་ཡང་སྲིད་སྐོར་ལ་བཤད་ན་རང་མཚང་ཐོན་རྒྱུ་ལས་མ་འདས།
པདྨ་འཕྲིན་ལས་ཁྱོད་སྙིང་རྗེ།ལོ་རྒྱུས་ལ་ཁྱོག་བཤད་བྱས་མཁན་གྱི་མི།ངས་རེ་བ་ལ་ཁྱོད་ཚོས་དང་པོ་མོའུ་ཚེ་ཏོང་གི་ཡང་སྲིད་ངོས་འཛིན་བྱོས་ཤིག།ཆོས་ཁས་མི་ལེན་མཁན་ཁྱོད་ཚོས་ཏྭ་ལེ་བླ་མ་ངོས་འཛིན་བྱ་ན་མོའུ་ཚེ་ཏོང་གིས་བཀའ་དང་འགལ་བ་མ་རེད་པས།ཁོ་ལ་གུས་ཞབས་མེད་པ་བྱ་ཕོད་དམ།
ང་ཚོར་ནུས་པ་ཆུང་དྲག་པ་རེད། ཕྱི་འབྲེལ་གྱིས་ད་དུང་འདང་གི་མི་འདུག ངས་ཁ་ཉིན་ཞིག་ལའང་འདིའི་སྐོར་བཤད་པ་ཡིན། ང་ཚོས་རྒྱལ་སྤྱིའི་གསར་འགོད་པ་ཚང་མར་གུང་ཁྲན་ཏང་གི་འོག་ཏུ་དམར་ཤོག་གི་ལས་ཀ་བྱེད་མཁན་ཞིག་ལ་བོད་དོན་སྐོར་གྱི་སྐད་ཆ་མ་འདྲི། གལ་སྲིད་རྒྱ་ནག་གིས་བོད་པ་ཁོང་ཚོ་ཚུར་པར་ཆས་ཀྱི་སྔུན་ལ་འབུད་རྒྱག་གཏོང་གི་ཡོད་ནའང་། པར་ཆས་ཀྱི་མཆུ་དེ་ངེས་པར་དུ་རྒྱབ་ན་ཡོད་པའི་རྒྱ་མི་ཚོའི་སྟེང་ལ་སྐོར་རོགས། གང་ཡིན་ཟེར་ན་བཙན་འཛུལ་བྱས་ཤིང་། སྐེ་ལ་ལྕགས་ཐག་བསྐོན་བཞག་པའི་མི་རིགས་ཤིག་ལ་སྐད་ཆ་བཤད་རྒྱུའི་རང་དབང་ཡོད་པ་མ་རེད། ཆབ་སྲིད་ཀྱི་ལག་ཆར་གྱུར་བའི་མི་རྣམས་ཀྱི་སྐད་ཆར་ཡིད་བརྟོན་དང་ཆ་འཇོག་བྱེད་རིན་ཡོད་པ་མ་རེད་ཅེས་བཤད་དགོས་པ་རེད། ང་ཚོས་འདི་ནས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་དེ་དོན་གསལ་བོ་དག་པོ་བཟོ་དགོས་པ་རེད། དེང་སྐབས་ཀྱི་སྲིད་དོན་འཐབ་རྩོད་ནི་དེ་འདྲ་ཞིག་ཡིན་དགོས་པ་རེད།
རྒྱ་ནག་གིས་བོད་དོན་འདི་བོད་པར་བཤད་འཇུག་པ་འདིའི་རྒྱབ་ཀྱི་དམིགས་ཡུལ་ཤེས་མ་བཅུག་ན། བོད་དང་རྒྱ་ནག་གི་འགལ་བའི་མགོ་རྔ་ཆ་ཚང་ཤེས་མཁན་ཚོར་དཀའ་ལས་མེད་རུང་། གསར་འགོད་པ་གསར་པ་དང་གཞོན་སྐྱེས་ཚོས་གནད་དོན་དེ་ཚོ་མ་ཟིན་པར་བོད་དོན་གྱི་རྩ་བའི་གནད་དོན་རིགས་ལ་མགོ་རྨོངས་རྒྱུའི་ཉེན་ཁ་ཡོད་པ་རེད།
ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཤེས། ནོར་བུ་གཞན་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་། ཞེས་ཟེར་སྲོལ་ཞིག་ཡོད་པ་ལྟར། རྒྱལ་སྤྱིའི་གསར་འགོད་པ་ཚོ་ང་རང་ཚོའི་ཕྱོགས་ན་ཡོད་དུས་དེ་དག་གི་རིན་ཐང་དེ་ཡང་ཤེས་དགོས་པ་རེད།
པད་འཕྲིན་ཟེར་བའི་རྒྱ་མིའི་རྒྱུགས་ཁྱི་དེས་རང་གི་ཁྱིམ་བདག་ཨ་ཕ་ལ་སོ་རྒྱག་གི་འདུག དེ་ཁྱི་སྨྱོན་ཡིན་ཐག་ཆོད་རེད་འདུག བོད་མི་རྣམས་ཀྱིས་དེ་གཟབ་དགོས་པར་འདུག
ཁྱི་རྒན་འདིས་འདི་ལྟར། 现在达赖还在,等死了再说呗。”
ཞེས་ཟེར་བཞིན་གུས་ཞབས་ཅུང་ཟད་ཙམ་ཡང་མེད་པར་ཁྲེལ་དགོད་ཅིག་བྱེད་ཁུལ་ལ་ལྟོས་དང་། ངོ་ཚ་རྒྱུ་མེད་པ། ཕྱི་དགྲ་རྒྱ་ནག་མི་ཐུབ་ཀྱང་། ནང་དགྲ་བླ་བཙོང་འདི་ཚོའི་སྐེ་ཁྲག་དམར་ཙ་རེ་ལེན་དགོས་ས་རེད།
པདྨ་འཕྲིན་ལས་དང་བྱམས་པ་ཕུན་ཚོགས་སོགས་བཞིས་བོད་མིའི་ངོ་ཚབ་བྱས་ཏེ་བོད་ཀྱི་སྐོར་གསར་འགོད་པར་ཚོར་བཅར་འདྲི་དང་ལེན་བྱས་པའི་བརྙན་འཕྲིན་གསར་འགྱུར་དེ་རྣམས་ཆ་ཚང་ཕབ་བཤུ་བྱས་ཡོད། དགོས་མཁན་ཡོད་ཚེ་ཁོ་བོས་བསྐུར་ཆོག།
གསར་འགོད་པའི་དྲི་བ་གཉིས་གནད་འགག་ཆགས་ཀྱི་འདུག
གཅིག ༸གོང་ས་མཆོག་གི་ཡང་སྲིད་སྐོར་དང་།
གཉིས། ༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་ཡང་སྲིད་དེ་ད་ལྟ་གར་ཡོད་དང་གནས་སྟངས་ཅི་འདྲ་ཞིག་གི་འགོ་ཏུ་གནས་ཡོད་མེད་ཀྱི་དྲི་བ་གཉིས་པོ་དེ་རེད།
དེ་མིན་དྲི་བ་ཁག་ནི་སྡོད་ཁང་དང་ཚོང་འབྲེལ། དཔལ་འབྱོར། མ་འཇོག་སོགས་ཀྱི་སྐོར་རེད།
ཁྱི་རྒན་དེ་ཚོ་ཧམ་པ་ཡོད། ནང་ཆོས་ཀྱི་ལྟ་གྲུབ་ལ་བློ་ཁ་གཏན་ནས་འཁྱོགས་མྱོང་མེད་པའི་མི་ངན་དེ་ཚོ་རིགས་ལ་ག་དུས་ཡིན་ན་ངོ་རྒོལ་ཡོད།
འདིར་པདྨ་འཕྲིན་ལས་ཀྱིས་ཕྱི་རྒྱལ་གསར་འགོད་པའི་དྲི་བར་ལན་བཏབ་པ་ཞིག་རེད། 西藏自治区新任主席白玛赤林7日在北京召开的全国人大会议记者会上强调,藏传佛教的活佛转世是有严格的历史定制和宗教仪轨的,不是说想干什么就干什么。他说:“现在过多的讨论转世问题,我看是没有必要。”根据中国大陆媒体引述,白玛赤林还说:“现在达赖还在,等死了再说呗。”
由于达赖喇嘛上月访问美国接受传媒访问时表示,为不让中国政府通过寻找转世灵童来宣布新的达赖喇嘛出现,他愿意结束转世制度。舆论一般相信白玛赤林这番谈话,明显表示北京对未来灵童转世的继承人选,将有更大的话语权。
达赖喇嘛当时向美国传媒说:“如果西藏人民觉得达赖喇嘛这个制度已经过时,那这个制度就该消失,对此我没有问题。”他还说,在转世灵童这个问题上,中国政府“比他这个达赖喇嘛看的还重”。
不过身兼全国人大代表的白玛赤林说,达赖一会儿说再生转世,一会儿说不转世;一会儿说指定转世,一会儿说国内的也可以,国外的也可以,男的也行、女的也行,“不知道他说的是以哪个为准”。他又说:“现在他怎么议论,再生转世也好,我觉得还是要按照历史定制和宗教仪轨办理。”
出身军人而作风和外貌同样强硬的白玛赤林说,十四世达赖就是第十四个,前面还有十三个,不能说到了十四世爱怎么弄就怎么弄,“他的坐床典礼是当时中央国民政府批准,而且当地主持的。所以现在我个人觉得,达赖还在,过多的讨论转世的问题,我看是没有必要”。
自西藏发生2008年3.14骚乱事件后,局势一直紧张,白玛赤林去年年底即被指定为中共西藏自治区党委副书记,到了今年年初获选西藏自治区主席,取代调任自治区人大常委会主任的原主席向巴平措。外界相信,由于白玛赤林有军人背景,作风强硬,从而获得中央的信任。
同时出席记者会的向巴平措说,宗教问题和活佛转世问题如果为分裂、为政治服务,西藏人民信教群众是不会答应的。他表示,达赖喇嘛的灵童转世必须遵循四大原则:一是必须按照宗教仪轨;二是历史定制,历史定制不是共产党定的,不是政府定的,那是清朝时期康熙皇帝、乾隆皇帝定的;三是大活佛必须在释迦牟尼像前金瓶掣籤;四是必须取得中央政府的批准,否则是非法的、无效的。
向巴平措又说,通过依法平息“3.14”打砸抢烧严重暴力犯罪事件,西藏广大人民群众更加明确地认识到达赖集团的分裂活动的罪恶行径,同时更加感受到团结稳定是福、分裂动乱是祸,“现在西藏形势非常好,发展也很快”。