ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ་བཞུགས་པའི་མིང་ལ་བསྟན་འཛིན་ལྷག་པ་འབོད་པའི་བོད་རིགས་ན་གཞོན་ཞིག་གིས། རང་གི་འཕྲུལ་རྟ་ཞོན་ཏེ་ཨ་རི་གཙོས་རྒྱལ་ཁབ་ ༢༢ ཙམ་གྱི་ནང་ཟླ་བརྒྱད་ཙམ་ལ་སྐོར་སྐྱོད་བྱ་རྒྱུ་ཡིན་པ་དང་། ལས་འགུལ་འདི་གོང་ཚེས་ཉིན་རྒྱལ་ས་ནེའུ་ཡོག་ནས་མགོ་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་ངྷ་སར་འབྱོར་ཐུབ་པ་བྱུ་རྒྱུ་ཡིན་འདུག
ཁོང་གིས་ང་རང་ཆུང་དུས་ངྷ་ས་བོད་ཁྱིམ་ནང་འཚར་ལོངས་བྱུང་བ་ཡིན། སྐབས་དེར་ངས་སེམས་སུ་འཕྲུལ་རྟ་ཞོན་ཏེ་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་འདུན་པ་བརྟན་པོ་ཡོད། ཕྱི་ལོ་ ༡༩༩༥ ལོར་ང་རང་ཨ་རིར་འབྱོར་རྗེས་ངས་མུ་མཐུད་རང་གི་དམིགས་འདུན་འགྲུབ་ཆེད་འབད་བརྩོན་བྱས་པ་མ་ཟད། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་སྐབས་བོད་ནང་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ། གཞིས་ལུས་བོད་མི་མང་བོ་བསད་པ་དང་མནར་གཅོད་བཏང་བ། བཙོན་འཇུག་བྱས་པ་སོགས་ལ་བསམ་དུས། ངའི་སེམས་ནང་སྔར་བས་ཀྱང་འཕྲུལ་རྟ་ཞོན་ཏེ་འཛམ་གླིང་ནང་ལས་འགུལ་སྤེལ་དུ་བསྐྱོད་རྒྱུའི་འདུན་པ་ཇེ་བརྟན་དུ་གྱུར་སོང་། དེར་བརྟེན་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་དངོས་སུ་སྐོར་སྐྱོད་འདི་མགོ་འཛུགས་བྱེད་རྒྱུའི་བློ་ཐག་བཅད་པ་དང་། ངའི་ནང་མི་རྣམས་ཀྱིས་ཀྱང་ང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་འདུག་ཅེས་གསུངས་འདུག
འདས་པའི་ཉིན་འགའི་རིང་ཁོང་གིས་ལས་འགུལ་སྤེལ་སྐབས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་གྲོས་ཚོགས་ནང་བསྐྱོད་དེ། ནེའུ་ཡོག་གྲོས་ཚོགས་འཐུས་མི་ཁག་ཅིག་གི་སར་ཆེད་བཅར་གྱིས་བོད་དོན་སྐོར་ལ་སྔར་ལས་ཀྱང་རྒྱབ་སྐྱོར་ཤུགས་ཆེར་གནང་དགོས་པའི་རེ་འབོད་ཞུས་ཡོད་འདུག
ཐེངས་འདིར་ཁོང་ཨ་རི་དང་ཁེ་ན་ཌའི་ནང་སྐོར་སྐྱོད་གྲུབ་རྗེས་ཡུ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ནང་སྐོར་སྐྱོད་བྱ་རྒྱུ་དང་། དེའི་རྗེས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཐའེ་ཝན་སོགས་ཤར་ཕྱོགས་ཀྱི་ཡུལ་གྲུ་ཁག་ཅིག་ཏུའང་སྐོར་སྐྱོད་བྱ་འཆར་ཡོད་འདུག
ཡང་སྦག་སྦག་ལ་འཕྲུལ་རྟ་འབྲི་མཁན་དེ་བསླེབས་འདུག
ཤ་ཁྲག་རུས་ཀྱིས་འབྲེལ་བའི་བོད་རིག་སྤུན་ཟླ་ཡོངས་ཀྱི་ཆེད་དུ་བརྩོན་པའི་རླབས་ཆེན་གྱི་བྱ་བཞག་འདི་ལ་བར་ཆད་མེད་པའི་སྨོན་འདུན་གྲངས་མེད་ཞུ། ཐུག་རྗེས་ཆེ།
ཧ་ཅིང་ཡག་པོ་རེད། མི་རེ་རེའི་ངོས་ནས་ནུས་ཤུགས་གང་ཡོད་བཏོན་དེ་བོད་དོན་ཞབས་ཞུ་སྒྲུབ་ན། དེ་མིན་རྒྱ་གར་ནང་གི་སློབ་གྲྭ་ཁག་གི་ནང་དུ་གསོ་སྐྱོང་བྱས་རྗེས་བོད་དོན་ཕར་ཞོག ཐ་ན་རང་ལ་དྲིན་གྱིས་བསྐྱངས་ཟིན་པའི་དགེ་རྒན་དང་སློབ་གྲྭའི་གསོ་སྐྱོངས་ཡོངས་རྫོགས་བརྗེད་དེ་རང་གི་འབྱོན་མདོགས་ངང་། དོན་ཆེན་གཞན་རེ་ཡོད་མདོགས་བྱེད་མཁན་གྱི་བོད་པ་འགའ་རེ་མཐོང་ཚེ་སེམས་པ་གཞི་ནས་སྐྱོ་མྱོང་།
རླབས་ཆེ་བའི་སྙིང་སྟོབས་དེས་བུ་མོའི་ངའི་མཐོང་རྒྱ་བསྐྱེད་སོང་། སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བསྔགས་བརྗོད་ཀྱི་མེ་ཏོག་གཏོར
བྱ་བ་ལམ་ལྷོང་ཡོང་བར་སྨོན
ཀོ་རེ་ཡ་དང་ཐའེ་ཝན་སོགས་སུ་འགྲོ་དུས་གཟབ་གཟབ་མ་གནང་ན་རྒྱ་ཕྲུག་ཚོས་ལམ་ནས་ཉེས་རྡུང་བཏང་ཡོང་ངོ༎
བསྟན་སྲིད་མ་ཉམས་རྟག་ཏུ་ནི༎
འཛིན་པར་བརྩོན་པའི་གཞོན་ནུ་ཁྱེད༎
ལྷག་བསམ་དཀར་བའི་ལས་འགུལ་དེས༎
པ་ཏྲ་ཇི་བཞིན་ཀུན་ཡིད་འཕྲོག།
རྗེས་སུ་ཡིད་རང་དང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ལན་ བརྒྱན་ཞུའོ༎
རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའུ་བོད་མི་ལྷག་པའི་གནས་ཚུལ་འདི་ཁ་སྔོན་ཁ་བརྡ་ཚང་ན་ཡོད་པ་དེ་ཨེ་རེད། ཁོང་གི་ཟླ་བརྒྱད་རིང་གི་ལས་འགུལ་འདི་ལམ་འགྲོ་ཡོང་བ་དང་གོང་བཀོད་རྒྱལ་༢༢་དེ་ཚོ་གང་གང་ཡཡིན་པ་ཤེས་སམ།