མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙོས་སློབ་འབྲིང་གི་སློབ་མས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་འབྲིང་དང་གཙོད་གྲོང་བརྡལ་གྱི་བོད་ཡིག་སློབ་འབྲིང་གཉིས་ཀྱི་སློབ་མ་ཚོས་ཞི་བའི་སྐད་འབོད་བྱས་ཡོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོ་གསུམ་བཅུ་དུས་དྲན་ཐེངས་ ༥༡ པའི་སྐབས་དང་བསྟུན་ཏེ་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱེད་པར་དོགས་ཟོན་གྱིས་བོད་ཀྱི་ས་ཁུལ་གང་སར་དམག་མི་འགྲེམས་འཇོག་དང་དམ་དྲག་ཤུགས་ཆེར་བྱས་ཡོད་ཀྱང་། ཟླ་འདིའི་ཚེས་ ༡༦ གྱི་ཉིན་གུང་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་ཡོད་པའི་གཙོས་གྲོང་བརྡལ་དུ་ཡོད་པའི་བོད་ཡིག་སློབ་འབྲིང་གསུམ་པ་དང་ཀན་ལྷོ་ཁུལ་སློབ་འབྲིང་གི་སློབ་མ་ཚོས་ཞི་བའི་སྐད་འབོད་བྱས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན། ཉིན་དེར་གཙོས་གྲོང་བརྡལ་བོད་ཡིག་སློབ་འབྲིང་གསུམ་པའི་སློབ་མ་ཁག་ཅིག་སློབ་གྲྭའི་སྒོ་འགྲམ་དུ་འཛོམས་ཏེ་ཞི་བའི་སྐད་འབོད་བྱ་རྒྱུའི་གྲ་སྒྲིག་བྱས་པར། འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་སྟེ། ཉེན་རྟོག་པ་དང་སློབ་གྲྭའི་དགེ་རྒན་བཅས་ཀྱིས་བཀག་འགོག་བྱས་པར་བརྟེན་སློབ་གྲྭའི་སྒོ་རྭའི་ནང་ཞི་བའི་སྐད་འབོད་བྱས་ཡོད་འདུག་ལ། དེ་བཞིན་ཉིན་དེར་ཀན་ལྷོ་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་སློབ་གྲྭའི་རྭ་སྐོར་ལས་ཕྱིན་ཐོན་ཏེ། གཙོས་གྲོང་ཁྱེར་གྱི་སྲང་ལམ་དུ་ཡོང་སྟེ། རྒྱ་ནག་གིས་བོདམི་མང་ལ་དམ་དྲག་བྱས་པ་དེ་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། རྒྱ་ནག་ཉེན་རྟོག་དམག་མིས་ཉིན་མཚན་དབྱེར་མེད་དུ་སྲང་ལམ་དུ་ཉེན་རྟོག་པས་རླངས་འཁོར་གྱིས་སྐད་ཅོར་རྒྱག་བཞིན་པ་དེ་ང་ཚོ་སློབ་མ་ཚོའི་སློབ་སྦྱོང་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་འདུག་པས་མཚམས་འཇོག་དགོས་ཚུལ། དེ་བཞིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་ཞི་བའི་སྐད་འབོད་བྱས་ཡོད་སྟབས། ཉེན་རྟོག་པ་དང་དམག་མི་སླེབས་ཏེ་སློབ་མ་ཚོ་སློབ་གྲྭའི་ནང་བཅུག་རྗེས་སློབ་གྲྭའི་ཕྱོགས་ཡོངས་བསྐོར་ཡོད་འདུག་ལ།  རྗེས་སུ་ས་གནས་ཉེན་རྟོག་མི་སྣས་སློབ་མ་ ༢༠ ལྷག་འཛིན་བཟུང་བྱས་ཏེ་ཉིན་གཅིག་རིང་འདྲི་བརྩད་དང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་ཡོད་ཚུལ་བརྗོད་ཡོད་འདུག  ད་ལྟའི་ཆར་སློབ་གྲྭ་འདི་གཉིས་ཀྱི་དགེ་སློབ་ཡོངས་ལ་འདྲི་གཅོད་དང་གཙོས་གྲོང་བརྡལ་གྱི་ཕྱོགས་ཡོངས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། གྲོང་བརྡལ་གྱི་དྲ་ལམ་དང་བརྒྱུད་ལམ་ཡོངས་སྒོ་བརྒྱབ་ཡོད་ཚུལ་བརྗོད་འདུག

གཞན་ཡང་ཁུངས་འཕེར་མིན་པའི་གནས་ཚུལ་ལྟར་ན། ཉེ་བའི་དུས་འདིར་འབར་ཁམས་སུའང་བོད་རིགས་སློབ་མ་སྐོར་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ། སློབ་མ་ ༡༠ ལྷག་འཛིན་བཟུང་འྡརི་རྩད་བྱས་ཡོད་ཚུལ་བརྗོད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. karma dorje says:
    ལོ་ 16 སྔོན།

    དགའ་བ་ལ། མི་རབས་གསར་པ་ལ་རེ་བ་འདུག

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    སློབ་ཕྲུག་ཁྱེད་རྣམས་མི་རིགས་ཀྱི་བླ་སྲོག་ངོ་མ་རེད་འདུག་།
    རེ་བ་རྒྱག་ས་ཤིག་ཡོད་པ་འདྲ་པོ་འདུག།
    འགྱེལ་ས་ནས་ཡར་ལངས་ཤོག་ཨ་
    སྙིང་རུས་སྐྱེས་ཤིག་

    Reply
  3. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་རིག་ན་གཞོན་ཚོའི་སེམས་ཤུག་ལ་ལྟས་ན། དངོས་གནས་རེ་བ་ཆེན་པོ་འདུགས་ལ། བོད་མི་རིགས་འདི་འགྱེལ་ས་ནས་ལང་ཡོང་གི་ཡོད་པའི་ཚོར་བ་ཤུག་ཆེར་སྐྱེས་བྱུང་།

    Reply
  4. གཉན་པོ། says:
    ལོ་ 16 སྔོན།

    ཁ་བྱང་བཏགས་ནོར་བྱས་འདུག

    Reply
  5. གཉན་པོ། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། སློབ་འབྲིང་ལ་བཏགས་ནོར་ཤོར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese