མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་གཉིས་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་མཚན་མོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་དགོན་པ་ནས་རྒྱ་གཞུང་ལས་བྱེད་པའི་རླངས་འཁོར་ཞིག་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད་འདུག་པ་དང༌། ཕྱི་ཉིན་རྒྱ་དམག་དང་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་ལྡན་རང་ལོ་ ༢༤ ཅན་དང་། གཞན་གྲྭ་པ་གཉིས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག མཐར་གྲྭ་པ་གཞན་གཉིས་གློད་ཀྲོལ་བཏང་ཡོད་ཀྱང་། དེའི་རྗེས་སུ་བསྐྱར་དུ་གྲྭ་མེ་ཕམ་དགེ་ལེགས་རང་ལོ་ ༢༠ ཅན་འཛིན་བཟུང་གིས་འཇོ་མདའ་རྫོང་དུ་ཁྲིད་ནས་ཀརྨ་དཔལ་ལྡན་དང་ཁོང་གཉིས་བཀག་ཉར་དང་སྡུག་སྦྱོང་ཤུགས་ཆེན་བཏང་བ་མ་ཟད། རྫོང་ཐོག་ལ་ཁྲོམ་སྐོར་དུ་ཁྲིད་ནས་མི་མང་ལ་འཇིགས་དངངས་སྐུལ་ཡོད་འདུག

མེར་བསྲེགས་བཏང་ཟིན་པའི་རླངས་འཁོར་དེ་ནི། སྔར་ལོ་འཇོ་མདའ་ཁུལ་ནས་ས་ཞིང་མ་བཏབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བར་བརྟེན། རྒྱ་གཞུང་གིས་གློ་བུར་དུ་ཡུལ་ཚོ་སོ་སོར་རླངས་འཁོར་ཆེ་ཆུང་མང་པོ་སྤྲོད་འཆར་བྱས་སྐབས། བོད་མི་རྣམས་ཀྱིས་མ་བླངས་པའི་གྲས་ས་གནས་ལས་བྱེད་ཀྱིས་ཉར་བསྡད་པ་ཞིག་ཡིན་འདུག རླངས་འཁོར་མེ་བསྲེགས་གཏོང་མཁན་གྲྭ་པ་དེ་གཉིས་ཡིན་པའི་བདེན་དཔང་ཅི་ཡང་མེད་ཀྱང་། རྒྱ་གཞུང་ལས་བྱེད་པ་དང༌ཉེན་རྟོག་པ། དམག་མི་བཅས་ཀྱིས་ཁོང་གཉིས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་འདུག ད་དུང་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་རྣམས་ལས་མཇོ་མདའ་རྫོང་དེ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་ཆེ་གྲས་ཡིན་སྐོར་བརྗོད་དེ། ཉིན་རེ་ནས་ཉིན་རེར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

གོང་གི་གནས་ཚུལ་དེ་དུས་བབ་ཟིན་བྲིས་ཚན་པའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་ཟིན་ཐོ་ལས་བཤུས།

 

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 2

  1. ལྷ་མ་ཡིན། says:
    ལོ་ 16 སྔོན།

    གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་བཙན་འཕྲོགས་བྱས་འདུག ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཆར་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་ བྱས་པ་དང། ཉེ་བའི་ཆར་དུས་བཀག་བཙོན་འཇུག་ལོ་བདུན་དང། ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

    ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གསེར་རྟ་བླ་རུང་ལྔ་རིག་ནང་ བསྟན་སློབ་གླིང་གི་གྲྭ་ངག་ཆུང་དང། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན་དང༌། སློབ་གླིང་དེའི་གྲྭ་འགུ་དྲག་བཅས་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་ སྤྱི་བདེ་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲྭ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཉེ་བའི་ཆར་མ་ གཏོགས་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ ཡང་བྱུང་མེད་པ་དང། ཉེ་ཆར་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཡོངས་གྲགས་མིན་པར་གསང་བའི་ཁྲིམས་ཐག་ དེ་བཅད་ནས་ཟླ་གཉིས་ཙམ་སོང་ཟིན་ཡོད་པ་རེད།

    གྲྭ་ངག་ཆུང་ལགས་ནི་ད་ལྟའི་ཆར་རང་ལོ་ ༣༩ ཡིན་པ་དང། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་བླ་ རུང་ཆོས་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་པ་དང༌། བླ་རུང་ཆོས་སྡེའི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་ སུ་ཡོད་པ་དང། སྐབས་དེར་ཡང་བླ་རུང་ཆོས་སྡེའི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཡོང་བ་ ཡིན་འདུག།ད་ལྟའི་ཆར་ཁོང་ཁྲིན་ཏུའུ་གྲོང་ཁྱེར་དང་ཧ་ཅང་ཐག་མི་རིང་བའི་ཡ་ཨན་ གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག །
    (ཁ་བརྡ་དྲ་བ་ལས་བཤུས། )

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་སྤུན་ཟླ་ཚོར་རྒྱ་དམར་གྱིས་འདི་འདྲའི་གཉའ་གནོན་བྱེད་དགོས་དོན་ག་རེ་ཡིན་ནམ། ཆོས་ཕྱོགས་ནས་བཤད་ན་ཅི་བྱས་པའི་རྣམ་སྨིན་ཡིན་ནམ། ཡང་སྙིང་ལས་ལ་འཛད་རྒྱུ་ཡོད་དམ། ཞི་བདེ་དང་དྲང་བདེན་དགའ་བའི་དཔོན་རིགས་ཚོས་ང་ཚོར་བདེན་པའི་རྒྱབ་ལང་མི་བྱེད་པ་ཅི་ཡིན་ནམ།
    དཀར་ཕྱོགས་ལ་དགའ་བའི་ཆོས་སྐྱོང་བསྲུང་མས་གྲོགས་འཕྲིན་ལས་མི་མཛད་པ་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese