མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙང་བོ་ལ་དམིགས་བསལ་གྱིས་བདག་པོ་རྒྱག་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨུ་ཊར་ཀན་ཌར་གྱི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ་ཕྱི་ཚེས་ ༥ ཉིན་སི་ལོ་ཝི་ནི་ཡའི་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ཨུ་ཊར་ཀན་ཌར་མངའ་སྡེའི་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་ཧིན་རྡུའི་གནས་མཆོག་ཧ་རི་ཌ་ཝར་དུ་ཧིན་རྡུའི་བླ་ཆེན་བླ་ཆེན་  Swami Gurusharanandji Maharaj མཆོག་དང་ Uttarkhand  མངའ་སྡེ་གཉིས་ཟུང་འབྲེལ་ཐོག་གྲོང་ཁྱེར་རི་ཤི་ཀི་ཤིའི་ནང་ཆུ་བོ་གངྒཱ་གཙང་བཟོའི་མཛད་སྒོ་ཞིག་འཚོགས་པའོ་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། དེར་ཡོད་ཆོས་ལུགས་ཁག་གི་དབུ་ཁྲིད་དང་བྷེ་ཇེ་པེ་ B J P དཔོན་རིགས། མངའ་སྡེ་བློན་ཆེན་བཅས་གནད་ཡོད་མི་སྣ་མང་པོ་ལྷན་འཛོམས་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།  ཉིན་དེར་༧གོང་ས་མཆོག་གིས་གསུང་དོན། དེང་སང་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་དུ་ཆུ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ང་ཚོས་འཛམ་གླིང་འདིར་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་གཞིགས་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པར་མ་ཟད། ཡང་༧གོང་ས་མཆོག་གིས། ཨེ་ཤ་ཡའི་གླིང་ཕྲན་ནང་ཡོད་པའི་གཙང་ཆུ་དེ་དག་ལ་བརྟེན་ནས་མི་ས་ཡ་མང་པོའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། གཙང་བོ་དེ་དག་གི་འབྱུང་ཁུངས་གཙོ་བོ་བོད་ཆགས་ཡོད། ཚ་དྲོད་ཀྱི་དབང་གིས་མཐོ་སྒང་བོད་ཀྱི་གངས་རི་ཞུ་ནས་ཁོར་ཡུག་ལ་འཕོ་འགྱུར་ཤུགས་ཆེ་འགྲོ་གིན་ཡོད་སྟབས།  གཙང་ཆུ་དེ་དག་ལ་དམིགས་བསལ་གྱི་བདག་གཅེས་བྱ་དགོས་པ་དང་། དེ་བཞིན་བོད་འདི་འཛམ་གླིང་ཐོག་འཁྱགས་རོམ་གསུམ་པ་ཞིག་ཏུ་བརྩིས་ཡོད་སྟབས། བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་ནས་བདག་གཅེས་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། ཐེངས་འདིའི་ མཛད་སྒོའི་ཐོག་བླ་ཆེན་སཱ་མི་རཱམ་ཌིབ་ཇི་ལགས་ཀྱི་སྣེ་ཁྲིད་འོག་མ་འོངས་པར་ཆུ་བོ་གངྒཱ་གཙང་མར་ཉར་རྒྱུའི་ཐད་ཆོས་ལུགས་ཁག་གི་གནད་ཡོད་བླ་ཆེན་རྣམ་པས་དམ་བཅའ་བཞག་ཡོད་འདུག 

ཕྱི་ཚེས་ ༤ ཉིན་རྒྱ་གར་མངའ་སྡེ་ཁག་གི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་༧གོང་ས་མཆོག་སི་ལོ་ཝི་ནི་ཡའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཧྤུ་རན་ཁི་ཁེན་ལེའར Franc kangler  དང་ཡུལ་དེའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Ivo Vajgl  རྣམ་གཉིས་གཙོས་པའི་གནད་ཡོད་མི་སྣ་དང་དེར་ཡོད་བཙན་བྱོལ་བོད་མི་བཅས་མི་སྣ་ ༢༠༠ ལྷག་གི་ཕེབས་བསུའི་ཁྲོད་ཕྱི་ཚེས་ ༥ ཉིན་སི་ལོ་ཝི་ནི་ཡའི་རྒྱལ་སའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་རིང་སྔ་དྲོ་ྋགོང་ས་མཆོག་གིས་མ་རི་བྷོར་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་ཞིག་ཏུ་ཆིབས་བསྒྱུར་གྱིས་ལྗོན་ཤིང་འདེབས་འཛུགས་གནང་རྗེས། མ་རི་བྷོར་སློབ་གྲྭ་ཆེན་མོའི་མདུན་ཐང་དུ་སློབ་ཕྲུག་ ༡༠༠༠ བརྒལ་བར་བཀའ་སློབ་བསྩལ་ཡོད་འདུག་ལ།  ཉིན་རྒྱབ་ཌོབ་རཱ་ནཱ་ཊ་བྷོར་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ ༥༠༠༠ ཙམ་ལ་སྟོང་ལོ་གསར་པའི་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད། ཕྱི་ཚེས་ ༧ ཉིན་ནས་བཟུང་༧གོང་ས་མཆོག་གིས་ཡུ་རོབ་ཤེས་ཡོན་དང་སྒྱུ་རྩལ་བསྟི་གནས་ཁང་དང༌མ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱི་གདན་ཞུའི་ཐོག་ཤེས་ལྡན་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཆེད་མངགས་གདན་ཞུ་གནང་བའི་སྐུ་མགྲོན་བཅས་མི་གྲངས་ ༨༨༠   ལྷག་ལ་རྒྱལ་ཡོངས་འཁྲབ་སྟོན་ཚོགས་ཁང་ཆེན་མོའི་ནང་བྱམས་བརྩེའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 1

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།
    རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese