རྒྱ་གཞུང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མའི་སྡོད་ཁང་ལ་ཞིབ་བཤེར་བྱས་རྗེས་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་དང་ཞོགས་ལྗང་གཉིས་བཀག་ཉར་བྱས་འདུག
འོད་དཀར་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༦ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༡ དང་ཕྱེད་ཀ་ཡས་མས་སུ་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མ་དངོས་མིང་ལ་བཀྲ་ཤིས་རབ་བརྟན་དང་མིང་གཞན་ལ་ཐེའུ་རང་འབོད་པ་ཁོང་དང་། དངོས་མིང་ལ་འབྲུག་ལོ་དང་མིང་གཞན་ལ་ཞོགས་ལྗང་འབོད་པའི་གཞོན་སྐྱེས་སློབ་ཆེན་པ་གཉིས་གཙོ་བྱས་པའི་བོད་རིགས་སློབ་མ་རྣམས་ཀྱི་སྡོད་ཁང་དུ་ས་གནས་བདེ་འཇགས་ལས་ཁུངས་ཀྱི་མི་སྣ་ ༦༠ ལྷག་སླེབས་ཏེ། སློབ་མའི་ཉལ་ཁྲིའི་འོག་དང་གྱོན་ཆས། དཔེ་དེབ། ལག་ཁྱེར་ཁ་པར་དང་གློག་ཀླད། སློབ་སྦྱོང་གི་ཡིག་ཆ་སོགས་ཞིབ་བཤེར་བྱས་ཏེ་ཁྱེར་ཡོད་པར་མ་ཟད། བཀྲ་ཤིས་རབ་བརྟན་དང་འབྲུག་ལོ་གཉིས་བཀག་ཉར་བྱས་ཡོད་འདུག
གོང་གསལ་གྱི་གནས་ཚུལ་འདིའི་ཐད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་ས་གནས་གཞུང་ལ་བརྗོད་དོན། རྒྱལ་ཁབ་ཀྱིས་འདི་ལྟར་ཉེས་མེད་ཀྱི་མི་འཛིན་བཟུང་དང་། གང་བྱུང་མི་སྒེར་གྱི་གསང་བ་ལ་བརྩི་འཇོག་མི་བྱེད་པར་ཞིབ་བཤེར་བྱེད་མི་ཆོག་པ་དང་། གལ་སྲིད་རྒྱལ་ཁབ་ཀྱིས་མི་སྒེར་གྱི་འགྲོ་འདུག་རང་དབང་དང་། འདུ་འཚོགས་རང་དབང་། བསམ་བློའི་རང་དབང་། སྨྲ་བརྗོད་རང་དབང་། སྒེར་གྱི་གསང་བ་སོགས་ལ་བརྩི་འཇོག་མི་བྱེད་པར་འདི་ལྟར་མུ་མཐུད་དུ་ཞིབ་བཤེར་བྱས་པ་ཡིན་ན་ང་ཚོས་ཡར་ལངས་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
བོད་ནང་གི་ཤེས་ལྡན་པ་ཚོར་རྒྱ་མིས་འཇུ་བཟུང་བྱེད་པ་དང་སུན་བཙེར་ལ་གཏོད་པ་ནི་ཤིན་ཏུ་སྡུག་བསྔལ་བ་ཞིག་པ་ཡིན་པ་དང་། དེ་ལས་ཀྱང་བོད་བྱེས་སུ་ཡོད་པའི་ཞབས་མཆན་པ་བསྟན་འཛིན་ཤེས་རབ་ཟེར་བ་དང་། འཚོལ་ཞིབ་པ་ཟེར་བ་སོགས་ཀྱིས་བོད་ནང་གི་ཤེས་ལྡན་པ་རེ་འགའི་གདོང་ལ་ནག་རྩི་བྱུགས་ཀྱིན་འདུག་པ་ནི་དེ་ལས་ཀྱང་སྐྱོ་བོ་རེད། རྒྱ་མིའི་འཇུ་བཟུང་དང་མཆན་ཞབས་པ་རེ་འགའི་བྱེད་སྟངས་འདི་ནི་རེ་བ་རྟ་རྔ་ཙམ་ཡང་གསོན་དུ་མི་འཇུག་རྒྱུའི་བྱུར་ཉེས་ཇི་འདྲའི་ཆེན་པོ་ཞིག་རེད་ཨང་།
རིགས་གཅིག་གི་ཁོང་གཉིས་དྲ་གྲོགས་ཡག་ཤོས་ཡིན་པ་སོགས་འཁོད་འདུག དོན་དངོས་ཐོག་དེ་ལྟར་བཤད་ན་ཁོང་གཉིས་བཙོན་འཇུགས་དང་ཉེས་ཆད་ཀྱི་བདེན་དཔང་དོན་པ་རང་རེད། ཆབ་སྲིད་གོ་རྟོགས་མེད་མཁན་དང་བསམ་བློ་མི་གཏོང་མི་ཤེས་པའི་ཅོལ་ཆུང་རང་རེད།
བྱ་དགོས་ཟེར་མཁན་མང་ཡང་བྱེད་མཁན་ཉུང་རྐྱེན་སླར་ཡང་སྔར་རྒྱུན་བཞིན།
ཚེ་སྲོག་མི་ཉུང་བ་ཞིག་ལ་སྐྱེལ་མ་བྱེད་པ་ཙམ་ལས་ཅང་མཆིས་སམ།
དོན་ངོ་མར་ཐེའུ་རང་དང་ཞོགས་ལྗང་གི་རྩོམ་ཡིག་གི་ཁྲོད་ལས་ཁོ་གཉིས་ཀྱི་བསམ་བློའི་སྙིང་སྟོབས་དེ་ང་ཚོས་རྙེད་དགོས་པ་ཡིན།།
ཨ་ཁུ་ཨ་རིག་ལགས་ཀྱིས་བསམ་ཚུལ་ལ་གཞིགས་ན་ཁོང་གཉིས་ནི་ཁྱོད་ཀྱི་དྲ་གྲོགས་བཟང་ཤོས་ཤིག་གི་ངོས་ནས་སེམས་ཁུར་བྱེད་ཀྱིན་ཡོད་ཚོད་འདུག་་དེ་ཡང་མི་ཆོག་པ་ག་ལ་ཡོད།་ཡིན་ཡང་ང་ཚོས་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་དོན་ནི་མི་རིགས་ཤིག་གི་བདེ་སྡུག་ལ་སྤོབས་པ་ཆེན་པོས་གདོང་ལེན་བྱེད་ཕོད་ཅིང་།གནས་ལུགས་གང་ལའང་དྲང་ཚུགས་ཀྱི་གཤིས་ཀ་འཛིན་པའི་ན་གཞོན་ལྷག་བསམ་ཅན་གཉིས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མནར་གཅོད་དང་སྡུག་སྦྱོང་གནང་བཞིན་པའི་ཆེད་དུ་ཡིན་འོས་སྙམ་གྱི་འདུག
ངོ་མ་དཔའ་པོ་འདི་དག་ལ་རྒྱབ་སྐྱོར་་བྱེད།
ངེད་ཅག་རྩོམ་པ་པོ་མཐུན་ཚོགས་ཀྱི་འདི་ཚོ་མ་རིག་ཁུལ་བྱེད་སྲོལ་མེད། པེན་གྱི་རྩ་ཁྲིམས་ནང་དོན་གཙོ་བོ་འདིའི་རིགས་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན་པ་ངས་ཁ་སང་འཚོགས་ཐཽག་ནས་བཤད་པ་ལྟར་ཡིན། འདི་གཉིས་ཕྲན་གྱི་དྲ་གྲོགས་ལེགས་ཤོས་གཉིས་ཡིན་པས་སེམས་ཁུར་བྱེད་ཀྱིན་ཡོད།
འདི་ལ་མ་མཐའ་ཡང་མར་མེ་ཁྲོམ་སྐོར་ཞིག་འབབ་པོ།།
གོང་དུ་ཕུན་ཚོགས་ལགས་ཀྱིས་གསུང་བར་རྒྱུ་མཚན་འདུག འདི་གཉིས་ཀྱི་སྐོར་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཁ་ཞིག་གྲག་ན་འགྲིག
འདི་ནི་ཞོགས་ལྗང་གི་སེམས་གཏམ་དང་བྱིས་ཀྱི་ན་གཞོན་ཚོར་བཏོན་དྲི་བ་ཞིག་ཀྱང་ཡིན།
ཞོགས་ལྗང་དང་ཐེའུ་རང་གཉིས་འཇུས་ཟིན་པ་ཐོས་རྗེས། རྩོམ་ཡིག་འདིར་སླར་ཡང་རོལ་མྱོང་ཐེངས་ཤིག་བྱེད་འོས་པའི་དགོས་དམིགས་མཐོང་ སོང་།
བྱེས་སྡོད་བོད་མི་དག་ལ་ངེས་པར་ དུ་བཤད་དགོས་པ་འགའ།
ཞོགས་ལྗང་།
ལོ་རྒྱུས་ཀྱིས་འུ་ཅག་ཁ་ཁར་བཏང་བ་ནི་ལོ་རྒྱུས་རང་རེད། དེར་ཁ་གཡར་ནས་རང་དགར་འདུག་པ་ནི་ལས་དོན་ལ་གཡོལ་བའི་མི་དག་གི་སྦྱོར་བ་རེད། ཡང་དེ་ཉིད་ཡོད་ཚད་གཞན་སྟེང་ལ་འགེལ་བ་ནི་རང་གིས་མ་འཁྱོངས་པའི་རྟགས་རེད། རང་གིས་མ་འཁྱོངས་པར་དོན་དག་ཡོད་ཚད་གཞན་ལ་འགེལ་བ་ནི་ལོ་རྒྱུས་མ་ཤེས་པའི་ནག་ ཉེས་རེད། ལོ་རྒྱུས་ཀྱིས་དེ་དག་ཡོད་ཚད་ཁས་ལེན་གི་མ་རེད། འུ་ཅག་བྱེས་སྡོད་བོད་མི་མང་ཆེ་བའི་སེམས་ནང་དུ་བོད་འདི་གནས་ཚུལ་འདིར་སྐྱེལ་ བ་ནི་ཡོད་ཚད་དགྱ་མི་དག་ལན་པ་རེད་སྙམ་གྱིན་འདུག འདི་ནི་ཁྱོད་ཚོ་ཕྱོགས་ཞེན་གྱི་དབང་དུ་སོང་དྲགས་པས་རེད་སྙམ་གྱིན་ཡོད། དེ་ལ་ང་ཚོ་ཚང་མས་འགན་ལེན་བྱེད་དགོས། ནག་ཉེས་འདི་ང་ཚོ་མི་རེ་རེའི་སྟེང་དུ་ཡོད། ནག་ཉེས་འདིའི་ཆ་ཤས་འུ་ཅག་གི་རིག་གནས་ཀྱི་སྟེང་དུ་ཡང་ཡོད། ངས་ནམ་ཡང་འདི་ལྟར་འདང་རྒྱག་གིན་ཡོད་ལ། འདི་ལྟར་བསམ་གཞིགས་བཏང་ན་ད་གཟོད་གནད་དོན་མང་བོ་ཞིག་ངང་ངམ་ཤུགས་ཀྱིས་རྙེད་ འོང་གིན་ཡོད།
དགྱ་མི་དག་གིས་འུ་ཅག་ཁ་ཁར་བཏང་བ་དེར་ངེས་པར་དུ་འགན་ཁུར་ན་རེད། ཡང་གཅིག་བཤད་ན་ཁོ་རང་ཚོས་ཀྱང་ངོས་ལེན་ཡག་པོ་བྱས་ན་འགྲིག་གི་རེད་སྙམ་གྱིན་ ཡོད། ཏག་ཏག་བཤད་ན་ན་སྐབས་དེར་མང་བོ་ཞིག་གིས་འུ་ཅག་དབང་དུ་བསྡུས་ན་སྙམ་གྱིན་ཡོད་ ངེས་རེད། དེ་དག་གི་མཇུག་འབྲས་ནི་འུ་ཚོས་ཚོད་དཔག་རག་ཙམ་བྱ་ཐུབ་པ་ཞིག་རེད་མོད་ཀྱང་། དེ་དག་རེ་རེ་བཞིན་གླེང་བར་མི་བྱ། གང་ལྟར་མཇུག་མཐར་འུ་ཅག་དགྱ་མིའི་མངའ་འོག་ཏུ་ལྷུང་བ་ནི་དོན་དངོས་རེད། ངས་བསམ་ན་སྐབས་དེའི་ཧམ་སེམས་ལ་འུ་ཚོས་ལེ་བདའ་བྱ་དགོས་དོན་མི་འདུག་སྙམ། སུ་ལ་ཡང་ཧམ་སེམས་དེ་ཡོད་ངེས་རེད། ང་རང་དེ་ལས་ཀྱང་ཁོང་ཁྲོ་ལངས་པ་ནི་ད་ལྟའི་གནས་བབ་རེད། ནམ་ཡང་བྲན་གཡོག་གི་ལས་བླངས་ཡོད་པ་འདི་རེད། འདི་ཡང་འུ་ཚོས་མ་འཁྱོངས་པ་རེད་མོད་ཀྱང་། འདི་ལ་དགྱ་ནག་གིས་ཀྱང་བསམ་གཞིགས་ཡག་པོ་བཏང་ན་འགྲིག་གི་རེད་སྙམ་འོང་། དཔེར་ན། བོད་ཀྱི་སློབ་མའི་སྤུས་ཚད་ལ་དོ་སྣང་མི་བྱེད་པར་ནམ་ཡང་བྲན་སྒྱུར་སློབ་གསོ་ རྐྱང་བ་སྤེལ་གྱིན་ཡོད་པ་ལྟ་བུ་རེད། འདི་དག་ནི་འུ་ཚོས་ངེས་པར་དུ་བཤད་དགོས་པ་ཞིག་རེད་ལ། མ་གཏོགས་སྔོན་ཆད་ཀྱི་ཞེ་འཁོན་ཁོ་ནར་མགོ་འཁོར་ནས་ད་ལྟའི་གནས་བབ་ལ་ནམ་ཡང་མིག་ མི་གཡར་བ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་སྙམ་གྱིན་ཡོད།
ཉེ་སྔོན་བདག་གི་རྩོམ་ཡིག་འགའ་རེ་བྲིས་པར་མང་བོ་ཞིག་གིས་ནང་དུ་ཅི་ཞིག་ བཤད་ཀྱིན་ཡོད་པ་དང་གནད་དོན་གང་དུ་ཡོད་པར་བསམ་གཞིགས་ཡེ་ནས་མི་གཏོང་བར། ཐད་ཀར་དགྱ་ནག་དང་འབྲེལ་ཡོད་ཀྱི་མིང་རེ་དང་ཡང་ན་ཆོས་ལུགས་དང་འབྲེལ་ཡོད་ཀྱི་ ཚིག་རེ་བཙལ་ནས་ཁ་ནས་ཅི་ཐོན་དང་ལག་ནང་གང་ཡོང་འབྲི་བཞིན་འདུག་པ་ནི་སྐྱོ་གར་ ཞིག་མིན་ནམ་སྙམ་བྱུང་། འདི་ལྟར་ལྟ་ཚུལ་ཅུང་ཙམ་གྱིས་ཡོངས་སུ་རྒྱབ་འགལ་བྱ་འདོད་པ་ནི་དངོས་གནས་འདང་ མི་དཔོག་པ་མ་ཞིག་མ་རེད་དམ། ཉེ་སྔོན་བདག་གི་འོད་དཀར་ཟིན་བྲིས་སུ་གྲྭ་བའི་ཟླ་ཕོག་སྐོར་གྱི་རྩོམ་ཞིག་བཞག་ ཡོད་པར། མི་རེ་འགས་ཉོག་གཏམ་ལུང་བ་གང་རེ་ལབ་འདུག ཏག་ཏག་བཤད་ན་འདི་དག་ཡོད་པས་ལན་རེར་གཞི་ནས་མཚམས་འཇོག་སྙམ་པ་བྱུང་ཡང་། ང་རང་ནམ་ཡང་མི་སེམས་དཀྱུས་མ་དང་མཉམ་དུ་འགྲོ་དགོས་སྙམ་ན། ཁོག་ན་ཅི་ཡང་མེད་པའི་མི་འདི་དག་ལ་འདི་ལྟར་མི་བཤད་ཐུ་མེད་རེད། ཁྱོད་ཚོས་བདག་གི་རྩོམ་ཡིག་དག་ཀློག་མི་ཤེས་ན་མ་བཀླག་ཀྱང་ཆོག་མོད། དེ་དག་མ་བལྟས་པར་དུངས་ཞེན་ཁོ་ནའི་དབང་གི་སྐད་ཆ་ལབ་པ་ནི་དུས་ཚོད་འཕྲོ་བརླག་ མ་རེད་དམ་ཞེས་ཡང་ཡང་སྐུལ་བ་ལགས།
དེ་ཡང་ཅུང་སྐྱོན་ཆུང་རེད་མོད། འུ་ཅག་ལ་དུངས་ཞེན་ཆེ་དྲགས་པས་སམ། ཡང་ན་རྒྱུ་རྐྱེན་དང་དམིགས་ཡུལ་གཞན་ཡོད་མེད་གང་ཡིན་ཆ་མ་འཚལ་མོད། ད་ལྟ་བོད་ཕྱི་ནང་གཉིས་སུ་འདི་ལྟ་བུའི་བཤད་ཚུལ་ཞིག་ཡོང་གིན་འདུག ཁོ་ཚོས་ཞོགས་དུང་ཚོགས་པ་དང་ན་གཞོན་གསར་བའི་ཚོགས་པ་ཞེས་དེ་གཉིས་ནམ་ཡང་ཚོགས་ པ་ཡན་གར་བ་རེ་རེའི་ངང་ནས་ལྟ་གི་འདུག འདི་ནས་ཚང་མས་བསམ་གཞིགས་རྣལ་དུ་ཕབ་ཏེ་བཤད་དགོས་པའི་གཏམ་ཞིག་ལགས་ཏེ། བལྟས་པ་ཙམ་གྱིས་་གནད་དོན་ཆེན་པོ་མེད་ན་ཡང་། མི་འགྱངས་པར་འདི་ཡང་གནད་དོན་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་རྦད་དེ་མི་ འདུག སྤྱིར་ན་འདི་གཉིས་ནི་བསམ་བློའི་དཔུང་ཁ་མཐུན་པའི་མི་དག་ལ་འབོད་ཀྱིན་འདུག་ མོད། ཚང་མས་འདི་དག་ཚོགས་པ་ཞིག་ཏུ་ལྟ་བཞིན་འདུག་པ་ནི་མིག་རྒྱང་ཐུང་དྲགས་པའམ་ཡང་ན་ གླེན་རྟགས་ཆེ་དྲགས་པས་རེད། གང་ལྟར་འདི་ལྟར་ལྟ་བ་ནི་དངོས་གནས་ཧ་མི་གོ་བའི་དོན་དག་ཅིག་རེད། བསམ་བློའི་མཐུན་ཕྱོགས་ཙམ་གྱིས་ཚོགས་པ་ཞིག་ཏུ་འགྱུར་འགྲོ་ན་ང་རང་ཡང་ཚོགས་པ་ མང་བོ་ཞིག་གི་ཚོགས་མི་ཡིན་ཏེ། ང་ལ་མི་རབས་གསུམ་པ་དང་བཞི་བ། ད་དུང་ཁྱོད་ཚོས་བཤད་ཀྱིན་པའི་ན་གཞོན་གསར་བ་དང་ཞོགས་དུང་སོགས་མང་བོ་ཡོད་པས། དོན་དངོས་སུ་ང་རང་ཚོགས་པ་གང་དུ་འཇུག་རྒྱུ་ཡིན་ནམ། གཞི་ནས་དགོད་བྲོ་བའི་བྱ་སྤྱོད་འདི་དག་ལ་བསམ་གཞིག་བཏང་ན་ད་དུང་ཁ་བ་མི་མཐུད་ དུ་འབབ་རྒྱུ་ལོས་ཡིན་སྙམ་པ་ཞིག་བྱུང་། ཡང་སྔ་མོ་ནས་ཡང་དང་བསྐྱར་དུ་ན་གཞོན་གསར་བ་ནི་ཚོགས་པ་ཞིག་མིན་ཚུལ་དང་ཞོགས་ དུང་ལ་ཡང་ཚོགས་པ་ཞེས་བོས་ན་མི་འགྲིག་ཚུལ་བཤད་མྱོང་ན་ཡང་། འདི་དག་ལ་ཇི་ལྟར་བཤད་ན་དེ་ལྟར་ཇེ་དྲག་ཏུ་སོང་བས། མཐར་དགྱ་ནག་སྲིད་གཞུང་གིས་ཀྱང་ཡོད་ཚོད་ཚོགས་པ་ཞིག་གི་ངོས་ནས་ལྟ་གི་འདུག་ ཅེས་ད་ལྟ་ག་ལེར་ཐོས་འོང་། ནག་ཉེས་འདི་དག་ཡོད་ཚོད་སུ་ཡི་སྟེང་ན་མེད་པར། འུ་ཅག་གི་བསམ་བློའི་མུན་ནག་གི་སྟེང་དུ་ཡོད།
ཡང་ནས་ཡང་དུ་བཤད་རྒྱུ་ཞིག་ལ། འུ་ཅག་སུ་ལ་ཡང་བསམ་བློ་མི་མཐུན་པ་འབྱུང་སྲིད་ཀི་རེད་ལ། འབྱུང་འོས་པ་ཞིག་ཀྱང་རེད། དཔར་ཤིང་གཅིག་ཏུ་དཔར་བའི་སྐུ་ལྟ་བུ་ཞིག་ཏུ་གྱུར་ཡོད་དུས་གཞི་ནས་ཚར་སོང་བ་ ཡིན་ཏེ། དགྱ་ནག་གིས་འུ་ཅག་དབང་འོག་ཏུ་འཇུག་དུས་ཀྱང་ད་ལྟ་བུའི་སྣང་ཚུལ་སྐྱུག་བྲོ་བོ་ དག་གིས་ལན་པ་མ་རེད་ཅེས་སུ་ཡིས་བསྙོན་ཐུབ་བམ། དེ་ན་བྱེས་སྡོད་པ་ཚོས་མཐའ་་གཅིག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་འཁྱེར་འོང་ནས་གང་ འདོད་འདོད་ཅིག་མ་བརྗོད་རོགས། ཡང་གཞིས་སྡོད་པ་ཚོས་འདི་ཚོགས་པ་དང་གན་ཚོགས་པ་ཞེས་གང་འདོད་འདོད་ཅིག་མི་ འདོགས་རོགས། ང་རང་ཚོ་ནི་ནམ་ཡང་མི་བུ་ཁེར་རྐྱང་བ་རེ་རེ་ཡིན་པ་ལས། ནམ་ཡང་ཚོགས་ག་གེ་མོ་ཡིན་མི་སྲིད་དོ། ། གལ་ཏེ་ཡིན་དགོས་ཟེར་ང་རང་ཚོ་ནི་བོད་མི་རིགས་མཐུན་སྐོར་ཞིག་ཡིན་པ་དེ་ཙམ་མོ། །
བོད་ནང་རྒྱ་ཚོས་བོད་མགོ་རྡུང་གིན་འདུག བཙན་བྱོལ་ནང་སྤྱི་འཐུས་དང་བཀའ་བློན་གྱི་སྐོར་ལ་འུར་གྱིན་འདུག ཡང་ཉིང་ཁྱེད་ཕྱོགས་གང་དུ་ཕེབས་ཀྱི་ཡིན་།
ཞོགས་ལྗང་ལགས་ཀྱི་བྱེས་སྡོད་བོད་མི་དག་ལ་ངེས་པར་དུ་བཤད་དགོས་པ་འགའ་ཞེས་པའི་རྩོམ་ཡིག་ཅིག་གཤམ་གསལ་དྲ་བྱང་སྟེང་འདུག
http://dawakarpo.com/blog/dongsai/2010/04/07/%e0%bd%9e%e0%bd%bc%e0%bd%82%e0%bd%a6%e0%bc%8b%e0%bd%a3%e0%be%97%e0%bd%84%e0%bc%8b%e0%bd%a0%e0%bd%87%e0%bd%b4%e0%bd%a6%e0%bc%8b%e0%bd%80%e0%be%b1%e0%bd%84%e0%bc%8b%e0%bd%a6%e0%be%90%e0%bd%91%e0%bc%8b/
བློ་ཕམ་ཤིན་ཏུ་ཆེ།
ཁོང་གཉིས་ནི་ན་གཞོན་གསར་བའི་རྐང་ལེན་པ་དང་སློབ་ཆེན་སློབ་མའི་སྙིང་སྟོབས་དང་སྤོབས་པའི་ཧུར་སྒྲ་གྱེར་མཁན་གྱི་ན་གཞོན་རྩོམ་པ་པོ་གཉིས་ཡིན།ང་ཚོས་ཐབས་ཤེས་གང་ལེགས་ཀྱི་ཁོང་གཉིས་གློད་གྲོལ་ཡོང་བར་འབོད་སྐུལ་དང་ཞུ་གཏུགས་བྱེད་དགོས་ཀྱི་འདུག་ལ།་སྒོས་སུ་བྱིས་ཀྱི་ན་གཞོན་རྩོམ་པ་པོ་དང་སློབ་ཆེན་སློབ་མ་ཡོངས་ཀྱི་གདུང་སེམས་ཉམས་བསྐྱེད་ཀྱི་འདུ་ཚོགས་དང་སྐད་འབོད་སོགས་བྱེད་ན་རེད།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ཁོང་གཉིས་ལ་གླེང་རིན་ཡོད་པའི་སྐད་ཆ་ཞིག་བཤད་ན་རེད།་ད་བར་དུ་རྩོམ་པོའི་མཐུན་ཚོགས་ཀྱི་ཕྱོགས་ནས་གྲག་འགུལ་ཅང་མི་འདུག་ལ།་ལྷག་ཏུ་བཙན་བྱོལ་གྱི་ན་གཞོན་ཚོའི་དཔུང་སྡེ་ལ་གྲག་འགུལ་གང་ཡང་མི་འདུག
དོར་ཞིས་ཆོས་བཤད་བདུད་ལྷས་མི་ཇུས་བཤད་ནས་ནུབ་བྱང་མི་བུར་སྒལ་ཚིགས་སྐེ་ཚིགས་གཉིས་ཀ་བསྐྲུན། །
ཕྱི་རབས་སྙིང་ལ་ལྕགས་ཀྱི་ཕྱི་ཤུན་གཡོགས་ཚར་ད་ནི་གངས་རིའི་ལ་རྒྱ་མི་རྩོད་ག་དུས་རྩོད། །
ཤར་ཕྱོགས་དུང་རིའི་གཟི་བྱིན་དཀར་པོས་སྐྱ་རེངས་དྲུད་དེ་རྩྭ་ཐང་ལྷིང་འཇགས་ཚལ་བ་དགུ་རུ་གཤགས། །
སྨྱུ་གུས་སྙིང་ལ་གཙགས་ཏེ་ཟུངས་ཁྲག་དམར་པོས་བདེན་དོན་འབྲི་དུས་ནུབ་བྱང་ལིང་ཧྲན་མཚོ་གླིང་བཞིན། །
ཕངས་པ་ལ། ནུབ་བྱང་ཚང་གི་ཡོད་ལ་མེད་ལ་གཉིས་ཀ་བཀག་པ་ཡིན་ན། རྗེས་སུ་ནུབ་བྱང་ཚང་སྟོང་སང་ངེར་འགྲོ་གི་རེད། དལ་འཇགས་སེར་སྡོད་ཀྱི་རེད། ངོ་མ་ཞེ་གཏིང་ནས་ཕངས་དགོས་པ་ཞིག་རེད་མོད། ང་ཚོ་ལ་བཅའ་རྒྱུ་ཅི་ཞིག་ཡོད། རྣམ་པ་གཉིས་ཀ་སྡུག་ལ་ཅིག་མི་གཏོད་པའི་སྨོན་ལམ། སྡུག་ལ་གཏད་ན་ཡང་སྡུག་དེ་བོད་མི་རིགས་ཀྱི་ཆེད་དུ་འཁུར་ཡིན་ཙང་བོད་མྱིའི་ཁྲོད་ནས་ཁྱེད་ཟུང་གི་མགོ་བོ་དེ་ནམ་ཡིན་ཡང་བར་སྣང་ལ་འགྱོག་ཆོག་ཆོག་གི་སྤོབས་པ་ཡོད་ཨང་།
ནུབ་བྱང་ཚང་གི་རྒྱལ་སྒོའི་འཁྲིས་སུ་སྡེར་ཞྭ་གྱོན་པའི་ཉེན་རྟོག་རྒྱ་མིའི་རྒྱུག་ཁྱི་བཅུ་དྲུག་མངོན། །
དཔའ་རྒོད་དཔུང་བ་ཁྲག་ལ་བསྒྲེས་ཞེས་སྲིད་པའི་ལྷ་ཕྲུག་དག་ཀྱང་ཁྲག་གི་མཆི་མས་གདོང་བ་གཡོགས། །
གསར་རྒོད་གཡག་རྒོད་འདྲ་བ་འདི་གཉིས་མེད་དུས་ནུབ་བྱང་ཚང་གི་ལྷོ་བྱང་གི་སྐར་ཆེན་གཉིས་མེད་སོང་བ་རེད། ད་ནི་ནུབ་བྱང་ཚང་གི་དུང་དཀར་པོ་འོ་མས་གསོས་པ་དེ་ཚོ་དགྲ་ཆུ་སྲིན་སྟེང་ན་མངག་རན་རེད་བཞག