ལུང་རིགས་རྒྱལ་ལགས་ཀྱི་ཧ་ཅང་དྲང་ཞིང་ཕྲ་བའི་ཁོང་་ཞེས་པ་བཀླགས་རྗེས།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
བློ་གྲོས་མང་དུ་བསྡུར་ན་ཐབས་མཆོག་བརྙེད། ལྟ་བ་འདྲ་མིན་མང་ན་འགལ་འདུ་ཆེ།
ཉུང་ཉུང་འཐེན་འཁྱེར་བྱ་རྒྱུ་མ་ཡིན་པར། མང་མང་གཅིག་ཏུ་ཕྱོགས་རྒྱུ་དམངས་གཙོ་ལགས།
སྔོན་ཆད་མི་དམངས་ལ་རང་དབང་མེད་སོང་བས་དམངས་གཙོ་མེད་པ་རེད། དེང་སང་རང་དབང་ལྡན་སོང་བས་དམངས་གཙོ་ཡོད་པ་རེད། སྤྱིར་མི་ཚང་མར་ཁམས་དང་མོས་པ་མི་འདྲ་བ་ཡོད་ཀྱང་ཐུན་མོང་གི་འཚོ་བ་ཞིག་ལ་བསམ་གཞིགས་བྱེད་དུས་སྤྱི་ཕན་གྱི་བསམ་བློ་སྔོན་དུ་སོང་བའི་ཐོག་ནས་གཏམ་གླེང་བྱེད་པ་གལ་ཆེ། ལྟ་བ་མི་འདྲ་བའི་མི་སྒེར་རམ་ཚོགས་པ་ཅི་ཙམ་གྱིས་མངས་ན་དེ་ཙམ་གྱིས་སྤྱི་ཚོགས་དེར་དཀའ་ངལ་འཕྲད་ངེས་ཡིན། དཔེར་ན། ཁྱིམ་ཚང་གཅིག་གི་ནང་མིར་མཚོན་ན་ཡང་བསམ་ཚུལ་ཐ་དད་ཅིང་ཨུ་ཚུགས་ཆེ་བ་མང་ན་ཁྱིམ་ཚང་ཡང་དེ་ལྟར་ཁ་ཐོར་དུ་སོང་དང་འགྲོ་བཞིན་པ་རེད། སྤྱི་ཚོགས་ཟེར་བ་འདི་མི་ཚང་དུ་མ་འདུས་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པས། འདི་སྐྱོང་སྟངས་དང་འདིའི་འགན་འཁྱེར་སྟངས་ཀྱང་ཁྱིམ་ཚང་ཞིག་དང་ཧ་ཅང་མཚུངས།
མི་ལ་ལས་དམངས་གཙོའི་མཚོན་རྟགས་དེ་ལྟ་བ་མི་མཐུན་པ་དག་ངེས་པར་ཡོད་དགོས་པ་ཞིག་ཏུ་འདོད་ཀྱིན་ཡོད། ང་ལྟ་ཚུལ་འདི་ལ་ཧ་ཅང་ཞེད། འོན་ཀྱང་ལྟ་བ་མི་མཐུན་པ་ཅི་ཡོད་ཀྱང་བཤད་ཆོག་པ་དེ་དམངས་གཙོའི་མཚོན་རྟགས་ཤིག་ལ་བགྲངས་ན་ལོས་ཀྱང་འོས།
༸གོང་ས་མཆོག་གི་ཞལ་ལ་མི་ཉན་མཁན་མང་བ་མ་ཟད་ཁ་ལན་སློག་མཁན་ཡང་ཡོང་དང་འོང་བཞིན་པ་ཞིག་རེད། དེ་དག་མང་ཆེ་བའི་སེམས་ན་དེ་འོས་པ་ཞིག་དང་ཐ་ན་༸གོང་ས་མཆོག་གི་ཐུགས་ཀྱང་མཉེས་ཤོས་ཤིག་ཡིན་སྙམ་གྱིན་ཡོད་པ་འདྲ། རྒྱུ་མཚན་དམངས་གཙོ་ཡིན་པས་ཏེ། བསམ་ཚུལ་མི་འདྲ་བ་བཤད་ཆོག་པ་ཙམ་མ་ཡིན་པར་ལྟ་བ་མི་མཐུན་པའི་རིགས་ངེས་པར་ཡོད་དགོས་པར་མཐོང་བའི་ལོག་རྟོགས་ཀྱི་དབང་གིས་སོ། ལྟ་བ་མི་མཐུན་པ་ཡོང་ཆོག་པ་ཙམ་དུ་མ་ཟད་བཤད་ཆོག་པའི་དམངས་གཙོའི་ཁེ་དབང་དེའི་དབང་གིས་༸གོང་ས་མཆོག་གིས་ཀྱང་ནམ་ཡང་ང་ཚོར་བཙན་བཀའ་ཕབ་མྱོང་མེད།
ངའི་གོ་རྟོགས་ལྟར་ན་དམངས་གཙོ་ནི་ལྟ་བ་གཅིག་འགྱུར་ཞིག་ཆགས་རྒྱུའམ་ལྟ་བའི་འགལ་བ་ཆེས་ཉུང་ཤོས་ཤིག་ཡོང་སླད། མ་མཐར་ཡང་ལྟ་བ་མཐུན་པ་གང་མང་བ་དེའི་ཕྱོགས་སུ་སྐྱོད་དགོས་པ་ཞིག་ཏུ་མཐོང་གིན་ཡོད་ལ། དེ་ཡང་གཙོ་བོ་མི་སེར་གང་མང་གི་བསམ་ཚུལ་དང་འདོད་འདུན་དག་དང་ལེན་བྱ་རྒྱའི་སྒྲིག་སྲོལ་ཞིག་ལས་མ་འདས། དེ་བས་༸གོང་ས་མཆོག་གིས་ཀྱང་ཡང་དང་བསྐྱར་དུ་བོད་དོན་ཐ་མའི་ཐག་གཅོད་དེ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་བྱ་དགོས་ཚུལ་གསུངས་དང་གསུང་བཞིན་ཡོད།
ད་ཚང་མས་བསམ་བློ་གཅིག་གཏོང་རོགས། སྤྱིར་མི་དང་མིའི་བར་གྱི་འགལ་བ་དེ་ཇི་ལྟར་ཡོང་གིན་ཡོད་དམ། ངས་བལྟས་ན་གཙོ་བོ་བསམ་ཚུལ་དང་ལྟ་བ་མི་མཐུན་པའི་དབང་གིས་ཡོང་གིན་འདུག ཐ་ན་ཆང་འཐུང་ར་བཟི་བཤད་མཁན་ཞིག་ཡིན་ན་ཡང་ཁོའི་ཅི་བཤད་ལ་ཉན་ནས་ཅི་བྱེད་ལ་རང་དབང་སྤྲད་ན་འཁོན་འཛིང་མི་ཡོང། ཡིན་ན་ཡང། ང་ཚོ་ཆགས་སྡང་ཆེ་བའི་མི་ཡིན་པས་ར་བཟི་ཞིག་ཕར་ཞོག རང་གི་མཛའ་གྲོགས་སོགས་ཡིན་ཡང་བསམ་སྤྱོད་མ་མཐུན་ཚེ་འགལ་ཟླ་ཇེ་ཆེར་འགྲོ་རྒྱུ་ལས་མེད།
ང་ཚོའི་ཉམས་མྱོང་ཕྲན་བུ་དག་ལས་ཀྱང་ལྟ་བའམ་བསམ་ཚུལ་མ་མཐུན་ན་གནས་ཚུལ་གང་འདྲར་འགྱུར་གྱི་ཡོད་མེད་ལོས་ཤེས། ལས་གྲོགས་བར། གྲོགས་ཀྱི་བར། དགའ་རོགས་བར། བཟའ་ཟླའི་བར། ཕ་བུའི་བར། མཐོ་ས་རྒྱལ་བློན་བར་བཅས་ལ་ལྟ་བ་མི་མཐུན་པའི་དབང་གིས་བརྩེ་བ་ཇེ་ཆུང། ཁ་ཐག་ཇེ་རིང། འགལ་བ་ཇེ་ཆེར་གྱུར་ནས་ཐ་ན་ཕན་ཚུན་དགྲ་རུ་གྱུར་ཚུལ་གྱི་ལོ་རྒྱུས་ཅི་འདྲ་མང།
ཕན་ཚུན་རྩོད་པ་བྱེད་པ་དེ་ཕན་ཚུན་ཁས་ལེན་གྱིན་མེད་པ་ཡིན། དེ་ཡིན་ན་ཁྱོད་ནོར་བ་དང་ང་བདེན་པའི་རྩོད་པ་ཡིན། དེ་ཁས་ལོས་ལེན། དེས་ན་དབུ་མའི་ལམ་དང་རང་བཙན་ཁོ་ནའི་ཆབ་སྲིད་ཀྱི་ལྟ་བ་འདི་ཡང་དེ་ལས་འདས་མེད། དེས་ན་ཁ་ཅིག་གིས་༸གོང་ས་མཆོག་གི་ལྟ་བ་དེ་ནོར་བར་ངོས་འཛིན་བྱེད་པ་ཡང་ཁས་ལོས་ལེན། དེ་བས་ཞལ་ལ་མི་ཉན་པར་མ་ཟད་ཁ་ལན་བསློགས་དང་སློག་བཞིན་པ་ཡང་ལོས་ཡིན། སྤྱིར་ཕྲུ་གུས་ཕ་མར་ཁ་ལན་སློག་པ་ཙམ་ནི་ཉེས་པ་དེ་ཙམ་མི་ཆེ་མོད། ཁ་ལན་མ་བསློགས་ཀྱང་རང་ལྟ་དེ་ཅི་ཙམ་གྱིས་མཆོག་ཏུ་འཛིན་པ་དང་ཡུལ་དུས་གནས་བབ་ལ་བསྟུན་མི་ཤེས་པའི་བསམ་སྤྱོད་དེ་དག་གི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན།
གྲོས་ཚོགས་ནང་ན་ཡང་ལྡོག་ཕྱོགས་ཀྱི་ལྟ་བ་འདི་འཛིན་མཁན་གྱི་དབང་གིས་འགལ་བ་ཅི་རིགས་ཡོང་གིན་ཡོད། ད་དུང་མི་ཉུང་བ་ཞིག་གིས་རང་བཙན་གྱི་ལྟ་བ་དེ་རྒྱ་ཇེ་ཆེ་དང་ཤུགས་ཆེ་རུ་གཏོང་རྩིས་རྒྱག་གིན་ཡོད། དེ་དག་གི་ནང་ན་དོན་ངོ་མའི་ཆབ་སྲིད་པ་དང་མཁྱེན་རྒྱ་ཡངས་པའི་གྲས་ཧ་ཅང་ཉུང། མང་ཆེ་བ་རང་ལྟ་མཆོག་འཛིན་བྱེད་མཁན་ཡིན། གཞན་ཡང། རང་ཉིད་ནོར་འཁྲུལ་གྱི་ལམ་བུ་ཞིག་ལ་འགྲོ་བཞིན་པ་ངོས་གཏན་ནས་ཟིན་གྱིན་མེད་པའང་ཡོད། དཔེར་ན་སེམས་ཤུགས་ཅན་བསྟན་འཛིན་བརྩོན་འགྲུས་ལགས་ལྟ་བུ་རེད།
དེང་གི་ཆུང་ཕྱོགས་པ་མང་པོ་ཞིག་གིས་རིགས་ཞེན་གྱི་དབང་གིས་རྒྱ་ཆེ་བའི་རྒྱ་རིགས་མི་མང་ལའང་དགྲར་བཟུང་ནས་བོད་ཀྱི་ས་གཞི་ཆེན་པོ་དེ་བོད་མི་ཁོ་ནས་ལོངས་སུ་སྤྱོད་འདོད་ཀྱི་བསམ་བློ་ཙམ་ལས་མེད། ཐ་ན་འཛམ་གླིང་གི་མཉམ་མཐུན་གཅིག་འགྱུར་གྱི་འཁོར་ཕྱོགས་ལའང་གོ་རྟོགས་མེད། དེ་བས་ཁ་ཅིག་གི་ཆབ་སྲིད་ཀྱི་གཏམ་བརྗོད་འདི་དག་དང་ཆོས་ལུགས་མི་ཤེས་པར་ཆོས་ལ་ཇུས་གཏོགས་བྱེད་པ་འདི་དག་གི་བསམ་བློ་ནི་གཡག་ཞ་རས་རྩྭ་ཟ་བ་རང་རེད།
དེ་ལྟར་ད་ལྟ་ང་ཚོའི་བསམ་ཚུལ་ལམ་ལྟ་བ་འདི་ཡང་ཆུང་ཚགས་རིགས་མིན་པར་ཧ་ཅང་ཆེ་བ་སྟེ། བོད་མི་རིགས་དང་རྒྱལ་ཁབ་ཅིག་གི་ཁེ་ཕན་དང་འབྲེལ་བའི་སྐོར་གྱི་གནད་དོན་ཡིན། དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་ལྟ་བ་ཉི་ཚེ་བའི་རིགས་ཀྱི་འགལ་བ་ཆགས་ཀྱིན་ཡོད། མདོར་ན། ཐེངས་འདིར་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་དེ་ནི་ཕལ་ཆེར་༸གོང་ས་བཅུ་གསུམ་པའི་ཞལ་ཆེམས་དང་འདྲ་བར་ཐུགས་སྐྱོ་དང་ཛ་དྲག་གི་རང་བཞིན་ཞིག་ཏུ་མཐོང་བྱུང་ལ། ཡང་ཕྱོགས་གཅིག་ནས་ད་དུང་འདི་ལས་ཅུང་བཙན་པ་ཞིག་གནང་ན་ཡང་སྙམ་བྱུང།
ངས་ཁྱེད་ཅག་ལ་ཞུ་རྒྱུར། ༧གོང་ས་བཅུ་གསུམ་པའི་སྐབས་སུ་ང་ཚོས་ནོར་འཁྲུལ་ཆེ་ཤོས་དེ་ཁོང་གི་ལམ་སྟོན་ཇི་བཞིན་མ་སོང་བར་མ་ཟད་ཁོང་གི་ཞལ་ལ་མ་ཉན་པ་དང་ཁ་ལན་བསློགས་པས་བྱུང་བ་རེད། དེ་ཡིན་མིན་ཁོང་གི་ཡོངས་ཁྱབ་ཞལ་ཆེམས་དེར་གཅིག་མཇོལ་དང་གསལ་རྟོགས་ཐུབ་ངེས། དེ་དུས་ཀྱང་མང་པོ་ཞིག་གིས་རང་ལྟ་མཆོག་འཛིན་དང་བཀའ་སློབ་ལ་ཡིད་ཆེས་གོ་རྟོགས་མ་ཐུབ་པས་ལན་པ་རེད། གལ་ཏེ་ང་ཚོས་ཀྱང་༸གོང་ས་བཅུ་བཞི་བའི་ལམ་སྟོན་ལྟར་ཇི་བཞིན་ཤར་སྐྱོད་མ་ཐུབ་ན་ནམ་ཞིག་ཉིན་མོར་འགྱོད་པ་རྟས་མི་ཟིན་པ་ཞིག་མི་འོང་བའི་ཉེན་ཁ་མི་འདུག་སྙམ་ནས་སྐྱོ་སྣང་དང་ཡི་ཆད་གཉི་ག་ཇེ་ཆེར་འགྲོ་གིན་འདུག
མཇུག་སྡོམ། རྒྱ་མི་དེས། ༧གོང་ས་མཆོག་ལ་ཁ་ལན་སློག་པའི་གནས་སྟངས་འདི་ཇེ་ཆེར་འགྲོ་བཞིན་པ་འདི་དང། རིག་གཞུང་སྲུང་སྐྱོབ་ཇེ་ཞན་ལ་འགྲོ་བ་འདི་གཉིས་ནི་བོད་དོན་ཐད་ཀྱི་ཉེན་ཁ་ཞིག་ཡིན་ཚུལ་གསུངས་པ་ཧ་ཅང་བདེན་ལ། འདི་ལྟར་བརྗོད་པས་ཕན་མ་ཐོགས་ཀྱང་གནོད་མི་སྲིད། འོན་ཀྱང་༧གོང་ས་མཆོག་ནི་ཆག་ཆོག་ཆོག་གི་བོད་མིའི་སྲོག་ཤིང་ཞིག་ཏུ་གྱུར་ཚུལ་སྨྲས་པ་ནི་དོན་དངོས་དང་འགལ་ཡོད།
ཐུབ་བསྟན་རྒྱ་མཚོའི་ཐུགས་དགོངས་མ་རྫོགས་པས། བསྟན་འཛིན་རྒྱ་མཚོ་སླར་ཡང་བྱོན་ན་ཡང།
ཟབ་མོའི་ལམ་སྟོན་ཇི་བཞིན་མ་བསྐྱོད་ཚེ། ནམ་ཞིག་འགྱོད་བཅས་ཡོངས་སུ་འཆི་ཉེན་ཆེ།།
༢༠༠༨།༤།༧།དགོང་མོར།
ད་ནི་ཉལ་སའི་ནང་ནས་ཡང་བསྐྱར་མགོ་བཀྱགས་ནས་མཆན་འབྲི་གི་ཡོད། མཚན་གྱི་དུས་ཚོད་ ༡༡ དང་སྐར་མ་ ༢༥ རེད།
གསར་བརྗེ་སྐྱབས་་ལགས་ཀྱི་མཆན་འདིའི་ནང་ན་ང་ལ་ཐད་ཀར་གོ་རྒྱུ་ཡོད་པའི་དོན་དག་གཉིས་འདུག དང་པོ་དེ། ང་ལྷང་ལ་བུད་པའི་སྐད་ཆ་རེད། འདི་གསལ་བསྒྲགས་བྱ་རྒྱུ་ཞིག་ཡིན་མིན་དང་གསལ་བསྒྲགས་བྱ་རིན་ཡོད་མེད་ཀྱང་ཉིད་ཀྱིས་ལྟོས། ལྷང་ལ་བུད་ཅེས་པ་འདི་ནི་དངོས་གནས་ཁྱད་མཚར་ཞིག་རེད། ད་བར་དུ་སེམས་ལ་མ་འཁོར་བའི་སྐད་ཆ་ཞིག་ཀྱང་རེད།
གཉིས་པ་དེར། རྩོམ་སྒྲིག་པ་དང་རང་དབང་ཅན་གྱི་བརྒྱུད་ལམ་གྱི་མི་ཞིག་ཡིན་ན་ལྷང་ལ་འབུད་མི་རུང་བའི་ལྐོང་བརྡ་ཞིག་བརྒྱབ་སོང་། འདི་ནི་རྗེས་མ་བསམ་བློ་གཏོང་རྒྱུ་ཞིག་ལ་ཉར་གི་ཡིན།
གོང་གི་དོན་དག་དེ་གཉིས་སྐད་ཆའི་གོ་རིམ་ལ་མ་ལྟོས་པར་ནང་དོན་ལ་བསྟུན་ནས་བཤད་པ་ཡིན།
གཞན་པ་དག་ནི་ཐུགས་རྗེ་ཆེ། དོ་སྣང་བྱ་དགོས་ས་མང་པོ་འདུག ངོས་ལེན་དང་གུས་བརྩི་ཡོད།
དེ་དགོང་འདི་ཙམ་ཡིན།
ཁང་གསར་གྱི་ཟིན་བྲིས་དེའི་ནང་ནས་མུ་མཐུད་དུ་སྦྱང་བཤད་ཡོང་བའི་རེ་བ་ཆེ།
ལུང་རིགས་རྒྱལ། ཁྱོས་རང་གི་ཟིན་བྲིས་དེའི་སྤྱི་ངོས་ངོ་སྤྲོད་གནང་འདུག ངས་ཀྱང་དེ་ཞིབ་ཚགས་པོའི་སྒོ་ནས་བཀླགས་པ་ཡིན། མ་གཞི་ཁྱོའི་ཟིན་བྲིས་ཚང་མ་ཆད་ལྷག་མེད་པར་ཀློག་གི་ཡོད་། ངས་འདི་ནས་གསལ་བོར་བཤད་འདོད་པ་དེ་བླ་སློབ་ཀྱི་དམ་ཚིག་འདིར་ཁྱོས་ཐེངས་དང་པོར་ཁ་གསལ་གནང་བ་དེ་བག་ཆགས་ཀྱི་སྟེང་ནས་བཤད་པ་ཡིན། སྤྱིར་རྩོམ་སྒྲིག་པ་དང་ལྷག་པར་དུ་རང་དབང་ཅན་གྱི་བརྒྱུད་ལམ་ཞིག་གི་རྩོམ་སྒྲིག་པ་ཞིག་གིས་འདི་ལྟར་ཁ་གསལ་གནང་བ་དེར་ང་ཅུང་ཡ་མཚན་སོང་། ངས་འདི་ནས་བཤད་འདོད་པ་དེ་ཁྱོའི་ཟིན་བྲིས་དེའི་སྤྱི་ངོས་མིན། གོང་དུ་དྲངས་པའི་ཚིག་དུམ་དེ་ག་རང་ཡིན། འདི་ཁྱོད་ལྷང་ལ་འབུད་སྟངས་རེད། དད་པ་དམ་ཚིག་གི་སྟེང་ནས་ལྷང་ལ་བུད་པ་རེད། དེ་ཡང་ཁྱོད་གནད་ལ་ཐུག་དུས་གང་ལ་ཕྱོགས་ཡོད་པ་ལྷང་ལ་བུད་པ་རེད།
རྩོམ་ཡིག་འདིའི་ངའི་བསམ་ཚུལ་ཚང་མ་གནས་ལུགས་རྐྱང་བའི་སྟེང་ནས་བཤད་མེད། ཁ་གསལ་དུ་བཏང་ནས་བཤད་ན་གནད་མ་འཁྱོག་པར་བཤད་པ་ཡིན། རྩ་བའི་ཚང་མར་གནས་ལུགས་དང་རྒྱུ་མཚན་ཡོད་པ་རེད། ཡིན་ནའང་གནས་ལུགས་རྒྱུ་མཚན་ཁ་ལ་འཁྱེར་ནས་ཕ་རོལ་བོ་ནག་པོ་བཟོ་བ་འདི་ཡག་རྟགས་མ་རེད། དྲང་མོར་ཞུ་གི་ཡོད། རྗེས་མ་གཟབ་ཙམ་གནང་རོགས། ག་དུས་ཡིན་ནའང་༧གོང་ས་མཆོག ༧གོང་ས་མཆོག་མ་ཟེར་རོགས། འདི་ཁྱོའི་དད་པ་དམ་ཚིག་ལ་འབྲེལ་བ་ཡོད་ནི་མ་རེད། མ་གཞི་དད་པ་དམ་ཚིག་ཟེར་བ་འདི་ཆོིས་ཕྱོགས་ཀྱི་སྐད་ཆ་ཞིག་རེད། ང་རང་ཡིན་ནའང་གསུང་ཆོས་ཞུ་སྐབས་༧སྐུ་མདུན་རང་ཡིན། དད་པ་དམ་ཚིག་གཙང་མ་ཡིན། སྲིད་ཕྱོགས་ནས་སྔོན་མ་ཁོང་རང་ཡིན། དེང་སང་འགྱུར་བ་ཐེབས་ཡོད། འགྱུར་བ་ཐེབས་པ་དེར་གནོང་འགྱོད་གང་ཡང་མེད། ཤེས་ནས་སྲིད་ཕྱོགས་ཀྱི་༼ དད་ལོག༽བྱས་པ་ཡིན།
ད་སོ་མ་ཁང་གསར་ལགས་ཀྱིས་ཟིན་བྲིས་གསར་པ་ཞིག་སྤེལ་འདུག དགོས་གལ་ཡོད་ན་ང་ཚོ་དེ་ནས་ཐུག་ཆོག
ཨ་ཨ་ཨ། གསར་བརྗེ་སྐྱབས་ལགས། གནས་ལུགས་ཟེར་བ་འདི་ལ་མཚམས་རེར་ཉིན་ཕྱོགས་དང་སྲིབ་ཕྱོགས་གཉིས་ཀ་ཡོད་ས་རེད། དེ་རིང་ང་སྲིབ་ཕྱོགས་ལ་ཁེལ་སོང་། འདི་འཁོར་ཕྱོགས་ཙམ་རེད་མ་གཏོགས་གནས་ལུགས་མ་རེད་ཟེར་གི་མེད།
ཕྱི་ཟླ་ ༢ ཚེས་ ༢༣ ཉིན་གྱི་ཟིན་བྲིས་དེས་ཐ་ན་ཁྱེད་ལྟ་བུ་ཞིག་ལ་གོ་བ་དེ་འདྲ་ཞིག་སྤྲོད་ཀྱི་ཡོད་ཚེ། གཞན་པ་མང་པོ་ཞིག་ལ་གོ་བ་ཅི་འདྲ་ཞིག་བྱུང་ཡོད་མེད་བསམ་ཚོད་ལས་བརྒལ་སོང་།
ཊི་ཝེ་ཊར་གྱི་ནང་དུ་དབྱིན་ཚིག་ལ་ Follow ཞེས་བྲིས་ཡོད་པ་རེད། འདིའི་གོ་དོན་ནི་རྗེས་འདེད་ཞེས་པ་ཞིག་ལ་གོ་བ་བླངས་པ་ཡིན། ནམ་རྒྱུན་རྗེས་འཇུག་པ་ཞེས་པ་དེར་ཡང་ནང་ཆོས་ཀྱི་འགྱུར་ནང་དུ་ Follower ཞེས་པའི་ཚིག་འདི་འདྲ་ཞིག་སྤྱོད་ཀྱི་འདུག་བསམ་སོང་། འདི་ཚིག་གི་འབྱུང་ཁུངས་དེ་རེད། འདི་ནི་རིག་གནས་དེའི་མཆེད་ཁོངས་ཀྱི་ཚིག་ལའང་འབྲེལ་བ་ཡོད།
གཉིས་པ་དེར། ཊི་ཝེ་ཊར་ཞེས་པ་དེ་ཉིན་རེ་རེ་དང་དུས་ཚོད་རེ་རེ་བཞིན་གསར་དུ་སྤེལ་ནས་ཡོང་གི་ཡོད་པ་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། ངའི་སྐབས་ཐོག་གི་ནང་དོན་ཡང་དེ་ག་རང་ཡིན། དེ་མ་གཏོགས་ཁྱེད་ཀྱི་ཚིག་དོན་བཞིན་གོ་བ་བླངས་ཏེ་ང་རང་ཡང་དེ་བཞིན་དུ་འགྲོ་རྒྱུ་བྱུང་ན་དེ་ནི་ད་ལྟའི་ཆར་ང་མི་སྒེར་བ་ཞིག་གི་ངོས་ནས་བཤད་ན་ང་རྒྱལ་མེད་ནའང་གནོང་འགྱོད་ནི་དེ་བས་ཀྱང་མེད་ཞུ་རྒྱུ་ཡིན།
འདི་ཙམ་གྱིས་ངའི་སྐད་ཆའི་རྐང་དེ་དྲོད་ལྷང་ལྷང་སྐུ་ཉིད་ཀྱིས་རོལ་ཐུབ་པའི་རེ་བ་ཡོད།
ལུང་རིགས་རྒྱལ། སྐད་ཆ་བསམ་ནས་བཤད་ན་ཡག་གི་རེད། ཚུར་ནག་ཉེས་བཙུགས་ནས་ཞྭ་མོ་གཡོགས་ཀི་འདུག་མདོག་མདོག་མ་བྱེད། ཁྱོའི་༼ ཧ་ཅང་དྲང་ཞིང་ཕྲ་བའི་ཁོང་། ༽ཞེས་པའི་རྩོམ་ཡིག་གི་ནང་དོན་མདོར་བསྡུས་ན་འདི་རེད། ཆུང་ཕྱོགས་པ་ཚོས་ཁོང་ཉིད་ལ་ཁ་ལན་སློག་གི་འདུག ཁོང་ཤིང་གཞོག་གཞོག་བྱས་ཏེ་ད་ལྟ་ཁོང་ཆག་ཆོག་ཆོག་གི་བོད་མིའི་སྲོག་ཤིང་ཞིག་ཏུ་ཆགས་འདུག་ཟེར་བ་འདི་རེད། འདི་ཁྱོས་ཤོག་བུ་དཀར་པོའི་ངོས་ལ་ཡི་གེ་ནག་པོ་བྱས་ནས་བྲིས་ཏེ་དྲ་ཐོག་ཏུ་སྤེལ་བ་རེད། ཞྭ་མོ་གཡོགས་ཀི་ཡོད་མེད་གསལ་ཐིང་ཐིང་རེད་འདོད། དེ་ནས་བླ་སློབ་དམ་ཚིག་སྐོར་དེ་ཡང་ངས་བསམ་བློའི་བཟོ་བཅོས་བྱས་པ་གང་ཡང་མིན། ཁྱོས་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་སྤེལ་པའི་ཟིན་བྲིས་༼ ཁོང་གི་སྐུ་རྗེས་སྙག་གི་ཤོག ༽ཟེར་བ་དེ་རང་གིས་ཐེངས་གཅིག་ཀློག་རོགས། དེའི་ནང་ཁྱོས་འདི་ལྟར་བྲིས་འདུག ༼ དེ་རིང་ནས་བཟུང་ང་རང་སྔར་ལས་ཀྱང་༧གོང་ས་མཆོག་གི་རྗེས་འཇུག་པ་ཞིག་ཏུ་གྱུར། ཉིན་རེ་རེ་བཞིན་ཁོང་གི་ཞབས་རྗེས་སུ་སྙེག་བཞིན་ཡོད། བླ་སློབ་གྱི་འབྲེལ་བ་ཧ་ལས་པའི་ཇེ་ཉེར་གྱུར། ༽ ད་གསལ་བོ་མ་རེད་པས། རྒན་ལྷ་མོ་དང་མི་ཆུང་གི་སྐོར་འདི་ནས་མི་གླེང་། བསམ་ཚུལ་སྔོན་མ་ཚོའི་ནང་ཁ་གསལ་བོ་བྱས་ནས་བཤད་ཡོད། གང་ལྟར་འདི་ནས་གསལ་འདེབས་ཤིག་ཁྱོད་ཚོ་ཚང་མར་བྱེད། དམངས་གཙོ་ཡིན་ན་རེད། ལྟ་མི་མཐུན་པ་ཚོ་ཡིན་ན་རེད། ལྷག་པར་དུ་རང་བཙན་རྩོད་ལེན་པ་དང་རང་བཙན་གླེང་མཁན་ཚོར་ཁ་བདེ་བོ་དང་། བཤད་མཁས་པོ། འབྲི་རྩལ་མཐོ་མདོག་མདོག་གི་རྙེ་མ་བརྐོ་ཟེར་བ་ཡིན། རང་གི་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་པོ། རྟོག་པ་མཐོ་མདོག་མདོག་བྱས་ནས་རྙེ་མ་བརྐོ་ཟེར་བ་ཡིན། གང་ལྟར་བོད་མི་ཞིག་ཡིན་བསམ་ཡོད་ཚེ་༼ ཁའི་ནང་ཐལ་བས་བརྒྱབ་ན་ཕར་ཕེ་ཟེར་ཐུབ་པ་བྱོས༽ཟེར་བ་ཡིན།
ན་ནིང་ད་ལོར་ལོས་དེད་པ་ཡིན་ནམ་སྙིང་ཁམས་མི་དྭངས་པ་ཡིན། གང་ལྟར་ཚིག་རྩུབ་འགའ་རང་བཞིན་གྱིས་སླེབས་ཡོང་གི་འདུག དེར་དགོངས་དཀྱེལ་གནང་རོགས་ཞུ།
ཞབས་ཆེན་འོག་མ་དེའི་ནང་དུ་ཚིག་རེ་འགར་དག་བཅོས་མ་བྱས་པར་ལག་ཤོར་བྱུང་བས། དགོངས་དག
དྲ་འབུ་འགའི་རྩོད་པ་ནི་ལོང་བས་ཉ་འཛིན་པ་ཞེས་པ་དང་མཐུན།
སྔོན་དགྱ་ནག་གི་གཏམ་རྒྱུད་ཅིག་ཏུ་ལོང་བས་ཉ་འཛིན་པ་ཞེས་པའི་སྐད་ཆ་བསོར་མོ་ཞིག་འདུག དེ་ཅི་ལྟར་ཡིན་ནམ་སྙམ་ན། གནས་ལུགས་ལ་རྨོངས་པའི་མི་རེ་འགས་དོན་གྱི་གནད་དང་མཐིལ་དེ་ལ་རེག་མ་ཐུབ་པར་འོལ་ཚོད་ཀྱིས་མི་གཞན་ལ་ཅ་འབྱིད་པའི་ངང་ཚུལ་ཞིག་དང་མཐུན་པོ་འདུག དཔེར་ན་དེང་གི་དུས་བབ་དྲ་བའི་སྟེང་ནས་དཔྱད་གཏམ་སྤེལ་བར་དགའ་ཡང་དཔྱོད་པའི་བློ་མིག་རྟུལ་བ་དག་དང་གོས་ཀྱི་ཕྱི་ནང་སྤྲད་པ་ལྟར་འཕྲོད་གིན་འདུག སྔོན་ཆད་ཅིག་ལ་མི་གཉིས་ཀྱིས་ཁྲོ་ཡི་ནང་དུ་ཉ་གཅིག་བཙོས་ནས་ཟ་རྩིས་བྱེད་དུས་གཉིས་ཀས་ཁྲོ་ནང་ནས་ཉ་ལེན་པར་ཕྱིན་ཡང་སུ་ཞིག་ལ་འང་མ་རག་པ་རེད། དེ་ནས་ཁོ་གཉིས་གཅིག་གིས་གཅིག་ལ་ཁྱོད་ཀྱིས་ཉ་བླངས་ནས་ཟས་པ་རེད་ཅེས་འཁང་ར་བྱས་ནས་ཁ་རྩོད་རྫོགས་རྒྱུ་མེད་པར་བསྡད་པའི་སྐབས་སུ་ཁྱིམ་མཚེས་ཀྱི་མིས་ཧ་གོ་ནས་ཚུར་ཡོངས་ཏེ་བལྟས་པ་དང་ལམ་སང་། ཁྱོད་གཉིས་ཀྱིས་ཁ་རྩོད་མ་བརྒྱགས་ཉ་དེ་ཐབ་ཀའི་སྟེང་ན་རང་སོར་བཞག་འདུག་ཅེས་བརྗོད་པ་རེད། མཇུག་མཐར་ལོང་བ་དེ་གཉིས་རང་བཞིན་གྱིས་འགྲིག་འདུག གཏམ་རྒྱུད་འདི་འུ་ཅག་མི་རེ་འགས་རང་རང་གི་ཚིག་གི་སྟེང་འོག་རྩོད་སྟངས་དང་སྦྱར་ན་འོས་སུ་སྣང་མོད། ད་དུང་མཉམ་འཇོག་དགོས་ས་ཞིག་ནི་ལོང་བ་དེ་གཉིས་ལ་མངོན་སུམ་གྱིས་ར་སྤྲད་ན་འཕྲོད་འདུག་མོད། དྲ་འབུ་དག་གི་སྣང་ཚུལ་ལ་བལྟས་ན་མངོན་སུམ་གྱིས་ར་འཕྲོད་དཀའ་བ་དེ་རེད། གཞན་དེ་བསུབ་པ་འམ་ཡང་ན་ཚིག་རེ་འགའ་ཁ་བསྒྱུར་བར་བྱའོ།།
ང་ཁྱོད་ཚོའི་རྩོད་པ་དེ་ལ་འཐད་ཀི་མེད།
ཁ་སང་དེ་རིང་ཁྱེད་ཅག་གིས་གོང་ས་ཡིད་བཞིན་ནོར་བུ་རྩོམ་གྱི་བརྗོད་བྱ་དང་ཁ་བྱང་ལ་བཞག་ནས་ཚ་ཚ་འུར་འུར་བྱེད་ཀྱིན་འདུག་མོད། ང་དེ་ལ་འཐད་ཀི་གཏན་ནས་མེད། རྒྱུ་མཚན་ཏིལ་ཙམ་ཞིག་ཡོད་དུ་སྲིད་མོད་དགེ་བ་རི་བོ་འདྲ་ཞིག་ལྟག་པར་བཞག་འདུག་པའི་ངང་ཚུལ་བརྗེད་འདུག འདི་ཡང་ནོར་གན་ཡང་ནོར་ཞེས་པའི་ལམ་རྐྱང་བར་ཞུགས་ན་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ལ་མགོ་གཏད་ས་ཞིག་དང་། གྲོས་མགོ་འདོན་མཁན་ཞིག་གཏན་ནས་མ་དམིགས་ཤིང་ཁ་ཐོར་ཡ་ཐོར་གྱི་གནས་སུ་རང་ཉིད་ཀྱིས་རང་རིགས་བསྐྱལ་བར་ཐེ་མི་ཚོམ། གོང་ས་ཆོག་ནི་མ་མཐའ་མི་རུ་འཛིན་མཁན་དག་ལ་མཚོན་ན་ཡང་མིའི་རྒྱལ་བོ་ཞིག་ཏུ་ངོས་འཛིན་དགོས་ཤིང་། སྐབས་ཀྱི་དམངས་སེམས་གཅིག་བསྡུས་བྱེད་མཁན་གྱི་མི་བོ་ཞིག་ཡིན་པ་འང་ངོས་ཟིན་རྒྱུ་དེ་རེད། སྐྱ་ཟད་སྔོ་རྡུགས་ཀྱི་སྐབས་འདི་ལ་སྐབས་ཀྱི་དགེ་བ་འདོར་རིགས་པ་ཞིག་མ་རེད། སྤྱིར་རིག་གཞུང་རྐྱང་བ་ཞིག་དང་རིག་གནས་རྐྱང་བ་ཞིག་གི་ངོས་ནས་འདང་བརྒྱབས་ན་འཇིག་རྟེན་ན་ཡིད་ཚིམས་པའི་རྒྱལ་ཁབ་ཅིག་དང་རྒྱལ་བོ་ཞིག་ཡོད་པ་མ་རེད། དོན་འདིའི་ངང་ཚུལ་ལ་གཞི་བཅོལ་ནས། འཚོ་བ་ནི་ནམ་ཡང་སྔོ་ཐང་ཐང་། རིག་གཞུང་ནི་ནམ་ཡང་སྐྱ་ཐང་ཐང་ཞེས་པའི་ལེགས་བཤད་འདི་བྱུང་བར་སྙམ་མོ།།
ཀུན་སྤྱོད་ཀྱི་འགན་ཁུར།
ད་ནི་རིག་གནས་གསར་བརྗེ་ངོ་མ་ཞིག་མགོར་ཡོང་གི་ཡོད་ས་རེད། དྲ་ཐོག་ནས་འཐབ་རྩོད་བྱེད་གིན་འདུག ངའི་མགོ་ལའང་ཞྭ་མོ་ཞིག་ཅི་ཡིན་འདི་ཡིན་མེད་པར་གཡོགས་སོང་། གཡོག་མཁན་ནི་གསར་བརྗེ་སྐྱབས་རེད། ངའི་སྐྱོན་ཆ་ནི་བོད་ལ་བསམ་བློ་གཏོང་གི་མི་འདུག བོད་དོན་ལ་བསམ་བློ་གཏོང་གི་མི་འདུག ཁོང་ཚོས་བསམ་བློ་གཏོང་ས་ངོ་མ་ནི་བླ་མ་དང་སློབ་མ་ཞེས་པ་འདི་རེད་ཟེར། ད་དུང་བླ་སློབ་ཀྱི་དམ་ཚིག་ཅེས་པའི་དར་ཆ་ཕྱར་ཏེ་གཞན་གྱི་མགོ་ལ་ནག་ཉེས་བཙུགས་ཆོག་ཆོག་ཅིག་ལ་ངོས་འཛིན་བྱེད་གི་འདུག་ཟེར་བ་འདི་རེད།
ད་ནི་གནས་སྐབས་རིང་ཞྭ་མོ་འདི་གོན་ནས་འདུག་དགོས་ས་རེད། དཀར་འདོན་མ་བྱས་བར་དུ་སྒུག་རྒྱུ་རང་རེད།
ང་ཚོས་བསམ་ཚུལ་ཞིག་འདོན་དུས་སྐབས་ལ་ལར་རྩོད་པ་བྱས་གིན་བྱས་གིན་རྩོད་གཞི་ངོ་མ་ལྷང་ལ་འབུད་པ་དང་། ཕྱོགས་སོ་སོའི་བསམ་ཚུལ་ཇེ་གསལ་ལ་ཡོང་གི་འདུག ཡང་། མཚམས་ལན་རེར་དེ་ལས་ལྡོག་སྟེ་ཕན་ཚུན་ལ་རྒྱུས་ལོན་བྱེད་མི་ཐུབ་པ་དང་། གོ་ལོག་བརྡ་ལོག་ཏུ་འགྲོ་བ། གཅིག་གིས་གཅིག་ལ་ལྟ་ཚུལ་འཛིན་སྟངས་ཀྱང་དངོས་ཡོད་ལས་བརྒལ་འགྲོ་གི་འདུག
སྤྱིར་བཏང་བོད་དོན་དང་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བཅས་ཀྱི་ཐད་རང་ཉིད་ཀྱི་བསམ་ཚུལ་ཅི་ཡིན་རྣམས་ད་བར་དུ་བཤད་བཤད་དུ་བསྡད་པ་ཡིན། མ་གཞི་མི་སྒེར་བ་ཞིག་གི་ངོས་ནས་གསལ་བོ་ཆགས་རྒྱུ་ཡོད་ན་ཆགས་རན་ཡིན། དེ་ལས་ལྷག་ཅིག་དེ་རིང་འདི་ནས་བཤད་རྒྱུ་མི་འདུག
རྒྱལ་བ་རིན་པོ་ཆེའི་ཕྱོགས་ནས་བསམ་ཚུལ་གཅིག་རང་གཅིག་ཡོད། རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ལ་ཀུན་སྤྱོད་ཀྱི་འགན་ཞིག་ཁུར་ཡོད་ཅེས་ཡང་ནས་ཡང་དུ་གསུངས་པ་བཞིན། ང་ཚོས་ཀྱང་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཀུན་སྤྱོད་ཀྱི་ངོས་ནས་འགན་ཞིག་འཁུར་དགོས་པ་འདྲ། ངའི་བསམ་ཚུལ་འདི་རང་ཡིན།
རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁ་ལན་སློག་གི་འདུག་ཅེས་པ་ནི་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་མ་མཐུན་ནས་བསླེབས་པ་ཙམ་མ་རེད། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལའང་བཤད་མཁན་ཡོད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྟེང་ནས་བཤད་མཁན་ཡང་ཡོད།
དེ་བཞིན་དུ་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ལས་དོན་ཁོ་ན་ཙམ་མིན་པར། རིག་གཞུང་དང་ཆོས་ལུགས་ཀྱི་ལས་དོན་ཐད་ལ་ཕྱག་ལས་གནང་ཕྱོགས་དང་། དེ་དག་གི་ནང་ཆ་ཤས་ལེན་ཕྱོགས་ལ་འདོད་པ་མ་ཁེངས་པར་ཁ་ལན་སློག་མཁན་ཡང་ཡོད།
ཁ་ཉིན་གྱི་གསལ་བཤད་ཅིག་གི་ནང་དུ་ངས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་སྐོར་ནས་བཤད་ཡོད། ད་དུང་སྣོན་པ་ཙམ་བཤད་ན། སྐུ་སྒེར་ཡིག་ཚང་གི་ཐོག་ལའང་དགའ་མི་དགའི་སྐད་ཆ་བཤད་མཁན་མང་པོ་བྱུང་བ་རེད། བཤད་མཁན་ཚོར་གནས་ལུགས་མི་འདུག་ཟེར་གི་མེད། གནས་ལུགས་དེ་དག་གི་འོག་ནས་རྒྱལ་བ་རིན་པོ་ཆེ་མཆོག་ཇེ་ཕྲར་འགྱུར་བཞིན་པའི་སྐོར་བཤད་ཡོད།
རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་རྒྱ་གཉིས་ཀྱིས་ཚད་གཞི་མི་འདྲ་བའི་ལྟ་ཚུལ་གཉིས་བཟུང་ཡོད། ཁོང་ཉིད་ལག་ཆ་རེད་ཟེར།
རྒྱ་ནག་གིས་བཤད་ན། ཏཱ་ལའི་བླ་མ་ནི་ནུབ་ཕྱོགས་པ་ཚོའི་ལག་ཆ་རེད་ཟེར། བོད་པ་ཚོས་བཤད་ན། རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་གཞུང་གིས་རང་བཙན་རྩོད་མཁན་ཚོར་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་འདི་རེད། གོང་དུ་གསར་བརྗེ་སྐྱབས་ཀྱིས་ནག་ཉེས་འཛུགས་ཆོག་ཆོག་གི་སྐད་ཆ་བཤད་པ་དེའང་མདོ་དོན་འདི་འདྲ་ཞིག་རེད་བསམ།
ནམ་རྒྱུན་བོད་མི་ཚོས་གཏམ་བཤད་འདྲ་བྱེད་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དྲངས་མ་ཡོང་ཞེས་ཡང་ནས་བསྐྱར་དུ་དྲན་སྐུལ་བྱེད་ཀྱིན་པའང་གནད་འདི་ལ་ཐུག་པ་རེད།
རྒན་ལྷ་མོ་སྐྱབས་ལགས་ཀྱིས། རྩོམ་མཇུག་དེར། རྒྱལ་བ་རིན་པོ་ཆེ་མཆོག་ཆག་ཆོག་ཆོག་གི་བོད་མིའི་སྲོག་ཤིང་ཞིག་ཏུ་གྱུར་ཚུལ་བཤད་པ་ནི་དངོས་ཡོད་དང་འགལ་ཡོད་ཚུལ་བཀོད་འདུག ངས་བལྟས་ནི་འདི་ནི་རྒན་ལྷ་མོ་སྐྱབས་ལགས་ཀྱིས་བསམ་བཞིན་དུ་ཁས་ལེན་མ་བྱས་པའི་དོན་དག་ཅིག་རེད་འདོད། ཡང་མིན་ན། ཁོང་གིས་སྐད་ཆ་འདི་ལྡོག་ཕྱོགས་སུ་བསྐོར་ཏེ་བཀྲ་ཤིས་པའི་སྨོན་ཚིག་ཅིག་གི་ཚུལ་དུ་བཀོད་པའང་ཡིན་སྲིད། གང་ལྟར། དངོས་ཡོད་གནས་ཚུལ་དང་འགལ་བསྡད་འདུག
བློ་བཟང་ལགས་ཀྱིས་བོད་ལྗོངས་ཆ་འཕྲིན་སྟེང་གི་རྩོམ་ཡིག་ཅིག་དྲངས་ནས་དེ་ལ་ལན་འདེབས་དགོས་པའི་སྐུལ་མ་གནང་འདུག སྤྱིར་བཏང་འདིའི་རིགས་ལ་ལན་འདེབས་བྱས་མྱོང་ལ། བྱེད་ཀིན་ཡང་ཡོད། དེ་བཞིན་གནས་དོན་འདི་རིགས་ལ་ལན་འདེབས་བྱ་རྒྱུ་ད་དུང་མང་མེད་ན་ཉུང་ཚོད་མིན་པ་འདས་པའི་ལོ་རྒྱུས་ལས་ཤེས་གསལ་རེད། ལན་འདེབས་དང་དགག་སྒྲུབ་རེ་རེ་སྐབས་ང་ཚོ་གང་ནས་གསལ་བོ་ཆགས་ཤིང་ལྷང་ལ་བུད་མྱོང་ཡོད། རྒྱ་ནག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཡིག་ཆ་དང་རྩོམ་ཡིག་རེ་རེ་བཞིན་ལན་བཏབས་ཀྱང་ཆོག འདེབས་བཞིན་པ་ཡིན་ནའང་འགྲིག ད་དུང་ལན་འདེབས་འགྱུར་ཡིན་རུང་ཁྱད་པར་གང་ཡང་མི་འདུག ཡིག་ཐོག་གི་ལན་འདེབས་དང་རྩོད་པ་རྩོད་ལན་དེས་རང་གཞན་གཉིས་ལ་སྨན་པའི་ཆ་གང་ཞིག་བྱུང་མྱོང་ཡོད། ཁ་རྩོད་ཚིག་རྩོད་ཙམ་ལས་གང་ཡང་བྱུང་མྱོང་མེད་ལ། འབྱུང་རྒྱུའང་ཁག་པོ་རེད། དེ་ལས་དེ་ཚོ་ལ་ཤེས་ཡོན་དང་རྒྱུ་ཤུགས། དུས་ཚོད་སོགས་ཀྱི་འགྲོ་གྲོན་གཏོང་རྒྱུ་ལ་བསམ་བློ་བསྐྱར་མ་ཞིག་བཏངས་ནས་ངེས་ཤེས་རྙེད་རྒྱུ་གལ་ཆེན་པོ་རེད། མ་གཞི་བོད་རྒྱའི་གནད་དོན་ཁ་རྩོད་ཚིག་རྩོད་ཙམ་གྱི་གནད་དོན་ཞིག་མ་རེད།
འཇིགས་བྲལ་ལགས་ཀྱིས་རྒན་ལྷ་མོ་ལ་དྲི་བ་མང་པོ་ཞིག་བཀོད་འདུག དྲི་བའི་ནང་གཙོ་བོ་གནས་སྟངས་མང་པོ་ཞིག་གསལ་བཤད་གནང་འདུག སྤྱིར་བཏང་བོད་རིགས་ཡོངས་ལ་རང་སྐྱོང་ཡོངས་ཐབས་ཀྱི་ཡིག་ཆ་དེ་སྐུ་མདུན་གྱི་དགོངས་གཞི་ཡིན་མིན་གང་ལྟར་ཡང་། སྐུ་མདུན་ནས་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་གྲོས་ཚོགས་ཀྱི་གསུང་འཕྲིན་ལས་གསལ་བོ་ཤེས་ཀི་རེད། དེ་ལས་ལྷག་གསལ་བོ་ཆགས་སྟངས་ཤིག་ཡོད་པ་མ་རེད། མ་གཞི་བོད་མི་ཚོས་གསལ་བོ་ཤེས་དང་མ་ཤེས་ཡང་གལ་ཆེན་མ་རེད། དབང་ཆ་ཡོངས་རྫོགས་༼ ཡེ་ཤེས་དབྱིངས་དཔྱད་་། ༽ལ་ཕུལ་ཚར་རྗེས་ངས་ཤེས་མ་སོང་དང་། ངས་གོ་མ་སོང་ཟེར་ས་ཡོད་ནི་མ་རེད། ལྷག་པར་དུ་༼ དུས་དང་རྣམ་པ་ཀུན་ཏུ་༽ཞེས་པ་ཞིག་འདུག་པ། འདི་མང་མོས་འོས་བསྡུ་སྐབས་ཀྱི་ཚིག་དོན་ངོ་མ་ཡིན་མིན་གང་ལྟར་ཡང་ད་ལྟ་འདི་ཁྲིམས་མཐུན་གྱི་ངོ་བོའི་ཐོག་ནས་བེད་སྤྱོད་གནང་གི་འདུག
རྒན་ལྷ་མོ་ཡིན་ན་རེད། ལུང་རིགས་ཡིན་ན་རེད། དེ་ལས་གཞན་ལམ་དབུ་མར་འཇུག་མཁན་མང་ཤོས་ཀྱིས་བོད་ལ་བསམ་བློ་གཏོང་གི་མི་འདུག བོད་དོན་ལ་བསམ་བློ་གཏོང་གི་མི་འདུག ཁོང་ཚོས་བསམ་བློ་གཏོང་ས་ངོ་མ་དེ་བླ་མ་དང་སློབ་མ་ཞེས་པ་འདི་རེད། ཁོང་ཚོར་མཚོན་ན་བླ་སློབ་ཀྱི་དམ་ཚིག་གཙང་ན་དེ་གས་འགྲིག་སྡད་པ་ཞིག་ལ་ངོས་འཛིན་གནང་གི་འདུག བསམ་བློའི་རྒྱབ་ལྗོངས་འདི་འོག་ནས་ཁོ་ཚོས་སུ་ཡིན་ནའང་ཁ་བཏང་ཆོག་ཆོག་དང་། ནག་ཉེས་བཙུགས་ཆོག་ཆོག་ཅིག་ལ་ངོས་འཛིན་གནང་གི་འདུག དྲན་གསོ་གཏོང་རོགས་གནོངས། རིག་གནས་གསར་བརྗེ་སྐབས་༼ སྔོན་ཐོན་པ་ ༽ མང་པོ་བྱུང་མྱོང་ཡོད་པ་རེད་དོ།
རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་སྤྱི་མིང་གི་ཐོག་ནས་འདོན་མ་ཕོད་པར་མི་སྒེར་གྱི་མིང་ཐོག་ནས་བཏོན་པའི་བསམ་ཚུལ་འདི་ལ་ལན་འབྲི་རྒྱུ་ཡིན། ད་དུང་དེའི་སྐོར་གང་འདུག་ན་འདིའི་འཕྲོར་འདྲེན་བཀོད་བྱེད་རོགས།
གོང་དུ་ ༣ བྲིས་པ་དེ་ ༢ པར་བཅོས་རོགས་ཞུ།
༣ གཞན་ཡང་གོང་དྲིས་ལྟར་གལ་ཏེ་རིམ་འགྱུར་ཆབ་སྲིད་ཀྱི་འགྱུར་འགྲོས་འོག་ཐོག་མ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་དེ་གང་འདྲ་ཞིག་ཡོད་མེད་དང་། ད་ལྟ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་དེ་ལ་འཕེལ་གྲིབ་གང་བྱུང་ཡོད་མེད་དང་། ད་ལྟ་དེ་དོན་དངོས་སུ་གང་ལ་འཛུབ་མོ་འཛུགས་དགོས་མིན་བཅས་ལ་རྒྱུ་མཚན་ཞིབ་ཚགས་ཀྱི་ལམ་ནས་འགྲེལ་བཤད་དང་། མི་མང་གི་དོགས་འདྲིར་དངོས་ཡོད་རྒྱུ་མཚན་དེ་དང་འདི་ཟེར་བའི་སྒོ་ནས་ལན་འདེབས་དང་། དོགས་འདྲི་གལ་གནད་ཆེ་ཁག་ཚིག་ཐོར་བཀོད་དེ་བཀའ་སྤྱི་གཉིས་ལ་ཕུལ་ན། ད་གཟོད་ཁྱོད་རང་མི་རིགས་ས་གནས་རང་སྐྱོང་གི་ལངས་ཕྱོགས་ཁྱེར་མཁན་མིང་དོན་མཚུངས་པ་ཟེར་བ་དེ་ཆགས་པ་རེད། དེ་ལས་ལྡོག་སྟེ་མི་རིགས་ས་གནས་རང་སྐྱོང་གི་ལམ་ལ་མ་ཕྱིན་ན་༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་རབས་བཤད་པས་མི་མང་ལ་མི་རིགས་ས་གནས་རང་སྐྱོང་གི་བསྟན་དོན་གོ་རྟོགས་སད་པར་ག་རེ་ཕན་གྱི་རེད། མི་མང་ལ་ག་རེ་ངོ་སྤྲོད་ཐོབ་ཀྱི་རེད། ད་སྐབས་བོད་མི་མང་པོ་ཞིག་གིས་སོ་སོ་མི་རིགས་ས་གནས་རང་སྐྱོང་གི་ལམ་དུ་འགྲོ་མཁན་ཡིན་ཚུལ་བརྗོད་ཀྱི་ཡོད་ལ། དེའི་དོན་ནི། ང་༸གོང་ས་མཆོག་གི་བཀའ་བསྒྲུབ་མཁན་ཡིན་ཟེར་གྱི་ཡོད་པ་རེད། བོད་མི་ཚོ་འདི་འདྲའི་ཁོར་ཡུག་ཅིག་གི་ནང་དུ་བཅུག་བཞིན་པ་འདི་༸གོང་ས་མཆོག་གི་དགོངས་གཞི་རྩ་བ་ནས་མིན་པ་ཚིག་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ནང་བོད་ཀྱི་འཐབ་རྩོད་འདི་བོད་མི་མང་གིས་འགན་ཁུར་རྐང་ལེན་གྱིས་བོད་དོན་མཐའ་མའི་ཐག་གཅོད་ཐུབ་པ་ཞིག་ཡོང་ཆེད་མང་གཙོའི་ལམ་དུ་སྐབས་དེའི་བོད་མིའི་གནས་སྟངས་ལ་མི་འཚམ་བཞིན་ཨུ་ཚུགས་ཀྱིས་བསྐྱོད་བཅུག་པ་མ་རེད་དམ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་ཡོང་བའི་རེ་སྐུལ་བྱེད་པ་ལས་འཕྲོས་པའི་བསམ་ཚུལ་ལེའུ་དང་པོ་རེ་ཞིག་རྫོགས་སོ།
(སྔ་ལོ་རྡ་སར་དབུ་མའི་ལམ་གྱི་ལས་འགུལ་ཚོགས་ཆུང་ཚུགས་སྐབས་དང་། རྗེས་སུ་ལྷོ་ཕྱོགས་སུ་ཕྱི་ཟླ་ ༦ ཟླ་འཇུག་ཏུ་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱི་ལ་གཏམ་བཤད་ལ་དོགས་འདྲི་བྱས་པའི་སྔ་རྗེས་སུ་སྐབས་དེའི་བསམ་ཚུལ་བཞིན་རྩོམ་ཡིག་འདིའི་མ་གཞི་༸གོང་ས་མཆོག་རྒྱབ་ཤེད་དུ་ཁུར་ནས་དབུ་མའི་ལམ་སྨྲ་མཁན་ཚོར་ཟེར་བ་ཞིག་བྲིས་ཡོད་པ་བཟོ་བཅོས་ཀྱི་ཁ་ཇེ་གསལ་དུ་བཏང་བའི་ཐོག་ཁ་བྱང་ཡང་༸གོང་ས་མཆོག་རྒྱབ་ཤེད་དུ་ཁུར་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་ཁྲིད་པ་ཟེར་བར་བསྒྱུར་ཏེ་ ༢༠༡༠/༠༣/༢༥ ལ་སྤེལ།)
༣ གལ་ཏེ་མི་རིགས་ས་གནས་རང་སྐྱོང་གི་ལངས་ཕྱོགས་འདོན་མཁན་སུ་ཡིན་མིན་གལ་ཆེ་བ་ཡིན་ན། ཁྱོད་རང་གི་ཤེས་ཚད་ཀྱི་རང་རྟགས་བསྟན་འདུག་པས་རྒྱུ་མཚན་བཤད་ཀྱང་གོ་རྟོགས་སད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་བཀའ་བློན་དང་། སྤྱི་འཐུས་ཁག་ཅིག་གིས་མི་རིགས་ས་ཁོངས་རང་སྐྱོང་གི་བསྟན་དོན་ལ་འགྲེལ་བཤད་བྱེད་མི་ཤེས་སྟབས་༸གོང་ས་མཆོག་གི་དགོངས་གཞིར་ཤར་བསྐྱོད་བྱེད་དགོས་ཚུལ་སོགས་ཤོད་བཞིན་མི་མང་གི་མདུན་དུ་སོ་སོ་ཡག་པོ་ཡིན་པ་སྟོན་གྱི་འདུག་ལ། དེ་བརྒྱུད་ནས་སོ་སོའི་རྒྱབ་སྐྱོར་འཚོལ་གྱི་འདུག དྲན་སྐུལ་ཞུ་རྒྱུ་ལ། སོ་སོ་༸གོང་ས་མཆོག་གི་བཀའ་སྒྲུབ་མཁན་ཡིན་མདོག་གིས་བོད་མི་མང་དབུ་སྐོར་མ་གཏོང་། འཁྲབ་ཚན་དེའི་ཕག་ན་ག་རེ་ཡོད་པ་ཤེས་ཀྱི་ཡོད། ཐ་སྙད་གཞན་ཞིག་གི་ལམ་ནས་བརྗོད་ན། ༸གོང་ས་མཆོག་གི་མཚན་དམར་རྗེན་དུ་བེད་སྤྱོད་བྱས་ཏེ་སོ་སོ་གཙང་མ་བཟོ་བྱེད་དམ་དཀར་འདོན་བྱེད་སྤྱད་མ་བྱེད་རོགས། ད་ལྟ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་བཙན་བྱོལ་བོད་གཞུང་གིས་བོད་རིགས་ཀྱི་དཀའ་རྙོག་སེལ་ཐབས་སུ་བཏོན་པའི་ལངས་ཕྱོགས་ཤིག་ཡིན་པ་རེད། དེར་བརྟེན་ཁྱོད་ཅག་གིས་ཀྱང་བཙན་བྱོལ་བོད་གཞུང་གི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་ལངས་ཕྱོགས་ལ་ངེས་པ་རྙེད་དེ་ལས་འགུལ་ཡང་སྤེལ་གྱི་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་༸གོང་ས་མཆོག་གི་མཚན་བེད་སྤྱོད་མི་བྱེད་པར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་དེ་ཡང་དག་པ་ཡིན་ལུགས་ཁྱོད་ཅག་ལ་དངོས་ཡོད་རྒྱུ་མཚན་གྱི་ལམ་ནས་གསལ་བཤད་བྱ་རྒྱུའི་སྤོབས་པ་ཙམ་ཡང་མི་འདུག་་ན། ཁྱོད་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ངོ་སྤྲོད་བྱེད་མཁན་ཞིག་ཡིན་ཁུལ་བྱེད་དོན་གང་ཡིན་དོགས་པ་སྣོན་པ་ཞིག་སྐྱེ་གཞི་ཞིག་ལས་ལྷག་པའི་དོན་རྙིང་ཅང་འདུག་གམ། གཞན་ཡང་རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་༸གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ལས་བོད་ཀྱི་གནད་དོན་གླེང་གི་མེད་ལ། ང་ཚོས་ཀྱང་༸གོོང་ས་མཆོག་གི་མི་རིགས་ས་གནས་རང་སྐྱོང་ཟེར། ཧ་ལམ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་འདི་༸གོང་ས་མཆོག་ཐུགས་མཉེས་ཡོང་ཕྱིར་ཡིན་པ་ལྟ་བུ་བྱེད། འགན་ཁུར་མེད་པའི་བྱེད་སྟངས་འདི་འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ན། ཡ་རབས་ཤིག་རེད་དམ་མ་རབས་ཤིག་རེད། གནས་སྟངས་དེ་འདྲར་སོང་དྲི་བ་ཞུ་རྒྱུར། མི་རིགས་ས་གནས་རང་སྐྱོང་ཟེར་མཁན་ཡིན་ནའང་འདྲ། རང་བཙན་ཟེར་ཡིན་ནའང་འདྲ། བོད་མི་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་བལྟས་ནས་དོགས་འདྲི་བྱས་ན་དེ་མ་རུང་བ་དང་མ་འོས་པ་ཞིག་རེད་དམ། དྲི་བ་གཏོང་མཁན་གྱི་བོད་མི་དེ་སྡུག་ཅག་རེད་དམ་ཡག་པོ་རེད། དྲི་བ་དེ་གཏོང་བའི་ཐོབ་ཐང་ཡོད་དམ་མེད། བོད་ལ་རང་བཙན་གཙང་མའི་གནས་བབ་ཡོད་པ་དེ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་ལངས་ཕྱོགས་ཁྱེར་མཁན་ཞིག་གི་ངོས་ནས་བལྟས་ན་གལ་ཆེ་ཆུང་ཅི་འདྲ་རེད། དྲི་བ་འདི་དག་གི་ལན་དེ་དེང་སང་ང་ཡ་རབས་དང་། ང་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ཟེར་མཁན་གྱི་བཀའ་བློན་དང་། སྤྱི་འཐུས་ཚོས་ལན་གནང་དགོས་ཀྱི་རེད་བསམ་གྱི་འདུག འཕྲོ་ཡོད།
ལྷ་མོ་སྐྱབས་ཀྱི་བསམ་ཚུལ་དང་འབྲེལ་ཆགས་པའི་གུས་པའི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་ཡོད་པ་འདྲེན་བཀོད་བྱེད་ཀྱི་ཡིན།
༡ ༸གོང་ས་མཆོག་རྒྱབ་ཤེད་དུ་ཁུར་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་ཁྲིད་པ།
རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་ནི་བོད་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་བཏོན་པའི་ཐབས་ལམ་ཞིག་ཡིན་མིན་ལ་བོད་རིགས་ཚོས་དོགས་པ་གང་ཡང་བྱེད་མི་སྲིད་ལ། བོད་རིགས་མང་ཆེ་བས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་བསྟན་དོན་གསལ་པོ་དང་ཞིབ་ཚགས་པོ་ཤེས་ཀྱི་མེད། ཡིན་ནའང་བཀའ་བློན་དང་། སྤྱི་འཐུས་མི་ཉུང་བ་ཞིག་གིས་མི་རིགས་ས་གནས་རང་སྐྱོང་གི་འགྲེལ་བཤད་སྐབས་འདི་༸གོང་ས་མཆོག་གི་དགོངས་གཞི་ཡིན་པས་ཤར་བསྐྱོད་བྱེད་དགོས་ཚུལ་དང་། ཤར་བསྐྱོད་མ་བྱས་པ་ཡིན་ན་༸གོང་ས་མཆོག་གི་དགོངས་པ་དང་འགལ་ཚུལ་སོགས་གསུངས་ཏེ་ཆབ་སྲིད་ཀྱི་ཤེས་ཚད་ཧ་ཅང་སྐྱོ་བའི་མི་མང་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་ལམ་དུ་ཁྲིད་ཀྱི་ཡོད། དེ་ཡང་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་དགོངས་དོན་ཡང་དག་པ་ཡིན་པའི་སྒྲུབ་བྱེད་དུ་༸གོང་ས་མཆོག་རྒྱབ་ཤེད་དུ་འདྲེན་པ་ལས་ལྷག་པའི་ངོ་སྤྲོད་གང་ཡང་བྱེད་ཐུབ་ཀྱི་མེད། དེ་བཞིན་འཚེ་མེད་ཞི་བ་གླེང་སྐབས་ཞི་བའི་ལས་འགུལ་སྤེལ་ཕྱོགས་མི་གསུངས་པར་ནང་ཆོས་ངོ་སྤྲོད་བྱེད་པ་(བཀའ་བློན་ཐུབ་བསྟན་ལུང་རིགས་དང་འདྲ་བའི་མི་སྣ་སྐོར་ཅིག)སོགས་ལས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ལ་འགྲེལ་བཤད་གནང་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོའི་བརྗོད་དོན་མདོར་བསྡུས་ན། བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་ཡག་པོ་རེད། གང་ཡིན་ཟེར་ན། དེ་༸གོང་ས་མཆོག་གི་ལངས་ཕྱོགས་རེད་ཟེར་གྱི་ཡོད། དྲང་པོ་བཤད་ན་མི་མང་གིས་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་པ་ཅི་ཡང་ཤེས་ཀྱི་མ་རེད་ཟེར་ན་ཧམ་པར་འགྱུར་གྱི་མ་རེད། དེ་བཞིན་གསུང་སྟངས་འདི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་གྱི་འགྲེལ་བཤད་ཡིན་ནམ། ཡང་ན་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ལ་འགྲེལ་བཤད་གཞན་ཞིག་ཡོད། འཚེ་མེད་ཞི་བའི་ལམ་གྱི་ལས་འགུལ་སྤེལ་སྟངས་ནང་ཆོས་ངོ་སྤྲོད་བྱས་ན་ཡོང་བ་ཞིག་ཡིན་དང་མིན། གལ་གནད་ཆེ་བའི་དྲི་བ་འདི་བསམ་བློ་ཞིབ་ཚགས་པོའི་ཐོག་ནས་གཏོང་དགོས་པ་ཞིག་རེད་བསམ་གྱི་འདུག ད་དུང་ང་ཚོའི་མདུན་དུ་དྲི་བ་ཞིག་ལྷག་ཡོད་པ་ནི། དོན་དངོས་སུ་མི་རིགས་ས་གནས་རང་སྐྱོང་གི་ལངས་ཕྱོགས་འདོན་མཁན་སུ་ཡིན་མིན་གལ་ཆེ་བ་ཡིན་དང་། རིམ་འགྱུར་ཆབ་སྲིད་ཀྱི་འགྱུར་འགྲོས་འོག་ད་ལྟ་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་དེ་གང་འདྲ་ཞིག་ཡོད་མེད་གལ་ཆེ་བ་རེད།
འཕྲོ་ཡོད།
རྒན་ལགས་ངོ་མ་རེད་སྐུ་ཉིད་ཀྱི་དགོངས་ཚུལ་འདི་དོན་དངོས་གནས་ཚུལ་དང་
མཐུན་ཞིག་རེད་སྙམ།
དྲ་གྲོགས་ཚོ།བློ་བཟང་ལགས་ཀྱིས་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ནས་དྲངས་པ་དེ་ལ་ལན་ཞིག་རྒྱོབ་དང་།ནམ་རྒྱུན་ཡིན་ན་ང་མཁས་པ་ཡིན་།ང་ཁ་བདེ་པོ་ཡིན་ཟེར་མཁན་མང་པོ་ཞིག་ཡོང་གི་འདུག།ད་ག་རེ་བྱས་སོང་།
འདི་ལ་ལན་རྣམ་དག་ཞིག་རྒྱབ་ཐུབ་ན་ཡག་པོ་འདུག
བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དྲངས། ཉེ་བའི་ལོ་ཤས་རིང་། སྨྱུག་འཛིན་པས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་དབུ་མའི་ལམ་ཞེས་པའི་ཁ་བྲལ་རིང་ལུགས་ཀྱི་ངོ་བོ་དང་། ཁོ་རང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་སྤྱིའི་འཐུས་ཚབ་པ་ཡིན་པའི་ཐོག་མ་ཉིད་ཀྱི་ངོ་བོ། ཕྱི་རྒྱལ་གྱི་ཟིང་འཁྲུག་པ་དང་《ཤར་གྲུ་གུའི་》མི་སྣ་དང་ངན་འབྲེལ་བྱས་ཚུལ། དེ་བཞིན་འཆལ་གཏམ་སྣ་ཚོགས་སྤེལ་བ་བཅས་ཀྱི་སྐོར་ལ་སྐྱོན་བརྗོད་ ཐེངས་མང་བྱས་མོད། འོན་ཀྱང་ཏཱ་ལའི་ནས་དེའི་ཐད་ཡ་ལན་ཚིག་གཅིག་ཀྱང་མེད་པ་རེད། དེའི་ཐོག་ནས་ཁོང་ལ་བཟོད་བསྲན་གྱི་ནུས་པ་ཆེན་པོ་ཡོད་པ་མཐོང་ཐུབ། ཡིན་ན་ཡང་ད་ལོའི་ཟླ་༢ཚེས་༡༩ཉིན། སྨྱུག་འཛིན་པས་བྲིས་པའི་《ཏཱ་ལའི་ནས་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་ཆེ་མདོག་བྱེད་པ་དེ་ཕམ་ཉེས་འགྲོ་ངེས་རེད་》ཅེས་པའི་རྩོམ་ཡིག་ནང་། ཏཱ་ལའི་ནས་རང་གི་འབྱུང་རྩ་བརྗེད་ཏེ་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་ཐེངས་མང་བརྗོད་པར་ཐེར་འདོན་བྱས་པས། ཏཱ་ལའི་ནས་མཐར་ཐུག་བཟོད་སྒོམ་བྱེད་ཐུབ་མེད་པ་རེད། ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་བཀོད་པ་ལྟར་ན། ཟླ་༣ཚེས་༩ཉིན། ཏཱ་ལའི་ནས་རྒྱ་གར་རྡ་རམ་ས་ལར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྐད་ཆ་སྙན་པོའི་ཐོག་ནས་རང་ཉིད་ཀྱི་རྒྱུ་མཚན་གསེད་བཀྲོལ་བྱས་ཡོད་པ་དང་། རྒྱུ་མཚན་གསུམ་གྱི་ཐོག་ནས་ང་རང་རྒྱ་གར་གྱི་བུ་ཕྲུག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད། ཏཱ་ལའི་ལ་གཞི་ནས་རང་གིས་བཤད་མྱོང་བའི་སྐད་ཆ་ཁས་ལེན་བྱེད་པ་སྙིང་སྟོབས་ཡོད་པ་མ་ཟད་རྒྱུ་མཚན་གསེད་བཀྲོལ་བྱེད་པའི་སྤོབས་པ་ཡོད་པར་ང་རང་ནས་ཡི་རང་བྱེད་ཀྱི་ཡོད།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཐོག་མའི་མིང་ལ་ལྷ་མོ་དོན་གྲུབ་ཟེར་བ་དང་། དེ་ཡང་༡༩༣༥ལོར་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཁོངས་སྟག་འཚེར་ཞེས་པའི་སར་ཞིང་དུད་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཕའི་མིང་ལ་ཆོས་མཆོག་ཚེ་རིང་དང་མའི་མིང་ལ་བདེ་སྐྱིད་ཚེ་རིང་ཟེར། ༡༩༣༩ལོའི་ཟླ་༡༠ཚེས་༧ཉིན། ལྷ་མོ་དོན་གྲུབ་ཀྲུང་གོའི་གོ་མིན་སྲིད་གཞུང་གིས་དམག་མི་བཏང་ནས་ལྷ་སར་སྲུང་སྐྱེལ་ཞུས་ཐོག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་འོས་སྤྲུལ་ལ་གཏན་འཁེལ་བྱས་པ་རེད། ༡༩༤༠ལོའི་ཟླ་༢ཚེས་༥ཉིན། གོ་མིན་སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་ཆོག་མཆན་སྤྲད་པ་རེད། ༡༩༥༩ལོའི་ཟླ་༣ཚེས་༡༠ཉིན། ཏཱ་ལའི་ནས་གཙོས་པའི་བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་ཕམ་ཉེས་ཤོར་རྗེས་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་པ་རེད། གོང་གསལ་གནས་ཚུལ་འདིའི་ཐོག་ནས་ང་ཚོས་ཏཱ་ལའི་ལོ་རྒྱུས་གསལ་པོར་ཤེས་ཐུབ་པས། གང་འདྲ་བྱས་ཏེ་གློ་བུར་དུ་རྒྱ་གར་གྱི་བུ་ཕྲུག་ལ་གྱུར་བ་ཡིན་ནམ། ཏྭ་ལའི་ནས་དེའི་སྐོར་འགྲེལ་བཤད་གང་འདྲ་རྒྱག་གི་ཡོད་པ་ང་ཚོས་གཟིགས་ཙམ་གནང་དང་།
ཏཱ་ལའི་རྒྱུ་མཚན་དང་པོ་ནི། ང་རང་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་ཞིང་། ངའི་ནང་པའི་ཤེས་ཡོན་དང་མིའི་རིགས་ཀྱི་རིན་ཐང་ལྟ་བ་ཡོད་ཚད་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་རྒྱ་གར་འདི་ཉིད་ང་རང་གི་སློབ་དཔོན་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚང་མ་རྒྱ་གར་གྱི་སློབ་མ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པ་དེ་རེད། ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ འབྱུང་ཡུལ་རྒྱ་གར་ནས་ཡིན་པ་སྨོས་ཅི་དགོས། དེ་རྗེས་འཛམ་གླིང་ཡོངས་དང་ལྷག་པར་དུ་ཨེ་ཤ་ཡ་ཤར་མ་དང་། ལྷོ་མའི་ས་ཁུལ་དུ་དར་ཁྱབ་བྱུང་བ་དང་། རྒྱལ་ཁབ་མི་ཉུང་བར་དད་པ་བྱེད་མཁན་མང་པོ་ཡོད་མོད། འོན་ཀྱང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚུད་པའི་རྒྱལ་ཁབཁག་གི་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་ནས་བྱུང་བའི་རྒྱུ་མཚན་གྱིས་རང་ཉིད་རྒྱ་གར་གྱི་བུ་ཕྲུག་ལ་ངོས་འཛིན་བྱེད་མཁན་ག་ལ་ཡོད། དོན་དངོས་ཐོག་ཆོས་ལུགས་དེ་རྒྱལ་ཁོངས་བརྒལ་ནས་དར་ཁྱབ་ཏུ་འགྲོ་བ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན་ལ། ཆོས་དད་པ་རྒྱལ་ཁབ་གང་ཞིག་གི་ཁོངས་སུ་གཏོགས་མིན་དེ་རང་གིས་དད་མོས་བྱེད་སའི་ཆོས་ལུགས་ཀྱི་འབྱུང་ཁུངས་རྒྱལ་ཁབ་གང་ཞིག་ནས་ཡིན་པ་དང་འབྲེལ་བ་མེད། དཔེར་ན། ཡེ་ཤུ་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས་ཀྱི་འབྱུང་ཁུངས་དབུས་ཤར་ས་ཁུལ་ཡིན་ཞིང་། ད་ཆ་འཛམ་གླིང་ཡོངས་སུ་ཆོས་དད་པ་དུང་ཕྱུར་༣༠ཙམ་ཡོད། ཆོས་དད་པ་དེ་དག་ཚང་མ་རྒྱལ་ཁབ་མི་འདྲ་བའི་ཁོངས་གཏོགས་ཡིན་ཞིང་། རང་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་རང་ཉིད་ཀྱི་གི་འགན་འཁྲིར་བརྩི་གི་ཡོད་པ་ལས། ཡེ་ཤུ་ཆོས་ལུགས་སམ་ཡང་ན་དབྱི་སི་ལན་ཆོས་ལུགས་ལ་དད་པ་ཡོད་པའི་དབང་གིས་རང་ཉིད་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ག་གེ་མོ་ཞིག་གི་བུ་ཕྲུག་ཡིན་ཞེས་བརྗོད་མཁན་སུ་ཞིག་ཀྱང་མཐོང་རྒྱུ་མེད། ཚང་མས་མཁྱེན་གསལ་ལྟར། ཏཱ་ལའི་ཡི་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་པའི་ཁྲོད་མང་པོ་ཞིག་ནི་ཡེ་ཤུའི་་ཆོས་པ་རྣམ་དག་ཡིན་ཞིང་། ཏཱ་ལའི་གཏན་ཚིགས་ལྟར་ན། ཡེ་ཤུའི་་ཆོས་དད་པ་དེ་དག་གི་སློབ་དཔོན་ཡང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གང་རུང་ཞིག་ཡིན་དགོས་པ་མ་ཡིན་ནམ།
ཏཱ་ལའི་རྒྱུ་མཚན་གཉིས་པ་ནི། ངའི་གཟུགས་ཀྱི་ཕུང་པོ་འདི་རྒྱ་གར་གྱི་ཟས་རིགས་ལ་བརྟེན་ནས་མི་ལོ༥༡འཚོ་སྐྱོང་བྱས་ཡོད། ་ རྒྱ་གར་གྱི་ཟས་རིགས་དང་རིག་གཞུང་ལ་བརྟེན་ནས་རང་ཉིད་འཚོ་སྐྱོང་བྱས་པར་བརྟེན་ང་རང་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་བརྗོད་པ་དེ་རེད། དེ་ཡང་འདིའི་ཐོག་ནས་ཇི་སྐད་དུ་ནུ་འོ་སྟེར་ན་ཨ་མར་བརྩི་ཞེས་པའི་ངག་རྒྱུན་དེ་་མི་རྣམས་ཀྱི་སེམས་ནང་དབང་མེད་དུ་དྲན་སྲིད། དངོས་གནས་ཏྭ་ལའི་ནས་བཤད་པ་བཞིན། ཁོ་རང་ནས་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་མི་ལོ༥༡སོང་རིང། གཙོ་བོ་རྒྱ་གར་གྱི་ཟས་རིགས་ལ་བརྟེན་ནས་འཚོ་སྡོད་བྱས་པ་ཞིག་་ཡིན་ཞིང་། ཏཱ་ལའི་ནས་་ལོ་རེ་བཞིན་་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་གི་་ཡོད་ཅིང་། དེ་ཡང་གནས་ལུགས་དང་མཐུན་པ་ཞིག་རེད། འོན་ཀྱང་དེ་ལ་བརྟེན་ནས་གློ་བུར་དུ་“རྒྱ་གར་གྱི་བུ་ཕྲུག”་ཞིག་ཏུ་འགྱུར་བ་ནི་རྒྱུ་མཚན་གསལ་པོ་་ཞིག་མེད་པ་མངོན་གསལ་རེད། དེང་དུས་ཀྱི་འཛམ་གླིང་འདིར། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མི་རྣམས་རྒྱལ་ཁབ་གཞན་ཏུ་འཚོ་སྡོད་བྱེད་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན། འོན་ཀྱང་རྒྱལ་ཁབ་གཞན་གྱི་ཟས་རིགས་བཟས་པའི་དབང་གིས་རྒྱལ་ཁབ་དེའི་་བུ་ ཕྲུག་ཡིན་ཞེས་ཁྱབ་བསྒྲགས་བྱེད་པ་ནི་ད་ལྟའི་བར་དུ་སྔོན་དཔེ་མེད་པ་ཞིག་རེད། གནད་དོན་གཞན་དུ་ད་དུང་མི་ལོ་༥༡རིང་ཏཱ་ལའི་ནས་རྒྱ་གར་གྱི་ཟས་རིགས་བཟས་པ་ཕུད་ད་དུང་རྒྱལ་ཁབ་གཞན་དག་གི་ཟས་རིགས་ཀྱང་མང་པོ་བཟས་ཡོད་པ་དང་། རྒྱལ་ཁབ་གཞན་དག་མང་པོ་ཞིག་གི་དངུལ་བླངས་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས་༦༠པའི་ནང་། ཏཱ་ལའི་ནས་རྒྱལ་ཁབ་ག་གེ་མོའི་གསང་འཕྲིན་ཅུད་ཀྱིས་སྤྲད་པའི་ཨ་སྒོར་ཁྲི༡༨ཀྱི་ལོ་ཕོགས་བླངས་ཤིང་རྒྱལ་ཁབ་དེའི་ཙུང་ཐུང་གི་ཕོགས་ལས་ཀྱང་མཐོ་བ་ཡོད་པ་རེད། ཏཱ་ལའི་གཏན་ཚིགས་ལྟར་ན། སུ་ཞིག་གིས་ལུས་ཕུང་གསོས་ན་དེ་དེའི་བུ་ཕྲུག་ཡིན་དགོས་པ་རེད། དེས་ན་ཁོང་ནས་་ད་དུང་རང་ཉིད་དུས་མཚུངས་སུ་རྒྱལ་ཁབ་གཞན་དག་གང་རུང་ཞིག་གི་བུ་ཕྲུག་ཡིན་ཞེས་ཁྱབ་བསྒྲགས་བྱེད་རྩིས་ཡོད་དམ། དེ་ལྟར་མིན་ཚེ་གཡས་་པར་སྤྱན་དང་་གཡོན་པར་མིག་ཅེས་པའི་དཔེ་ལྟར་ངོ་ཆེ་ཆུང་དུ་མི་འགྱུར་རམ།
ཏཱ་ལའི་རྒྱུ་མཚན་གསུམ་པ་ནི། ང་རང་གི་ཆོས་ལུགས་འཆམ་མཐུན་དང་འཚེར་མེད་ཞི་བའི་བསམ་བློ་དེ་དག་རྒྱ་གར་ནས་ཡོང་བ་ཞིག་ཡིན་ཞིང་། འཚེར་མེད་ཞི་བ་དང་ཆོས་་ལུགས་འཆམ་མཐུན་ནི་རྒྱ་གར་གྱི་སྲོལ་རྒྱུན་ཡིན། ང་རང་གང་དུ་སོང་ནའང་སྲོལ་རྒྱུན་དེ་འཁྱེར་ནས་འགྲོ་གི་ཡོད། དེ་ནི་ང་རང་རྒྱ་གར་གྱི་བུ་ཕྲུག་ཅིག་ཡིན་ཞེས་བརྗོད་པའི་རྒྱུ་མཚན་གསུམ་པ་དེ་ཡིན་ཟེར་བ་དེ་རེད། ཏཱ་ལའི་ནས་ཡང་རྫུན་གཏམ་བཤད་པ་རེད། ༡༩༥༩ལོའི་དྲག་པོའི་ངོ་ལོག་ཟིང་འཁྲུག་འགོ་ཚུགས་པ་ནས་བཟུང་། ཁོང་གི་མི་ལོ་བཅུ་ཕྲག་རིང་གི་ཁ་བྲལ་རིང་ལུགས་ཀྱི་བྱེད་སྒོ་དེ་ཐོག་མཐའ་བར་གསུམ་དུ་རྩུབ་སྤྱོད་འཇིགས་སྐུལ་དང་འབྲེལ་བ་ཡོད་ཅིང་། འཚེར་མེད་ཞི་བའི་བསམ་བློ་དང་རྦད་དེ་ཕྱིན་ཅི་ལོག་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར། འཆམ་མཐུན་དང་། འཚེར་མེད་ཞི་བ་ནི་མིའི་རིགས་ཀྱིས་སྔར་ནས་ད་བར་བརྩོན་ལེན་བྱེད་པའི་ཡོངས་ཁྱབ་ཀྱི་རེ་འདུན་ཞིག་ཡིན་ཞིང་། རྒྱ་གར་གྱི་སྲོལ་རྒྱུན་ནང་དུ་ཡོད་ལ། རྒྱལ་ཁབ་གཞན་དག་དང་། མི་རིགས་གཞན་དག་གི་སྲོལ་རྒྱུན་ནང་དུའང་ཡོད་པ་ལས། རྒྱལ་ཁབ་ག་གེ་མོ་ཞིག་གི་གཅིག་བདག་ཁེ་དབང་ག་ལ་ཡིན། ཏཱ་ལའི་ནས་རྒྱ་གར་ལ་བསྟོད་བསྔགས་བྱེད་ཆོག་མོད་། འོན་ཀྱང་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་གི་རིག་གནས་ལ་གང་བྱུང་དམའ་འབེབས་བྱེད་པའི་དབང་ཆ་མེད། གནའ་ནས་ད་བར། མིའི་རིགས་ཀྱི་རིན་ཐང་ཡོད་པའི་བསམ་བློ་དང་། རིག་གནས་ཚང་མ། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་གཅིག་པའི་མི་ཚོགས་ཀྱིས་ཚད་གཞི་མི་འདྲ་བའི་སྒོ་ནས་ཐུན་མོང་དུ་ལོངས་སྤྱོད་བྱེད་ཀྱི་ཡོད་མོད། ཡིན་ནའང་རྒྱུ་མཚན་དེ་ལ་བརྟེན་ནས་བསམ་བློ་དང་། རིག་གནས་དེ་་དག་གི་འབྱུང་ཁུངས་སུ་གྱུར་པའི་རྒྱལ་ཁབ་དང་དེ་ལོངས་སྤྱོད་བྱེད་མཁན་རྒྱལ་ཁབ་གཞན་དག་བར་ལ་ཕ་དང་བུ་ཡི་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་ད་བར་མཐོང་རྒྱུ་མེད། ཏཱ་ལའི་རྒྱུ་མཚན་ཟེར་བ་དེ་ནི་རྦད་་དེ་མིའི་རིགས་ཀྱི་བསམ་བློའི་རིག་གནས་རྒྱུད་སྤེལ་བྱེད་སྟངས་ལ་འཁྱོག་བཤད་དང་དམའ་འབེབས་བྱེད་པ་ཞིག་རེད།
ཏཱ་ལའི་“རྒྱ་གར་གྱི་བུ་ཕྲུག”སྨྲ་བ་དེ་ཁུངས་ལུང་མེད་པ་དང་། ཚུལ་དང་མི་མཐུན་པ། ངོ་གནོངས་དགོས་པ་བཅས་ཡིན་པར་བརྟེན། ད་བར་ཏཱ་ལའི་རུ་ཚོགས་ཀྱི་ནང་ཁུལ་དུའང་དང་ལེན་བྱེད་མཁན་ཉུང་ཞིང་། གདོང་དུ་ལངས་ནས་ཏཱ་ལའི་ལ་དག་འབུད་བྱེད་མཁན་དེ་བས་ཀྱང་ཉུང་ཉུང་ཡིན་པ་དང་། ཁོང་གི་ནུབ་ཕྱོགས་ཀྱི་རྗེས་འབྲང་པ་མང་པོ་དེ་དག་ཀྱང་སྐསབས་འདིར་ཚང་མ་ཁུ་སིམ་མེར་བསྡད་ཡོད་ཅིང་། ཐ་ན་ཏཱ་ལའི་ནས་ངོ་བསྟོད་བྱ་ཡུལ་རྒྱ་གར་དུའང་གནས་ཚུལ་དེ་སྣངབ་མེད་དུ་འཇོག་པ་ལས་རང་ཉིད་ལ་བུ་ཕྲུག་ཅིག་མང་དུ་ཕྱིན་པའི་དབང་གིས་དགའ་སྤྲོ་ཚད་མེད་བྱེད་མཁན་མེད་པ རེད།
ཏཱ་ལའི་ལ་རྒྱ་གར་གྱི་བུ་ཕྲུག་བྱེད་འདོད་ཡོད་ན། བྱ་སྤྱོད་ངོ་མ་ཡོད་དགོས་པ་སྨོས་ཅི་དགོས། སྤྱི་ལོ༡༩༨༦ལོའི་སྤྱི་ཟླ༤པར། ཏཱ་ལའི་ནས་སྐབས་དེའི་རྒྱ་གར་གྱི་ཙུང་ལི་ལཱ་ཅི་ཧྥུ་གནྡི་ལ་ཕུལ་བའི་བརྗེད་ཐོ་ཡི་གེའི་ནང་དུ། འཛེམ་ཟོན་སྤུ་ཙམ་ཡང་མེད་པའི་ཐོག་ནས་རང་གི་ཕ་མེས་ཀྱི་ས་ཆ་སྟེ་བོད་ཀྱི་ལྷོ་རྒྱུད་ཀྱི་ས་ཁུལ་དེར“ཨ་རོལ་སྣ་ཆའི་མངའ་སྡེ”ཞེས་བརྗོད་ཡོད། སྤྱི་ལོ༡༩༩༩ལོར་ཏཱ་ལའི་ནས་ཐའེ་ཝན་གྱི《ཀྲུང་གོའི་སྐབས་དོན་ཚགས་པར་》ཞེས་པའི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“ང་རང་ལ་དྭགས་དང་མོན་རྟ་དབང་དུ་བསྐྱོད་སྐབས་ལས་འགན་གང་ཡང་མེད། གངས་ལགས་ཤེ་ན། དེ་ནི་རྒྱ་གར་གྱི་ས་ཆ་ཞིག་རེད་”ཅེས་བརྗོད་ཡོད། ཉེ་བའི་ལོ་ཤས་ནང་། ཏཱ་ལའི་ནས་དེ་བས་ཀྱང་བོད་ཀྱི་ལྷོ་རྒྱུད་ས་ཆ་དེ་“རྒྱ་གར་གྱི་མངའ་ཁོངས་ཡིན་”ཞེས་ནམ་རྒྱུན་དུ་བཤད་ཀྱི་ཡོད་པ་རེད། ཏཱ་ལའི་ནས་གཙོ་བོ་བྱེད་པའི་ཀྲུང་གོ་ཁ་བྲལ་དུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཁྲིམས་འགལ་གྱི་ཆབ་སྲིད་ཡུལ་གྱར་ཚོགས་པ་དེར། རང་ཉིད་ལ་སྟོབས་ཤུགས་གང་ཡང་མེད་སྟབས། བོད་རང་བཙན་ཟེར་བའི་རེ་བ་དེ་ཕྱི་རྒྱལ་གྱིས་རྒྱབ་སྐྱོར་བྱེད་རྒྱུར་མི་བརྟེན་ཀ་མེད་ཡིན་པ་རེད།
གལ་ཏེ་ཏཱ་ལའི་ནས་སེམས་ཐག་གཙང་བཅད་ཀྱིས་“རྒྱ་གར་གྱི་བུ་ཕྲུག་”་བྱེད་འདོད་ན། དེ་ནི་ཁོང་རང་ཉིད་ཀྱི་བྱ་བ་ཞིག་ཡིན་པས། མི་གཞན་གྱིས་དེར་ངོ་རྒོལ་བྱེད་པའི་དབང་ཆ་མེད། ཡིན་ནའང་ཁོང་གིས་ད་ནས་བཟུང་རང་ཉིད་“བོད་མི་ཡོངས་ཀྱི་ཁེ་ཕན་གྱི་འཐུས་ཚབ་”ཡིན་ཟེར་བར་ཁ་གཡར་ནས་གང་སར་མགོ་སྐོར་མི་གཏོང་བའི་གསལ་འདེབས་བྱ་རྒྱུ་ཡིན། བོད་ཀྱི་བྱ་དོན་རྦད་དེ་ཀྲུང་གོའི་ནང་སྲིད་ཡིན་པས། “རྒྱ་གར་གྱི་བུ་ཕྲུག་”ཡིན་པའི་ངོས་ནས་དེའི་ཐད་མཐོ་བཤད་དམའ་བཤད་བྱེད་པའི་ཐོབ་ཐང་་མེད། དེ་ལས་ལྡོག་ཏེ་ཏྭ་ལའི་ནས་རྒྱ་གར་གྱི་ནང་སྲིད་བྱ་དོན་ལ་ཐེ་གཏོགས་བྱེད་རྒྱུའི་ཚོད་ལྟ་བྱེད་ཆོག འོན་ཀྱང་དེ་ཡང་རྒྱ་གར་ནས་བུ་ཕྲུག་ཡིན་པར་ཁས་ལེན་བྱེད་མིན་ལ་ལྟ་དགོས།
སྨྱུག་འཛིན་པས་ཏཱ་ལའི་དང་ཁོང་གི་རྗེས་འབྲང་པ་ཚོས་རྩོམ་ཡིག་འདི་ལ་དམིགས་ནས་བསྐྱར་དུ་རྒྱུ་མཚན་གསེད་བཀྲོལ་བྱེད་རྒྱུའི་རེ་བ་དང་བཅས།
མི་ཆུང་ལགས། ཁྱོད་འདི་ངོ་མས་ཁ་བདེ་བོ་རེད། ཡིན་ཡང་ངས་དྲངས་པའི་རྒྱབ་ལྗོངས་ལ་ཡང་བསྐྱར་བསམ་བློ་གཏོང་རོགས་ཞུ་རྒྱུ་ཡིན། རྒྱབ་ལྗོངས་འདི་དྲངས་དོན་ད་བར་དུ་རྒྱ་ནག་གི་གནས་སྟངས་དང་ཆབ་སྲིད་ཀྱི་འགྱུར་ལྡོག ད་ལྟའི་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་སྟེང་ནས་མིན། རྒྱ་ནག་གཞུང་གིས་སྔ་ཕྱི་བར་དུ་བོད་ཀྱི་གནད་དོན་ལ་ལྟ་སྟངས་དང་སེལ་སྟངས་ཐད་བཟུང་བའི་གཞི་རྩའི་རྣམ་འགྱུར་དེ་དུས་ཚོད་དང་གནས་སྟངས་གང་ཞིག་གི་འོག་ནས་ཀྱང་འགྱུར་ལྡོག་ཕྱིན་མེད་པ་དེ་ཡིན། སྐབས་ཐོག་སོ་སོར་ཆ་རྐྱེན་འདྲ་མིན་འདོན་བཞིན་པ་ལས་ཁོ་ཚོས་བཤད་པ་ལྟར་བོད་ཀྱི་གནད་དོན་ཐད་དུས་དང་རྣམ་པ་ཀུན་ཏུ་གཅིག་གཅོད་དང་འགྱུར་མེད། མངོན་གསལ་བཅས་ཡིན་ཞེས་བཤད་བཞིན་རེད། ལམ་དབུ་མ་ཡིན་ན་རེད། རང་བཙན་ཡིན་ན་རེད། ཁོ་ཚོར་མཚོན་ན་གཅིག་ལས་གཉིས་སུ་མེད། འདི་གསལ་བོ་རེད།
ཁ་སང་ནས་དེ་རིང་བར་གྱི་ངའི་བསམ་ཚུལ་འདི་དག་ལུང་རིགས་ལགས་ཀྱི་༼ ཧ་ཅང་དྲང་ཞིང་ཕྲ་བའི་ཁོང་། ༽ ཞེས་པ་དང་། རྒན་ལྷ་མོ་ལགས་ཀྱི་གོང་གི་རྩོམ་ཡིག་འདི་ལས་བྱུང་བ་རེད། ད་ང་ཚོས་སེམས་ལྷོད་ལ་བབས་ནས་སྐུ་མདུན་ཁོང་དྲང་ཞིང་ཕྲ་ཚུལ་ལ་སོ་སོའི་ངོས་འཛིན་བྱེད་སྟངས་རྣམས་གསལ་བོར་བཤད་ཆོག
ལུང་རིགས་ལགས་ཀྱིས་ཁོང་ད་ལྟ་དྲང་ཞིང་ཕྲ་རུ་གྱུར་འདུག་ལ། ཕྲ་ནས་ཕྲ་འགྲོ་གི་འདུག་ཟེར། དེའི་རྒྱུ་རྐྱེན་ང་ཚོའི་སྤྱི་ཚོགས་ནང་ཆུང་ཕྱོགས་པ་ཚོའི་ནང་ཁོང་ལ་ཁ་ལན་སློག་མཁན་ཇེ་མང་དུ་འགྲོ་བཞིན་པ་དེ་ཡིན་ཚུལ་གསུངས་པ་རེད། དེ་ནས་རྒན་ལྷ་མོས་ལྟ་བ་མི་མཐུན་པ་ཚོ་ཞེད་སྣང་ཚ་ཤོས་ཡིན་ཚུལ་གསུངས་པ་རེད། དེ་ཡང་དམངས་གཙོ་འདི་གདོན་འདུག་མདོག་མདོག་གསུངས་པ་རེད། མདོ་དོན་ལམ་དབུ་མ་དང་རང་བཙན་བར་གྱི་ལྟ་བ་མི་མཐུན་པ་འདི་རྩལ་དུ་བཏོན་ནས་གསུངས་པ་རེད། དེ་དང་མཉམ་དུ་གང་ཉིད་ཀྱིས་བསམ་ཚུལ་མི་མཐུན་པ་ཚོ་བེཌི་ཡའི་བུམ་པ་བྲག་ལ་བརྡལ་མཁན་ཡིན་པའི་ཉེས་མིང་བཙུགས་པ་རེད། འདི་རྨ་ཆུར་མཆོང་ཡང་མི་དག་པའི་ལོ་རྒྱུས་ཀྱི་ཉེས་མིང་ཞིག་རེད། ང་ཚོས་ངོས་ནས་ཕར་རྒྱ་ནག་ལ་ནག་ཉེས་འདི་རིགས་འཛུགས་མ་ཐུབ་པར་ཚུར་ནང་གི་ལྟ་བ་མི་མཐུན་པ་ཚོར་ཞེད་སྣང་དང་། ནག་ཉེས་འཛུགས་དགོས་དོན་འདུག་གམ། ད་ངོ་མས་གདོང་ལ་ཆུ་ཞིག་རྒྱག་རན་མི་འདུག་གམ།
སྐུ་མདུན་ཁོང་དྲང་ཞིང་ཕྲ་རུ་འགྱུར་བཞིན་པ་དངོས་ཡོད་རེད། ལྷག་པར་དགུང་གྲངས་ཡར་ཡར་འཕར་སྐབས་མར་མར་ཕྲ་ནས་ཕྲ་རུ་འགྱུར་གི་འདུག འདི་ང་ཚོ་ཚང་མའི་མྱོང་བ་རེད། འོན་ཀྱང་མྱོང་བ་འདིའི་བྱུང་སྟངས་ལ་ངོས་འཛིན་མ་འདྲ་བ་རེད། ངས་ནི་ཁོང་གི་ནམ་ཡང་མངོན་འགྱུར་མི་ཐུབ་པའི་རླབས་ཆེན་དགོངས་གཞི་བཏོན་རྗེས་འགྲུབ་མེད་པའམ། འགྲུབ་རྒྱུར་བར་ཐག་རིང་ནས་རིང་དུ་འགྲོ་བཞིན་པ་འདི་ལས་བྱུང་བ་རེད་འདོད། འདིའི་འབྱུང་རྩ་ནང་ཁུལ་ལྟ་བ་མཐུན་མི་མཐུན་ལས། ཁོང་གི་དགོངས་གཞི་འདི་རིགས་དང་བརྩོན་ལེན་གནང་སྟངས་རྣམས་གནས་སྟངས་༼ བོད་རྒྱའི་བར། ༽དང་མཐུན་མི་མཐུན་གལ་ཆེན་པོ་རེད་འདོད།
ལོ་རྒྱུས་ཐོག་གི་ནོར་འཁྲུལ་ངོས་ལེན་མི་བྱེད་མཁན་ཚོ་ལམ་དབུ་མར་ཞུགས་མཁན་དང་རྗེས་སྐྱོང་མཁན་ཚོ་རེད། དང་པོ་ཞི་བའི་དོན་ཚན་ལྔ་བཏོན་པ་རེད། དེ་ནས་འགྱུར་བ་ཕྱིན་ནས་རང་ཉིད་ཕྲ་ནས་ཕྲ་རུ་འགྲོ་སྐབས་ནོར་འཁྲུལ་ངོས་ལེན་ཕར་ཟད། གཡོལ་ཐབས་དང་འགེབ་ཐབས་བྱེད་ཀི་ཡོད་པ་རེད། ཁ་སྔོན་བཀའ་ཁྲིས་ཞི་བའི་དོན་ཚན་ལྔ་ནི་སྐུ་མདུན་གྱི་མ་འོངས་བོད་ཀྱི་འཆར་སྣང་ཙམ་ལས་དབུ་མའི་ལམ་གྱི་དགོས་འདུན་དེ་མིན་པར་གསུངས་པ་རེད། ནོར་འཁྲུལ་དང་འགལ་འཛོལ་བྱུང་སྐབས་འདི་ལས་ལྷག་པའི་གཡོལ་ཐབས་དང་འགེབ་ཐབས་ཞིག་གང་ན་ཡོད། རང་བཙན་གླེང་མཁན་ཚོའང་ཁོམ་དྲགས་ནས་གླེང་ཤིང་རྩོད་ཀྱི་ཡོད་པ་མ་རེད་འདོད།
གསར་བརྗེ་སྐྱབས་ཡོད་ས་ན་གསར་བར་རྒྱུས་ལོན་བྱེད་མ་ཐུབ་པར་ལྷག་སོང་བ་ཞིག་ཡོད་མི་སྲིད། དེ་བས། སློབ་སྦྱོང་ཡག་པོ་ཞིག་སྤྲད་སོང་ཐུགས་རྗེ་ཆེ།
མི་ཆུང་འདི་མི་ཆེན་ཞིག་ཡིན་པ་འདྲ། ཡིན་ནའང་། དགོངས་ཚུལ་ནོར་འདུག དེང་སྐབས་ཀྱང་དོན་ཚན་བཞི་དེ་རྒས་ཡོད་པ་མ་རེད་ལ། ཚོང་དོན་གྱི་མ་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། དོ་སྣང་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན། དབྱེ་ཞིབ་ཏོག་ཙམ་གྱི་རྗེས་ནས་གསལ་ཁ་བཏོད་ཐུབ་ཀྱི་ཡོད།
དབུ་མའི་ལམ་ལ་གཞུང་ལུགས་རང་བཞིན་གྱི་རིན་ཐང་ཡོད་པ་ལས་སྲིད་དོན་རང་བཞིན་ནམ་བོད་དོན་རང་བཞིན་གྱི་ནུས་པ་ཉམས་ཟིན་ལ། དེའང་ཚང་མ་ལོས་ཧ་གོ་ཟིན་པའི་རྒྱུ་རྐྱེན་དེ་དག་ལ་ཐུག་ཡོད། དེ་བས། གལ་སྲིད་འདི་ལྟར་ཕྱིན་པ་ཡིན་ན། ལོ་ངོ༥༠ལྷག་ལ་ཕྱི་ལོགས་སུ་བསྡད་པ་འདིའང་ཁྲིམས་འགལ་ཆགས་སྲིད་པའི་ཁར། དེ་ནི་རང་ཉིད་རང་གིས་ཤི་ལམ་དུ་དེད་པ་ཤ་སྟག་ཅིག་མ་ཡིན་ནམ།
གསར་བརྗེ་སྐྱབས། ལོ་རབས་བདུན་བཅུའི་ནང་རྒྱ་ནག་གི་ཆབ་སྲིད་ནི། ཆེས་རྙོག་འཛིང་ཅན་དང་ཆེས་དཀའ་ཁག་གི་དུས་ཚོད་གཉན་འཕྲང་ཅན་དེ་རེད། ར་ཤི་ཡའི་གནས་བབ་ཀྱང་ཧ་ཅང་བཟང་པོ་ཡོད། དེ་ནི་སྟོབས་ཤུགས་ལ་གོ། ཁྱེད་ཀྱིས་དྲངས་པའི་དོན་ཚན་བཞི་པོ་ནི། དུས་ཚོད་དེའི་སྐབས་ཀྱི་རེད། དེ་སྐབས་རྒྱ་ནག་གིས་བཙན་བྱོལ་ནང་གི་བོད་པར་རྒྱུས་ལོན་དེ་ཙམ་མེད། ར་ཤི་ཡར་ཡང་དོགས་འདྲོགས་བྱེད་སྲིད།
འོན་ཀྱང་ཏིང་གིས་སྲིད་ཇུས་གུ་ཡངས་བཏང་བ་ནས་བཟུང་ཕྱོགས་ཕན་ཚུན་སོ་ལྟ་བྱེད་མཁན་སོགས་ཀྱི་འབྲེལ་བར་བརྟེན། ད་ལྟ་བཙན་བྱོལ་གཞུང་འདི་རྒྱ་ནག་གི་ལག་མཐིལ་ན་སྐྱུ་རུ་ར་དང་ཆོས་མཚུངས་པ་རེད། ད་ལྟའི་དུས་སུ་གོང་གསལ་གྱི་དོན་ཚན་དང་པོ་དང་གསུམ་པར་མ་གཏོགས་རྒྱ་ནག་གི་ཐད་ནས་དོན་ཚན་གཞན་གཉིས་པོར་དོན་སྙིང་ཅི་ཡང་མཐོང་གི་མེད། གནས་བབ་ཀྱང་དེ་འདྲ་རང་ཆགས་ཡོད།
དབུ་མའི་ལམ་གྱི་བཀག་རྡོ་དེ་ཕྱོགས་གཉིས་ཐད་ནས་འཚོལ་དགོས། འོན་ཀྱང་ང་ཚོའི་ངོས་ནས་བཀའ་རྡོ་ཞིག་འཇོག་གི་ཡོད་ན། དེ་བས་ཀྱང་མི་འཚམས་པ་ཞིག་རེད། ཕར་ཕྱོགས་ནས་བཀག་རྡོ་བཟོ་ངེས་རེད། ཕར་ཕྱོགས་ནས་ཤོར་རྒྱུ་ལས་ཐོབ་རྒྱུ་ཅི་ཡང་མེད་པ་ཤེས་ཀྱི་ཡོད། ང་ཚོའི་ངོས་ནས་ཅུང་ཟད་ལས་མ་ཐོབ་ཀྱང་དེ་ཁེ་ཕན་དུ་སེམས་དགོས་སྟབས། སོ་སོ་རང་ཉིད་ཀྱི་བཀག་རྡོ་དེ་ཐོག་དང་པོར་དོར་དགོས།
དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུ་སྐབས་བརྒྱ་ཆ་དྲུག་ཅུ་རེ་བཞིས་རྒྱབ་སྐྱོར་ཞིག་གྲ་དང་ཟུར་གང་ནས་བཙལ་ཀྱང་རྙེད་ཀི་མ་རེད། འདི་ལས་ལྷག་པའི་རྒྱབ་སྐྱོར་ཞིག་འཐོབ་རྒྱུའང་ཡོད་པ་མ་རེད། འདིའི་རིན་ཐང་ཤེས་ན་ཡག་གི་རེད། ཨུ་ཚུགས་མཐར་བསྐྱལ་དང་དོགས་པ་རྣམ་རྟོག་གིས་རང་ཉིད་འགེབ་ཐུབ་ཀི་མ་རེད། གདོང་པར་ཆུ་ཞིག་བརྒྱབ་སྟེ། ཡང་བསྐྱར་བསམ་བློ་ཐོངས།
ལམ་དབུ་མས་མཐའ་མ་དེར་བོད་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་ཞིག་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་རེད། དེར་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱས་རྗེས་དོན་ཚན་བདུན་གྱི་སྒང་ནས་རང་བཙན་དང་ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་པའི་ངེས་ཤེས་རྙེད་ཡོད་ཅེས་ཕྱི་གསལ་ནང་གསལ་གྱི་ལམ་ནས་གསལ་བསྒྲགས་བྱས་པ་རེད། འདིའི་བཀག་རྡོ་བཙལ་སྐབས་རང་སྟེང་ནས་མི་རྙེད་ན་རྒྱ་ནག་གཞུང་ཐོག་ནས་བཙལ་དགོས་པ་རེད། དེ་མི་བཙལ་བར་ནང་ཁུལ་གྱི་མི་རེ་འགའ་ལ་ཁ་གཡོགས་ནས་ཉེས་པ་འཚོལ་དོན་མི་འདུག་འདོད།
གཤམ་ལ་རྒྱབ་ལྗོངས་ཞིག་ངོ་སྤྲོད་བྱེད།
དང་པོ། ཏླ་ལའི་བླ་མ་མེས་རྒྱལ་དུ་ཕྱིར་ལོག་གི་བརྩོན་ལེན་དེ་བོད་ལྗོངས་ཀྱི་བདེ་འཇགས་དང་། མི་རིགས་གཅིག་གྱུར་ལ་ཕན་གྱི་ཡོད། དེ་བཞིན་བོད་མི་རྣམས་ཀྱི་བསམ་པ་ཕྱི་རོལ་ཏུ་མ་ཕྱོགས་པར་ནང་དུ་ཚུད་ཐུབ་ཀྱི་རེད།
གཉིས་པ། རུ་སུ་ནས་ཤུགས་གང་ཡོད་བཏོན་ནས་ཏྰ་ལའི་བླ་མར་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ཏྰ་ལའི་བླ་མ་རུ་སུས་བརྩོན་ལེན་བྱས་ཚེ་ང་ཚོར་འཇིགས་སྣང་ཆེན་པོ་སྐུལ་གྱི་རེད། གནས་བབས་དེ་ནི་ཤིན་ཏུ་ཚབས་ཆེན་དང་། ཤིན་ཏུ་རྙོག་འཛིངས་ཅན་དུ་འགྱུར་གྱི་རེད། འོན་ཀྱང་དེ་སྔོན་གྱི་གནས་ཚུལ་ལ་བལྟས་ན། ཏྰ་ལའི་ཚོགས་ཁག་གིས་རུ་སུ་ལ་དྭོགས་ཟོན་བྱེད་སྟངས་ལ་བལྟས་ན་འབྲེལ་བ་བྱེད་འདོད་ཨེ་ཡོད་སྙམ། དེར་བརྟེན་དུས་སྐབས་དེ་དམ་འཛིན་གྱིས་ཏྰ་ལའི་བླ་མ་ཕྱིར་ལོག་གི་བརྩོན་ལེན་བྱེད་དགོས་གལ་ཆེ། གལ་སྲིད་ཏྰ་ལའི་བླ་མ་ལམ་སེང་ཕྱིར་མ་ལོག་མ་ཐུབ་ནའང་སྒོ་རྒྱག་མི་རུང་།
གསུམ་པ། ཏྰ་ལའི་བླ་མ་མེས་རྒྱལ་དུ་ཕྱིར་ལོག་གི་བརྩོན་ལེན་བྱ་རྒྱུ་དེ་རྒྱལ་སྤྱིའི་ཐོག་དོན་སྙིང་གཏིང་ཟབ་ཡོད། དེང་སྐབས་ང་ཚོས་ཧོང་ཀོང་དང་། ཐའི་ཝན་གྱི་སྐོར་ཐག་གཅོད་བྱ་རྒྱུ་དེ་མི་ཚོས་བོད་དོན་ལ་ལྟ་གི་ཡོད། གལ་སྲིད་བོད་དོན་སྐོར་ཕུན་སུམ་ཚོགས་པའི་ཐག་གཅོད་བྱུང་ཚེ་ཧོང་ཀོང་དང་། ཐའི་ཝན་གཉིས་ཀྱི་གནད་དོན་ཡང་བདེ་བླག་ཏུ་ཐག་གཅོད་བྱེད་ཐུབ་ཀྱི་རེད། དེ་ལྟར་ཐག་གཅོད་ཐུབ་པའི་སྐུལ་འདེད་ཀྱི་གནད་དོན་ལ་ཕན་ནུས་ཆེན་པོ་ཡོད་པ་རེད།
བཞི་བ། དེང་སང་ཏྰ་ཚོགས་ཁག་རང་ལ་དམག་ཁྲི་གཅིག་གཉིས་ཙམ་ཡོད་པ་རེད། དམག་དཔུང་དེ་དག་ལ་རྒྱ་གར་དང། རུ་སུའི་རྒྱབ་སྐྱོར་ཡོད་པར་བརྟེན་ང་ཚོའི་རྒྱལ་མཚམས་སུ་འཇིགས་སྐུལ་གྱིས་རྐྱེན་པས་བོད་ལྗོངས་ནང་ཁུལ་གྱི་བདེ་འཇགས་དང་། མི་དམངས་ཀྱི་ལུས་སྲོག་རྒྱུ་ནོར་བཅས་ལ་གནོད་སྐྱོན་ཡོང་གི་རེད། གལ་སྲིད་ང་ཚོས་ཏྰ་ལའི་ཕྱིར་ལོག་ཐུབ་པའི་བརྩོན་ལེན་བྱེད་ཐུབ་ཚེ་འཇིགས་སྐུལ་དེ་རིགས་མཐར་ཕྱིན་པའི་རྩ་མེད་བཟོ་ཐུབ་ཀྱི་རེད། ཏྰ་ལའི་གནས་སྐབས་རིང་ཕྱིར་ལོག་མ་ཐུབ་ནའང་ང་ཚོས་མུ་མཐུད་ནས་ལས་དོན་གྲུབ་ཐབས་བྱས་ན་དམག་དཔུང་དེ་དག་བེད་སྤྱོད་བྱ་རྒྱུར་སྔོན་འགོག་ཐུབ་ཀྱི་རེད་ཅེས་གསལ་འདུག
གོང་གསལ་འདི་༡༩༧༩ ལོ་འགོར་ཀྲུང་གོ་གུང་ཁྲན་ཏང་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དམིགས་བཀར་ཀྱིས་ཏྰ་ལའི་བླ་མ་ཕྱིར་ཕེབས་སྐོར་ལ་བཟུང་བའི་གཞི་རྩའི་སྲིད་བྱུས་དེ་རེད། ཚོགས་འདུ་དེའི་གྲོས་ཆོད་གཞིར་བཟུང་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འགྲེམས་སྤེལ་བྱས་པའི་དོན་ཚན་བཞི་མ་དེ་རེད། ཏིང་ཞོ་ཕིན་གྱི་རང་བཙན་མ་གཏོགས་ག་རེ་ཡིན་ཡང་གྲོས་མོལ་བྱས་ཆོག་ཟེར་བའི་སྐད་གྲགས་ཅན་གྱི་གསུང་ཚིག་དེའི་དམིགས་ཡུལ་དང་ཚད་གཞི་ཡང་འདི་ལས་གཞན་མེད། བོད་རྒྱ་ཞི་མོལ་དང་དབུ་མའི་ལམ་གྱི་འགོ་འཛུགས་ཀྱང་འདི་ནས་རེད། དེ་ནས་ད་བར་གྱི་འགྱུར་རིམ་ངོ་སྤྲོད་བྱེད་དགོས་བསམ་མོད། ཡིག་ཉོག་ལ་དོགས་ནས་བཞག་པ་ཡིན། གང་ལྟར་ལམ་དབུ་མའི་བཀག་རྡོ་རང་གཞན་གང་ཆགས་ཡོད་མེད་གསལ་བོ་བཟོ་སླད་ཡིན།
ཕྲན་གྱིས་བལྟས་ན། ད་དུང་ཡང་ལམ་དབུ་མར་གྲུབ་འབྲུས་འཐོན་དཀའ། རྒྱུ་མཚན་ནི། ལམ་དེར་བཀག་རྡོ་ཧ་ཅང་མང་། དེ་ཡང་གཙོ་བོ་བཙན་བྱོལ་ནང་དུ་ཡོད། ཇི་སྲིད་ལམ་དབུ་མའི་མདུན་གྱི་བཀག་རྡོ་རྣམས་སིལ་བུར་མ་འཐོར་བར། དེ་སྲིད་དུ་ལམ་འདི་ཉིད་ལ་གྲུབ་འབྲས་འཐོན་མི་སྲིད།
མཐོ་བོད་མི་དམངས་བཀའ་ཟུར་དང་སྤྱི་འཐུས་ཚོགས་ཟུར་སོགས་དང་། དམའ་སྲང་མདོར་ཉུལ་མཁན་བར་དུ་གྲ་དང་ཟུར་གང་ས་ནས་ལམ་དབུ་མར་ཡིད་ཆེས་མེད་ལ། རྒྱབ་སྐྱོར་མེད་པ་རེད། འདི་ཡང་རྒྱུ་འབྲས་ལ་འགྲོ་མི་སྲིད།
དྲ་གྲོགས་ཚོས་དགོངས་ཚུལ་མང་པོ་གསུངས་འདུག འདིར་བགྲོ་གླེང་མུ་མཐུད་དེ་ཡོང་སླད་ཚིག་འགའ་སྣོན་མ་བྱེད།
༡༽དམངས་གཙོ་ལ་བོད་མི་གང་མང་ཞིག་གིས་འགལ་འདུའི་ཚོར་བ་ཞིག་གི་སྟེང་ནས་བལྟ་གི་འདུག རྒན་ལྷ་མོ་དང་མི་ཆུང་གཉིས་རྩོམ་ཡིག་འདི་དང་འབྲེལབའི་འགལ་འདུའི་ཚོར་བ་འཁུར་མཁན་གྲས་རེད། དམངས་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོང་སྐབས་ཁོང་ཚོས་དེ་ལ་༼ བློ་གྲོས་དང་ལྟ་བ་༽གཉིས་སུ་ཕྱེ་ནས་ལྟ་གི་འདུག དཔེ་ཙམ་བཀོད་ན། བོད་མིའི་གཞི་རྩའི་ཆབ་སྲིད་གནས་བབ་རྩོད་སྐབས། ༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པའི་བསམ་ཚུལ་རིགས་ལ་༼ བློ་གྲོས་ ༽ཞེས་པའི་ཚིག་འདི་བཀོལ་གི་འདུག ཁོང་ཚོར་མཚོན་ན་དོན་དམ་གྱི་དམངས་གཙོའི་སྨྲ་བརྗོད་རང་དབང་ཞེས་པ་འདི་ཙམ་རེད། སྐུ་མདུན་དང་བོད་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་བསམ་ཚུལ་ལ་ཁོང་ཚོས་ ༼ ལྟ་བ་ ༽ཞེས་པ་འདི་བེད་སྤྱོད་གཏོང་གི་འདུག ལྟ་བ་མི་མཐུན་མཁན་ཚོ་ད་ལྟའི་ཆར་ཁོང་ཚོ་རྒྱ་ནག་ལས་ཀྱང་ཞེད་སྣང་སྐྱེས་ས་ཆགས་ཡོད་པ་རེད། དམངས་གཙོ་དངོས་ཀྱི་ནང་སྨྲ་བརྗོད་རང་དབང་ལ་ཁོ་ཚོ་ནང་བཞིན་༼བློ་གྲོས་དང་ལྟ་བ་༽ལ་གཉིས་ལ་ཁྱད་པར་ཡོད་མེད་ཚང་མས་ཤེས་གསལ་རེད།
༢༽སྔོན་མ་བོད་རང་བཙན་རྩོད་མཁན་དང་གླེང་མཁན་ཚོ་བོད་མི་རིགས་ཀྱི་དཔའ་བོར་བརྩི་བཞིན་ཡོད་པ་རེད། ཉེ་བའི་ལོ་འགའི་སྔོན་ནས་བོད་རང་བཙན་རྩོད་མཁན་དང་གླེང་མཁན་རྣམས་གླེན་པར་༼ ཆབ་སྲིད་པ་མིན་པ། གནས་བབ་མི་ཤེས་མཁན། རང་ལྟ་མཆོག་འཛིན་བྱེད་མཁན། རང་གི་ནོར་འཁྲུལ་ངོས་ལེན་མི་བྱེད་མཁན། ༽རྩིས་བཞིན་ཡོད་པ་རེད། ཁོ་ཚོ་ལ་ད་དུང་ནག་ཉེས་མིང་ཆེན་པོ་ཞིག་གིས་སྒུག་ནས་བསྡད་ཡོད་པ་རེད། ནམ་གཞི་ལམ་དབུ་མར་ཕམ་ཁ་བྱུང་ཉིན་ཁོ་ཚོ་ནི་འོ་མས་བཀྲུས་ཀྱང་མི་དག་པའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཀི་རེད། འདི་ད་ལྟའི་ཆར་དང་ལྷག་པར་དུ་རྩོམ་ཡིག་འདིའི་བསམ་བློའི་རྒྱབ་ལྗོངས་ནང་གསལ་གསལ་ཐིང་ཐིང་གིས་མཐོང་ཐུབ་པ་ཞིག་རེད། ཡིན་ནའང་ཁོ་ཚོས་༼དེང་གི་ཆུང་ཕྱོགས་པ་མང་པོ་ཞིག་གིས་རིགས་ཞེན་གྱི་དབང་གིས་རྒྱ་ཆེ་བའི་རྒྱ་རིགས་མི་མང་ལའང་དགྲར་བཟུང་ནས་༽ཅེས་རང་ཉིད་བོད་རང་བཙན་རྩོད་མཁན་དང་གླེང་མཁན་ལས་གང་ཞིག་ལ་སེམས་ཐག་ཉེ་ཤིང་ཞེད་སྣང་མེད་པ་དངོས་ཤུགས་བརྒྱུད་ནས་སྟོན་གང་ཐུབ་བྱེད་ཀྱིན་ཡོད།
༣༽ལམ་དབུ་མ་ལ་དང་པོ་མང་མོས་འོས་བསྡུ་ནང་བརྒྱ་ཆ་དྲུག་ཅུ་རེ་བཞིས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ད་བར་མི་ལོ་བཅུ་ཕྲག་ལྷག་ལ་རྒྱབ་སྐྱོར་འདི་ལ་འགྱུར་བ་གང་ཡང་ཕྱིན་མེད། ༼ ༢༠༠༨ ལོའི་བོད་རྒྱལ་ཡོངས་ཚོགས་ཆེན་སྒང་ནས་ཀྱང་ཛ་དྲག་གི་གནས་སྟངས་ལ་མ་བལྟས་པར་ལམ་ཁ་འདིར་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཡོད། ༽ མི་མང་གིས་རྒྱབ་སྐྱོར་མུ་མཐུད་ནས་ཡོད་བཞིན་དུ་མི་ཁ་ཤས་ཀྱི་ལྟ་བ་མི་མཐུན་པར་ཞེད་སྣང་ག་རེ་ཡོད་པ་རེད། དགོངས་པ་རླབས་ཆེན་དང་གནས་བབ་དང་མཐུན་པོ་ཡོད་ན་ད་ནི་གྲུབ་འབྲས་ཡོང་དགོས་པ་གནས་སྟངས་རེད། ད་བར་དུ་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་མེད་པ་འདི་མི་མང་གིས་ལན་པ་རེད། རང་བཙན་རྩོད་མཁན་ཚོའི་ལན་པ་རེད། རང་བཙན་རྩོད་མཁན་ཚོ་ལོ་རྒྱུས་ཀྱི་ཁ་དང་ལག་པ་འཕྱི་ས་མ་རེད། འདི་མི་རིགས་ཀྱི་ལས་འབྲས་ལའང་རུང་གི་མ་རེད།
ད་རིང་འདི་ཙམ་ཡིན།
རྒན་ལགས། ང་ཚོའི་མི་རིགས་འདི་སྐྱིད་ཉལ་རྒྱག་རྒྱུ་ཅུང་དགའ་བས་དམངས་གཙོ་རྩོད་ལེན་བྱེད་མ་དགོས་པར་ལྷུན་གྱིས་ཐོབ་བྱུང་བས། ཚང་མའི་ཁ་ན་དམངས་གཙོ་རེད་གང་འདོད་རང་ལག་ཡིན་ཞེས་པའི་ངན་གོམས་ཤིག་ཆགས་ཡོད་སྟབས། དོན་དངོས་ཀྱི་དམངས་གཙོའི་ཐོབ་ཐང་དང་ཁེ་ཕན་ཤེས་ཀྱི་མེད་པས་ལྟ་ཚུལ་ཞིག་འདུག ང་ཚོ་ལ་ལས་སླ་བའི་ངང་ནས་དམངས་གཙོ་འདི་སྤྲོད་རྒྱུ་མི་འདུག རྩོད་ལེན་བྱེད་དུ་བཅུག་ན་གཞི་ནས་གཉིད་ཞིག་བསད་རྒྱུ་ཡོད་རྒྱུ་རེད།
རྒན་ལྷ་མོ་སྐྱབས་ལགས་ཀྱིས། ༼སྔོན་ཆད་མི་དམངས་ལ་རང་དབང་མེད་སོང་བས་དམངས་གཙོ་མེད་པ་རེད། དེང་སང་རང་དབང་ལྡན་སོང་བས་དམངས་གཙོ་ཡོད་པ་རེད། ༽ ཅེས་གསུངས་པ་འདི་ཡང་མགོ་ཉོག་ཆུང་ཆུང་ཅིག་རེད།
སྔོན་ཆད་དམངས་གཙོ་མེད་སྟབས་རང་དབང་མེད་པ་རེད། དེང་སྐབས་དམངས་གཙོ་ཡོད་སྟབས་རང་དབང་ཡོད་པ་རེད་ཅེས་པ་ནི་སྤྱིར་བཏང་གི་བཤད་སྟངས་ཤིག་རེད། གོང་གི་རྒན་ལྷ་མོ་སྐྱབས་ལགས་ཀྱི་བཤད་སྟངས་འདི་བཙན་བྱོལ་བོད་མི་ཚོར་དམིགས་པའི་སྡོམ་ཚིག་ཅིག་ཡིན་ཀྱང་སྲིད།
འདི་གདན་ས་ཁག་ནས་རྟགས་གསལ་བཏང་སྟེ་རྩོད་པ་བྱས་ན་དེ་བས་ཀྱང་ཉམས་མཚར་པོ་ཞིག་ཡོད་སྲིད།
སྤྱིར་དམངས་གཙོའི་ནང་སོ་སོའི་ལྟ་བ་དང་ལངས་ཕྱོགས་གང་ཞིག་ཁྱེར་ཡང་འགྲིགས་པ་རེད། དེ་ཡང་རྒྱལ་ཁབ་ཡོད་པ་དང་། རང་ཉིད་ལ་སྟོབས་ཤུགས་ཡོད་པ་ཞིག་གི་ངོས་ནས་རེད།
འོན་ཀྱང་ང་ཚོའི་གནས་བབ་ནི་རྦད་དེ་ཐ་དད་རེད། དེར་དམངས་གཙོ་ཁ་ལ་ཁྱེར་དྲགས་ཏེ་ལངས་ཕྱོགས་དང་། ལྟ་བ་འདྲ་མིན་ཁྱེར་དགོས་རབས་ཤོད་པ་ནི། སོ་སོའི་གནས་བབ་མ་ཤེས་པའི་མི་དེ་དག་དང་། དེ་མིན་མི་རིགས་དང་རིག་གཞུང་གི་ཆེད་དུ་རང་ཁུར་མེད་པའི་མི་དག་རེད།
ཁྱེད་ཀྱིས་མཛུབ་མོ་ནང་དུ་བཀུག་ནས་བསམ་བློ་ཐོངས་དང་། དེ་རིང་བར་ཁྱེད་ཀྱི་༸གོང་ས་མཆོག་གི་དགོངས་གཞི་དེར་རྒྱབ་སྐྱོར་དང་། དེར་བསམ་བློ་རྣལ་མ་ཞིག་བཏང་མྱོང་ངམ། ལྟ་གྲུབ་དེའི་རྗེས་སུ་བློ་གཅིག་སེམས་གཅིག་གིས་དུས་ཡུན་ག་ཚོད་ཙམ་འགྲོ་མྱོང་ངམ།
ཁྱེད་ལ་དེའི་ཉམས་མྱོང་དང་རྒྱབ་ལྗོངས་ཤེས་རྟོགས་གང་ཡང་མེད་པར། རང་བཙན་གལ་ཆེ་འདོག་དང་། ད་ལྟའི་༸གོང་ས་མཆོག་གི་བཞེངས་ཕྱོགས་འདིས་ཡོང་གི་མེད་རབས་ཤོད་པའི་བློ་སྤོབས་ཤིག་གང་ནས་རྙེད་དམ།
མདོ་དོན་མི་དེ་དང་དེ་རིགས་ཀྱིས། དེ་རིང་བར་༸གོང་ས་མཆོག་གི་འགྲུབ་ལ་ཉེ་བའི་ཐུགས་འདུན་ལ་གཏོར་བཤིག་གཏོང་གི་ཡོད་ལ། རྒྱ་ནག་གཞུང་གི་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་ལ་སྐྱོན་འཛུགས་ཀྱི་ཕྱེད་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན་ཞེས་པའི་གླེང་གཞི་གཙོ་བོ་དེ་བཟོ་གི་ཡོད་ན། སླད་ཕྱིན་གཟབ་གཟབ་བྱེད་དགོས།
ང་ཚོའི་སྤྱི་ཚོགས་ཀྱི་སྒྲོམ་གཞིར་གཏོར་བཤིག་མ་གཏོང་རོགས། བེཌུ་རའི་བུམ་པ་འདི་ཉིད་བྲག་རྡོར་མ་རྡབ་རོགས།
ནང་མི་གཅིག་གི་ནང་དུ་ལྟ་བ་མི་མཐུན་ན། སྤྱི་ཚོགས་ཀྱི་ལྟ་བ་ག་ལ་མཐུན། འདི་ནི་འཇིག་རྟེན་ཆོས་ཤིས་རེད་ཡ།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ། བོད་མི་ཡོད་དོ་ཅོག་དབུ་མའི་ལམ་དུ་བསྐྱོད་ནས་མཐའ་མར་དེ་ཡང་མ་ཐོབ་ན། གཞི་ནས་གང་དུ་བསྐྱོད་དགོས་སམ།
Dear respectful teacher la,
Tashi DElek!
I am not comfortable about what you said:”ཁ་ལན་སློག་པ་ལས་ཀྱང་ལྟ་བ་མི་མཐུན་པ་དེ་ཞེད་སྣང་ཆེ་ཤོས་རེད། ”
The contrast of ལྟ་བ་མི་མཐུན་པ་is གཅིག་སྡུད་ཀྱི་ལྟ་བ.
I am sorry! Sir.
ག་དུས་ཀྱང་དོགས་སློང་དང་སྐྱོན་བརྗོད་ནི་མི་རིགས་ཤིག རྒྱལ་ཁབ་ཅིག ཚོགས་ཁག་ཅིག་བསྐུལ་བྱེད་དང་རྒྱས་བྱེད་ཀྱི་སྲོག་ཤིང་ཡིན་ཞིང་། དེ་ལས་ལྡོག་ན། བོད་ནང་བཞིན་རྒྱལ་སྟོང་གཡོག་པོ་ཆགས་ཀྱི་ཡོད་ལ། དེའང་སྔར་དོགས་སློང་དང་སྐྱོན་བརྗོད་མ་དད་པ་དང་མ་གུས་པའི་མཚོན་བྱེད་དུ་བཙན་འགེལ་བྱས་པར་ཐུག་ཡོད། མ་གཞི་རང་རེའི་མེས་པོ་ཚོས་ག་རེ་ཕྱོགས་བསྡོམས་གནང་ཡོད་དམ་ཞེ་ན། ༼ཤ་ཚ་བའི་ཚིག་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད༽ཅེས་པ་འདི་མ་ཡིན་ནམ། དེ་བས། སྐྱོན་བརྗོད་དང་དོགས་སློང་ཡང་རིག་གཞུང་ཞིག་གི་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་མ་ཡིན་ནམ། དེ་བས། བཀུར་འོས་སྤྱི་འཐུས་ལགས་ཀྱིས་མང་གཙོ་རྡོག་འོག་ཏུ་མནན་ནས་དད་པ་ཡོད་མདོག་སྟོན་པ་འདི་ནི་ཞེད་སྣང་ཆེ་ཤོས་ཤིག་ཅིས་མ་ཡིན་ནམ།
རྭ་རྒྱ་བློ་དབང་མིང་ཅན་གྱིས་གུས་མོར་སྤྱན་གྱིས་གཟིགས་མ་གཟིགས་སོགས་སྙན་ངག་མང་པོ་ཞིག་བྲིས་འདུག གུས་མོ་ཤེས་ཚད་སྐྱོ་སྟབས་གོ་བ་ཆ་ཚང་ལོན་མ་སོང་། ཡིན་ནའང་གུས་མོས་ཆབ་སྲིད་གླེང་སར་སྙན་ངག་འབྲི་བའི་ལུགས་སྲོལ་མེད་པ་ཤེས་ཀྱི་ཡོད། ཡིན་ནའང་གུས་མོས་བསམ་ཚུལ་ལ་སྐྱོན་བརྗོད་པའི་ཞོར་དུ་ཁྱོད་རང་ལ་ཡང་སྐྱོན་ཞིག་འབབ་ཀྱི་འདུག དེ་ནི་གུས་མོས་མཐོང་ཚུལ་རྨི་ལམ་ཡིན་པར་བརྗོད་བཞིན་བོད་ཚར་རྒྱུ་ཡིན་པའི་ལུང་བསྟན་གཅིག་ཀྱང་གསུངས་འདུག ཡིན་ནའང་བོད་མ་ཚར་གོང་དུ་རྒྱ་ནག་ཚར་ཡང་སྲིད་ཅེས་ལབ་ན་ག་རེ་གསུངས་རྩིས་ཡོད། གང་ལྟར་ཚོད་དཔག་གི་མ་འོངས་པ་ཡིན་སྟབས་ངེས་པ་གང་ཡང་མེད་ལ་རྒྱ་ནག་དོན་དངོས་ཀྱི་འགྱུར་བ་བསམས་ན་དེ་ལྟར་མི་ཡོང་བའི་ཚིག་ཐག་གཅོད་རྒྱུ་སྔ་དྲག་པ་རེད།
རྭ་བློ། གོ་སོང་ངམ།
ལྷ་མོའི་སྤྱན་གྱིས་མ་གཟིགས་ཤིང་མཁྱེན་པས་མ་ཁྱབ་པ་ནི་མི་ཡུལ་ཡིན་ཏེ། དཔལ་འབྱོར་འཕེལ་རྒྱས་ཁྲོད་ནས་གུང་ཚོགས་ཉམས་བཞིན་པའི་རྨི་ལམ་དང་། གུང་ཚོགས་ཉམས་སོང་ན་བོད་རྣམས་སྐྱིད་འགྲོ་བའི་ཚོད་དཔག མེས་པོའི་སྔོན་མའི་དཔའ་མཛངས་རྟུལ་ཕོད་ཀྱིས་བསྐྲུན་པའི་ལོ་རྒྱུས་རང་ཉིད་ཀྱི་སྟོབས་སུ་རེ་བ་ལ་སོགས་པས་སད་དཀའ་བའི་རྨི་ལམ་གྱི་དབྱིངས་ཆེན་པོར་གཟིགས་ཏེ་བཞུགས་པས། མི་ཡུལ་ན་ཚར་སོང་བ་ཐམས་ཅད་སླར་འབྱུང་མི་ཐུབ་པ་དང་། དུས་བབ་གནས་བབ་མེད་པའི་རྟོག་བཏགས་ཀྱི་ཚོར་སྣང་དང་། ཚོར་སྣང་དེས་བསྐྱེད་པའི་རེ་བ་ཙམ་གྱིས་འཚོ་བ་དངོས་ཀྱི་བདེན་ལུགས་དང་། གོ་རིམ་མི་འབྱུང་བ་སོགས་ལ་གཟིགས་ཁོམ་མ་བྱུང་མོད། གློ་བུར་དུ་རྭ་རྒྱ་རྒྱའི་འབའ་སྐད་ཐོས་སྟབས། སྤྱན་གྱི་ཟུར་མདའ་ཙམ་དུས་བབ་དྲ་ཚིགས་སུ་གཡོ་བར་མཛད་པ་དེ་སྐུ་དྲིན་ཆེ། འོ་བརྒྱལ་མྱངས་སོང་ཞུ་རྒྱུ་ཡིན།
རྭ་རྒྱ་བློ་དབང་ཟེར་བ་འདིས་མི་རིགས་ས་ཁོངས་རང་སྐྱོང་གི་རྗེས་སུ་མི་འབྲངས་མཁན་ཚོར་ནུས་ཤུགས་དང་གནས་བབ་གཉིས་ཤེས་དགོས་ཞེས་བཤད་འདུག དོན་དངོས་སུ་བོད་ཀྱི་ལོ་རྒྱུས་ནི་བོད་ཀྱི་ནུས་ཤུགས་ཡིན་ལ། ལོ་རྒྱུས་ཀྱི་དོན་དངོས་གཞི་ལ་བཞག་ནས་བོད་ཀྱི་གནས་བབ་རང་བཙན་རྩོད་མིན་ལ་མ་ལྟོས་པར་ལོ་རྒྱུས་ཀྱི་གཞི་རྐང་མ་བརླག་པ་ཞིག་རྩོད་ལེན་བྱེད་དགོས་པ་ལས་གཞི་མེད་སར་གཞི་འཛུགས་ཐབས་བྱས་ན་བོད་ནང་གི་ཕུགས་བསམ་ལྡན་པའི་མི་ཚོས་ངོས་ལེན་བྱེད་ཀྱི་མ་རེད། དེ་བོད་ཀྱི་དོན་དངོས་ཀྱི་ནང་གི་གནས་བབ་རེད། ཡང་ན་རྒྱ་ནག་དམར་པོའི་གཞུང་གིས་ཁས་བླངས་རུང་ད་ལྟའི་རྒྱ་ནག་གི་གནས་བབ་དེ་གང་འདྲ་ཞིག་ཡོད་རེད། གཅིག་སྡུད་དམར་པོའི་ལམ་ལུགས་ཀྱི་སྟོབས་ཤུགས་དེ་གང་འདྲ་ཞིག་ཏུ་འགྱུར་བཞིན་པ་ཤེས་ཀྱི་ཨེ་ཡོད། འཐོར་གྲབ་འདུག་ཟེར་གྱི་མེད་དེ་གཏིང་ཟབ་པའི་དཀའ་ངལ་གཅིག་གི་ནང་ལྷུང་ཡོད་པས་ཇི་ལྟར་བྱས་ཀྱང་ཚེ་ཐག་ག་ཚོད་བརྟན་གྱི་རེད། དེ་བས་གནས་བབ་ལ་འགྱུར་བ་ཡོང་མིན་དོགས་པ་མེད་ལ། ལོ་རྒྱུས་ཀྱིས་གནང་བའི་ནུས་ཤུགས་ཀྱང་གོམ་གང་མདུན་བསྐྱོད་ཡོང་ངེས་པ་ནི་རྒྱ་ནག་དཔལ་འབྱོར་སྟོབས་ལྡན་དུ་འགྱུར་བཞིན་པའི་འོག་རུལ་གྱིན་པ་དེས་བརྗོད་བཞིན་འདུག
སྤྱི་འཐུས་ཆབ་བྲག་ལྷོ་མོ་སྐྱབས་ལགས།
བློ་གྲོས་མང་དུ་བསྡུར་ན་ཐབས་མཆོག་བརྙེད། ལྟ་བ་འདྲ་མིན་མང་ན་མདུན་ལམ་མང་།
ཉུང་ཉུང་འཐེན་འཁྱེར་བྱས་པར་མང་གཙོ་ལུགས། མང་མང་རྒྱལ་ཁ་ཐོབ་པར་མང་གཙོ་ཡིན།
མཁས་དབང་དགེ་ཆོས་ཀྱིས།
མི་མཐུན་རིགས་དྲུག་འགྲོ་རྒྱལ་ཁམས་འདིར།
བཅུ་ཡི་འདོད་པར་བརྒྱ་ཡི་མི་འདོད་ཞིང་།
མི་ཡི་མཐོང་བ་ལྷ་ཡི་མི་མཐོང་བས།
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡི་ཆོད།
ཞེས་པར་ལྟར་སྤྱི་ཚོགས་ནང་དུ་འདིར་བདེན་དང་འདིར་རྫུན་ཞེས་ཁྲིམས་ཐག་མི་མང་གིས་གཅད་དགོས་པར་ལས་མི་གཅིག་གིས་བདེན་རྫུན་ཚད་མའི་ཁྲིམས་ཐག་བཅད་ན་མང་གཙོ་ག་ལ་ཡིན།
དམངས་གཙོ་ནི་སྒེར་གཅོད་ཀྱི་ཁ་གཏད་དུ་བསྐྲུན་པ་ཞིག་ཡིན། དམངས་གཙོ་ནི་དམངས་ཕལ་བའི་རེ་འདུན་ལྡོག་མེད་ཅིག་ཡིན། དམངས་གཙོ་ནི་དུས་ཀྱིས་སྤྲད་པའི་ཁེ་དབང་ཞིག་ཡིན། དམངས་གཙོ་ནི་རྒྱལ་ཁབ་བམ་ཚོགས་སྡེ་གང་ཞིག་ཡིན་ཀྱང་ཆ་ཤས་ཐམས་ཅད་ཀྱི་ཐུན་མོང་ལ་དབང་བར་བྱེད་མཁན་ཞིག་ཡིན། མདོར་ན་དམངས་གཙོ་ནི་ཡང་དག་པ་ཞིག་ཡིན། དམངས་གཙོ་ཡང་དག་པ་ཞིག་ཡིན་པ་ཇི་བཞིན་དུ་༸གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ཡང་ཧ་ཅང་ཕུལ་དུ་ཕྱིན་པ་ཞིག་ཡིན། རྒྱུ་མཚན་ནི། འཛམ་གླིང་འདིར་བོད་མི་དམངས་ལ་ཡོད་ཆོག་ཆོག་གི་ལོངས་སྤྱོད་མང་པོ་ཞིག་རིམ་གྱིས་འགུགས་པ་དང་། ཐབས་ཀྱིས་འདྲེན་པའི་ཐུགས་དགོངས་གཏིང་ཟབ་ཅིག་དང་། བྱམས་བརྩེ་རྨ་མེད་ཅིག འགན་ཁུར་འདོར་མེད་ཅིག་གིས་ཀུན་ནས་བསླངས་ཏེ་དམངས་གཙོ་གསོལ་རས་གནང་བྱུང་། འོན་ཀྱང་། ལོ་རྒྱུས་འགྱུར་ལྡོག་གི་ཆོས་ཉིད་རྨོངས་ཤིང་། དུས་རབས་རེ་རེའི་མི་རྣམས་ལ་གནས་བབ་དང་བསྟུན་པའི་འགན་འཁྲི་རེ་ཡོད་པའང་ཡོངས་སུ་བརྗེད་དེ། དམངས་གཙོའི་དབང་ཐང་ལ་ཁག་བཏགས་ཏེ། ཅི་ཡང་བརྗོད་པ་དང་། ཅི་ཡང་སྒྲུབ་པ་ལྟ་བུའི་སྣང་ཚུལ་མཐོང་རྒྱུ་འདུག འདི་དག་གིས་ཐོག་མར་བསམ་དགོས་པ་ནི། ནུས་ཤུགས་དང་གནས་བབ་གཉིས་ཡིན། མདོར་ན། ཁེ་དབང་ནི་ལས་ཀྱི་འབྲས་བུ་ཡིན་སྟབས། ང་ཚོས་ཐོག་མར་བརྩོན་ལེན་བྱ་འོས་པ་ནི་ལས་དོན་ཡིན་གྱི་ཁེ་དབང་གཏན་ནས་མིན་ནོ། །
རྒན་ལྷ་མོའི་རྩོམ་ཐུང་འདི་བཀླགས་རྗེས་ང་ལ་དོགས་པ་འགའ་སླེབས་སོང་། དེ་དང་མཉམ་དུ་རེ་ཆད་ཀྱང་གང་འཚམ་བྱུང་། གང་ལྟར་བསམ་ཚུལ་འགའ་འདོན་པར་བརྩོན་པ་བསྟེན། དང་པོ་དོགས་པ་ནས་འགོ་འཛུགས་བྱེད།
༡༽ རྒན་ལགས་ཀྱིས་ལྟ་བ་མི་མཐུན་པ་ཇི་ལྟར་མང་ན་དེ་ཙམ་གྱི་ཉེན་ཁ་ཆེ་ཚུལ་མི་སྒེར་ནས་ཁྱིམ་ཚང་དང་། ཁྱིམ་ཚང་ནས་ཚོགས་སྡེ། དེ་ནས་སྤྱི་ཚོགས་དང་། རྒྱལ་ཁབ་བར་གྱི་འབྲེལ་གྲུབ་ཀྱི་སྟེང་ནས་གསུངས་འདུག དམངས་གཙོའི་རང་དབང་ཆ་ཚང་ཡོད་པའི་ཕྱིའི་ལུང་པའི་ནང་ལྟ་བ་མི་མཐུན་པ་ཇི་ཙམ་གྱིས་མང་ན་དེ་ཙམ་གྱིས་ཡར་རྒྱས་ལ་འགྲོ་བཞིན་པ་འདི་གང་ནས་བྱུང་བ་རེད། གཞན་དག་ལ་ཆ་རྐྱེན་ཆགས་པའི་རྩ་ཆེའི་དངོས་པོ་འདི་བོད་ལ་འཁོར་དུས་ཉེན་ཁ་ཆགས་དོན་གང་ཡིན་ནམ། འདི་སྤྱི་ཡོངས་ཀྱི་ངོས་ནས་དོགས་པ་ཙམ་ཡིན།
༢༽རང་བཙན་དང་དབུ་མའི་ལམ་བར་གྱི་ལྟ་བ་མི་མཐུན་པ་དེ་རྩོད་པ་ཆུང་ཆུང་ཞིག་མ་རེད་གསུངས་འདུག ལྷག་པར་དུ་རང་བཙན་རྩོད་མཁན་ཚོའི་ནང་དོན་ངོ་མའི་ཆབ་སྲིད་པ་དང་གནས་སྟངས་ལ་མཁྱེན་རྒྱ་ཡངས་མཁན་ཉུང་ཐོགས། རང་ལྟ་མཆོག་འཛིན་དང་ནོར་འཁྲུལ་ངོས་ལེན་མི་བྱེད་མཁན་རེད་གསུངས་འདུག འོ་ན་ལམ་དབུ་མ་བ་ཚོ་དེ་འདྲའི་ཆབ་སྲིད་མཁས་པོ། གནས་སྟངས་མཁྱེན་པོ་རྐྱང་རྐྱང་ཡིན་ནམ། དེ་ལྟར་ཡིན་ན་ཞི་བའི་དོན་ཚན་ལྔ་ནས་སུ་ཊྲ་སུ་སྦག་གི་གྲོས་དོན། དེ་ནས་དམངས་གཙོ་དོར་ནས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ལག་བསྟར་བྱས་ཆོག་ཚུལ། ད་དུང་བསམ་ཚུལ་ཡིག་ཆ་དང་དེའི་གསལ་བཤད་དོན་ཚན་བདུན་མའི་བར་གྱི་བོད་མིའི་གཞི་རྩའི་མངོན་འདོད་ལ་འགྱུར་ལྡོག་གི་རིམ་པ་འདི་དག་ཇི་ལྟར་བྱུང་བ་ཡིན། ཁོང་ཚོ་ཚང་མ་ཆབ་སྲིད་མཁས་པོ་དང་གནས་སྟངས་མཁྱེན་པོ་རྐྱང་རྐྱང་ཡིན་པའི་སྒང་ནས་བྱུང་བ་རེད་དམ། དོན་དངོས་ཀྱི་རང་ལྟ་མཆོག་འཛིན་དང་ནོར་འཁྲུལ་ངོས་ལེན་མི་བྱེད་མཁན་རང་བཙན་རྩོད་མཁན་དང་ལམ་དབུ་མ་བ་ཚོ་སུ་ཡིན་ད་དུང་དོགས་གནས་སུ་འདུག
༣༽ ༼ གདོང་པར་ཆུ་ཞིག་བརྒྱབ་སྟེ། ང་ཚོས་ཡང་བསྐྱར་བསམ་བློ་ཐོངས།༽ ལུང་རིགས་ལགས་ཀྱི་རྩོམ་ཡིག་དེའི་བར་མཚམས་ཞིག་ན་ཚིག་འདི་འདྲ་ཞིག་འདུག ངོ་མས་ང་ཚོས་བསྐྱར་དུ་བསམ་བློ་གཏོང་རན་རེད། ལམ་དབུ་མ་ཕྱག་བསྟར་གནང་བ་ནས་ད་བར་དུ་ནོར་འཁྲུལ་གང་ཡང་བྱུང་མེད་དམ།
༤༽༧སྐུ་མདུན་སྐུ་གོང་མའི་རླབས་ཆེན་དགོངས་གཞི་ཁག་ལྷུན་གྲུབ་མ་བྱུང་བ་ནི་ང་ཚོ་ལམ་སྟོན་ནང་ཤར་བསྐྱོད་མ་ཐུབ་པས་རེད་གསུངས་འདུག མདོར་བསྡུས་ན་ང་ཚོའི་ནོར་འཁྲུལ་རེད་གསུངས་འདུག སྐུ་གོང་མས་རང་གི་དགོངས་གཞི་ཁག་ལྷུན་གྲུབ་ཡོང་ཐབས་ལ་འབད་བརྩོན་གནང་སྐབས་འགལ་འཛོལ་དང་ནོར་འཁྲུལ་གང་ཡང་བྱུང་མེད་དམ། ནོར་འཁྲུལ་ཆེ་ཤོས་དེ་ཁོང་གིས་བཟོས་ཡོད་པར་འདོད་ཡོད། དབུ་འཁྲིད་ཅིག་ལ་མཚོན་ན་རླབས་ཆེན་དགོངས་གཞི་འདོན་རྒྱུ་གཙོ་བོ་མ་རེད། དགོངས་གཞི་གང་ཡོད་པ་དེ་འགྲུབ་ཐབས་གནང་རྒྱུ་གཙོ་བོ་རེད། ཁོང་གི་དགོངས་གཞི་འགྲུབ་ཆེད་དོན་ཕན་ལྡན་པའི་ཕྱག་ལས་མང་པོ་གནང་མེད་ལ། གང་གནང་བ་དེ་ལའང་སྤྱི་ཚོགས་སྙོམས་སྒྲིག་དང་གྲལ་རིམ་སྙོམས་སྒྲིག་སོགས་ཀྱིས་མཚོན་པའི་མཐུན་རྐྱེན་གནང་ཐུབ་མེད་པའི་ཐོག ཐ་ན་གྲལ་རིམ་དབང་བསྒྱུར་བ་ཞིག་གིས་རང་གི་གཤམ་འོག་གི་མི་སྣ་བྱེད་སྤྱོད་སྟངས་ཐད་ལའང་ནོར་འཁྲུལ་མང་ཙམ་བྱུང་ཡོད། དབང་བསྒྱུར་བས་དབང་འོག་ལ་བསྡུ་མ་ཐུབ་ས་ཞིག་ནས་གཤམ་འོག་རྣམས་ག་འདྲ་སེ་མཆོང་བསྐྱོད་བྱེད་དགོས་རེད།
༥༽ ཐུབ་བསྟན་རྒྱ་མཚོའི་ཐུགས་དགོངས་མ་རྫོགས་པས། བསྟན་འཛིན་རྒྱ་མཚོ་སླར་ཡང་བྱོན་ན་ཡང། ཟབ་མོའི་ལམ་སྟོན་ཇི་བཞིན་མ་བསྐྱོད་ཚེ། ནམ་ཞིག་འགྱོད་བཅས་ཡོངས་སུ་འཆི་ཉེན་ཆེ།། ཚིགས་བཅད་འདིའི་ཕུགས་ཀྱི་བསམ་བློ་རྒྱབ་ལྗོངས་ནི་ཇི་འདྲའི་ཐབས་སྐྱོ་བོ་རེད་ཨང་། གདོང་པར་ཆུ་ཞིག་བརྒྱབ་སྟེ། ཡང་བསྐྱར་དུ་བསམ་བློ་ཐོངས།
༦༽རྩོམ་ཡིག་འདི་བཀླགས་ཤིང་སྔ་འདང་ཕྱི་འདང་ཞིག་བརྒྱབས་རྗེས། ངས་རྒན་ལྷ་མོ་ལགས་ཞེད་ས་ནི་ལྟ་བ་མི་མཐུན་པ་མིན་པར། ལྟ་བ་མི་མཐུན་མཁན་ཚོར་སྨྲ་བརྗོད་རང་དབང་སྤྲོད་མཁན་གྱི་༼ དམངས་གཙོ། ༽ཡིན་པ་གཞི་ནས་ཤེས། ཁོང་གི་གསུང་གླེང་འདིས་ང་ལ་ཞེད་སྣང་ཞིག་བསླངས་སོང་། བཙན་བྱོལ་བ་རྒན་པ་དང་ཤེས་ཡོན་པ་རྒན་པ། བོད་མི་མང་གི་འཐུས་མི་ཞིག་གིས་དམངས་གཙོ་ལ་གོ་བ་ལེན་སྟངས་དང་ངེས་ཤེས་རྙེད་སྟངས། ཐ་ན་ཞལ་ཕྱིར་འཁོར་ནས་དམངས་གཙོ་ལ་ཡ་ལག་འཛུགས་སྟངས་འདི། གང་ལྟར་ང་ལ་ཞེད་སྣང་ཆགས་སོང་།
རྒན་ལྷ་མོའི་རྩོམ་ཐུང་འདི་བཀླགས་རྗེས་ང་ལ་དོགས་པ་འགའ་སླེབས་སོང་། དེ་དང་མཉམ་དུ་རེ་ཆད་ཀྱང་གང་འཚམ་བྱུང་། གང་ལྟར་བསམ་ཚུལ་འགའ་འདོན་པར་བརྩོན་པ་བསྟེན། དང་པོ་དོགས་པ་ནས་འགོ་འཛུགས་བྱེད།
༡༽ རྒན་ལགས་ཀྱིས་ལྟ་བ་མི་མཐུན་པ་ཇི་ལྟར་མང་ན་དེ་ཙམ་གྱི་ཉེན་ཁ་ཆེ་ཚུལ་མི་སྒེར་ནས་ཁྱིམ་ཚང་དང་། ཁྱིམ་ཚང་ནས་ཚོགས་སྡེ། དེ་ནས་སྤྱི་ཚོགས་དང་། རྒྱལ་ཁབ་བར་གྱི་འབྲེལ་གྲུབ་ཀྱི་སྟེང་ནས་གསུངས་འདུག དམངས་གཙོའི་རང་དབང་ཆ་ཚང་ཡོད་པའི་ཕྱིའི་ལུང་པའི་ནང་ལྟ་བ་མི་མཐུན་པ་ཇི་ཙམ་གྱིས་མང་ན་དེ་ཙམ་གྱིས་ཡར་རྒྱས་ལ་འགྲོ་བཞིན་པ་འདི་གང་ནས་བྱུང་བ་རེད། གཞན་དག་ལ་ཆ་རྐྱེན་ཆགས་པའི་རྩ་ཆེའི་དངོས་པོ་འདི་བོད་ལ་འཁོར་དུས་ཉེན་ཁ་ཆགས་དོན་གང་ཡིན་ནམ། འདི་སྤྱི་ཡོངས་ཀྱི་ངོས་ནས་དོགས་པ་ཙམ་ཡིན།
ལྟ་བ་མི་མཐུན་པ་དག་ངེས་པར་ཡོད་པ་ཞིག་རེད། དེ་ནི་མི་སྡེའི་སྤྱི་ཚོགས་ཡིན་པས་རེད། མི་སྡེའི་སྤྱི་ཚོགས་ལ་བསམ་བློ་འདྲ་མིན་མངོན་རྒྱུ་མི་འདུག་ན། ཚིག་གཅིག་གིས་སྡོམ་བཤད་ཆོག་པའི་གནད་དོན་ཞིག་སྟེ་གཅིག་སྡུད་སྲིད་དབང་རེད་ལ། དེ་ལ་གནོན་ཤུགས་ཀྱི་ཆ་ཡོད་པས་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང་ཁ་ནས་ཐོན་ཕོད་ཀྱི་མེད་པ་དེ་རེད། བཀའ་བཙན་ཙམ་ཞིག་གནང་ཡོད་ན་ཟེར་བ་སོགས་ཀྱིས་ལྟ་ཚུལ་གང་འདྲ་ཞིག་ཡིན་རུང་འདྲ་མཉམ་གྱི་ལྟ་སྟངས་ཤིག་དགོས་པ་དེ་ཡལ་བར་དོར་ཟིན་པས་ཁྱོད་རང་གི་སྐད་ཆ་དེ་དག་ཀྱང་རང་བཞིན་གྱི་ཕྱོགས་སུ་ལྷུང་པའི་སྐད་ཆར་གྱུར་པ་རེད། དེ་ཡང་ཁྱོད་རང་གིས་བརྗོད་དོན་སྙིང་པོ་ནི་འདི་འདྲ་ཞིག་སྟེ་༸གོང་ས་མཆོག་གི་དགོངས་པར་ཤར་བསྐྱོད་བྱེད་དགོས་ཟེར་བ་དེ་རེད། འདི་ལྟར་སྤྱི་སྦོམ་གྱི་ཚིག་སྤྱད་ནས་ ༸གོང་ས་མཆོག་གི་དགོངས་པར་ཤར་བསྐྱོད་བྱེད་དགོས་ཟེར་བ་དེ་རྒྱུ་མཚན་མ་རེད། དེ་ལས་༸གོང་ས་མཆོག་གི་དགོངས་པ་དངོས་འབྲེལ་སྒྲུབ་འདོད་ན་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་ཇི་ལྟར་འགྲོ་དགོས་མིན་ཞིབ་ཚགས་པོའི་ལམ་ནས་འགྲེལ་བརྗོད་བྱས་ཏེ་བོད་མི་མང་གི་མངོན་འདོད་འདིས་ཁེངས་ཐུབ་ཀྱི་ཡོད་དོན་དང་། བོད་ནང་གི་བོད་མིས་ཚེ་སྲོག་གི་འགྲོ་གྲོན་འདིའི་ཆེད་དུ་གཏོང་གི་ཡོད་པ་བསྒྲུབ་དགོས་ཀྱི་རེད། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ངོ་སྤྲོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ངོ་སྤྲོད། དེའི་ལག་ལེན་དུ་བོད་ཀྱི་རྒྱལ་དར་དང་། བོད་ཀྱི་རྒྱལ་གླུ བོད་ཀྱི་རྒྱལ་རྟགས་བཅས་ཀྱི་ཚབ་ཏུ་རྒྱ་ནག་གི་རྒྱལ་དར་དང་། རྒྱ་ནག་གི་རྒྱལ་གླུ། རྒྱ་ནག་གི་རྒྱལ་རྟགས་བཅས་ངོས་ལེན་བྱེད་དགོས་པ་དང་། སྦྱོང་དགོས་པའི་གནས་ལུགས་དམར་པོ་དེ་ངོ་སྤྲོད་དང་མི་མང་ལ་སློབ་དགོས་པ་རེད། དེ་བཞིན་དམར་པོའི་གཞུང་གི་ལས་ཁུངས་རིམ་པ་དང་། རྒྱ་ནག་དམར་པོའི་གྲུབ་ཆ་རིམ་པ་ངོ་སྤྲོད་བྱེད་དགོས་པ་རེད། དེ་དག་ཐམས་ཅད་བོད་མིའི་མངོན་འདོད་ཡིན་པ་སོ་སོའི་ངོས་འཛིན་ཡིན་སྟབས་༸གོང་ས་མཆོག་གི་དགོངས་པར་ཁ་འཕངས་ལག་ཕྱིས་མེད་པར་སོ་སོའི་ལྟ་བའི་ཐོག་ནས་གོ་རྟོགས་གསལ་པོ་སྤེལ་དགོས་པ་རེད། མ་འོངས་པར་བོད་མི་མང་གིས་མཐའ་མའི་ཐག་གཅོད་བྱེད་སྐབས་གནས་ཚུལ་ཚང་མ་ཤེས་པ་བྱེད་དགོས་རེད། དེ་མིན་མི་མང་གིས་གང་ཡང་མི་ཤེས་པར་ཇི་ལྟར་ཐག་གཅོད་དགོས་པ་རེད། དེ་བཞིན་མི་མང་ལ་མཐའ་མའི་ཐག་གཅོད་ཀྱི་རང་དབང་གནང་ཟེར་དུས་རང་དབང་ཧ་ཅང་ཆེན་པོ་ཡིན་ན་སྤྱི་འཐུས་ནང་མི་འགའ་ཞིག་གིས་རང་དབང་གི་ལྟ་ཚུལ་བཏོན་པར་ཧ་ལས་དགོས་དོན་མི་འདུག མི་འདི་དག་གིས་མང་གཙོའི་རང་དབང་ལོངས་སུ་སྤྱད་པར་ཧ་ལས་པ་ནི་ཁྱོད་རང་གཅིག་སྡུད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དང་ཕྱོགས་སུ་ལྷུང་ཡོད་པའི་རྟགས་ཙམ་ལས་ཅི་ཡང་མ་རེད།
རྒན་ལྷ་སྐྱབས་ལགས། བཀྲ་ཤིས་བདེ་ལེགས།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས། ཉིད་ཀྱི་རྩོམ་ཡིག་ནང་འདི་ལོ་༸གོང་ས་མཆོག་གི་གྲོས་ཚོགས་ལ་གནང་བའི་གསང་འཕྲིན་དེ་ལ་སྡོམ་ཚིག་དེ་ལྟར་བཀོད་འདུག༼་མདོར་ན། ཐེངས་འདིར་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་དེ་ནི་ཕལ་ཆེར་༸གོང་ས་བཅུ་གསུམ་པའི་ཞལ་ཆེམས་དང་འདྲ་བར་ཐུགས་སྐྱོ་དང་ཛ་དྲག་གི་རང་བཞིན་ཞིག་ཏུ་མཐོང་བྱུང་ལ། ཡང་ཕྱོགས་གཅིག་ནས་ད་དུང་འདི་ལས་ཅུང་བཙན་པ་ཞིག་གནང་ན་ཡང་སྙམ་བྱུང། ༽ ཡིག་འཕྲིན་དེ་དག་མཐོང་དུས་ངོ་མ་སེམས་ལ་དར་ཟིར་རྒྱབ་བྱུང་ལ། མིག་ནས་མཆི་མ་ཐོན་བྱུང། ཡང་བསམ་བློ་གཞན་ཞིག་གཏོང་སྐབས་དེ་ནི་ཁྱེད་ཀྱི་འཆར་སྣང་ཙམ་ལས་མ་འདས་པས། ཅིའི་ཕྱིར་སྐྱོ་དགོས་སམ། ད་དུང་སེམས་གསོ་གཏོང་མཁན་མི་གཞན་ཞིག་གིས་བཤད་པར་གཞིགས་ཉིད་ཀྱིས་རྩོམ་ཡིག་ནང་བྲིས་པའི་སེམས་ཤུགས་དེ་ལག་ལེན་ཐོག་ཡོད་ན་དགའ་བ་ལའང་ཟེར། དེ་ལ་བལྟས་ན་ཉིད་རང་ལ་བཤད་པར་བལྟ་རྒྱུ་ཨེ་ཡོད་སྙམ།