མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ ༡༠༣ བསད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་ས་ཡོམ་ཁྲོད་སློབ་ཕྲུག་ ༡༠༣ དང་དགེ་རྒན་ ༡༢ ལ་སྲོག་སྐྱོན་བྱུང་ཡོད་ཚུལ་འདུག

ཕྱི་ཚེས་ ༡༦ ཉིན་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་ས་ཡོམ་མྱུར་སྐྱོབ་ཚན་པས་དེ་རིང་སྔ་དྲོའི་དུས་ཚོད་ ༡༠ པའི་ཐོག་ས་ཁུལ་དེའི་དགེ་རྒན་ ༡༢ དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ ༡༠༣ ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སུ་སོང་ཡོད་སྐོར་བརྗོད་འདུག་ལ། གཞན་ས་ཁུལ་དེའི་དགེ་སློབ་ ༦༨༤ ཙམ་ལ་རྨས་སྐྱོན་དང་མི་ ༤༥ ས་འོག་ཏུ་མནན་ཡོད་པ་དང་། མི་ ༣༨ གར་སོང་ཆ་མེད་དུ་གྱུར་འདུག་ཅེས་བརྗོད་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཚན་པས་ཐེངས་འདིའི་ས་ཡོམ་ཁྲོད་སློབ་གྲྭ་ཆུང་འབྲིང་ ༡༡ ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་ལ་དེས་སློབ་གྲྭ་ཁྱོན་ཡོངས་ཀྱི་བཞི་ཆ་གཅིག་ཟིན་གྱི་ཡོད་ཚུལ་བརྗོད་ཡོད་འདུག  དབྱེ་ཞིབ་པས་བརྗོད་དོན་ལྟར་ན།  ༢༠༠༨ ལོར་སི་ཁྲོན་ཝུན་ཁྲོན་དུ་ས་ཡོམ་རྒྱག་སྐབས་སློབ་ཕྲུག་སྟོང་ཕྲག་མང་པོར་ཤི་རྨས་ཚབས་ཆེན་ཕོགས་ཡོད་ལ་དེ་ནི་ཁང་པའི་སྤུས་ཀ་ཞན་པའི་རྐྱེན་གྱིས་ཡིན་པ་མ་ཟད། ཐེངས་འདིའི་ས་ཡོམ་སྐབས་སུའང་སློབ་ཕྲུག་མང་པོར་ཤི་སྐྱོན་བྱུང་བ་དེ་ཁང་པའི་སྤུས་ཚད་ཞན་པའི་སྟབས་ཀྱིས་ཡིན་ཚུལ་བརྗོད་ཡོད་འདུག
ད་ལྟ་ས་ཡོམ་ཁྲོད་ཁྱོན་མི་ ༧༦༠ ལ་ཤི་སྐྱོན་བྱུང་ཡོད་པ་དང་། གཞན་མི་ ༢༤༣ གར་སོང་ཆ་མེད་དུ་གྱུར་བ། མི་ཁྲི་ ༡༌༡༥ ཙམ་ལ་རྨས་སྐྱོན་བྱུང་ཡོད་ཚུལ་ས་ཡོམ་མྱུར་སྐྱོབ་ཚན་པས་བརྗོད་ཡོད་འདུག བོད་མི་ཚོས་ཤི་གྲངས་དེ་ ༡༠༠༠༠ ལ་འཕར་ཡོད་ཚུལ་བཤད་ཡོད།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 14

  1. སྨར་སྨྱོན་དུང་མགོ་ཅན། says:
    ལོ་ 16 སྔོན།

    ད་ཁྱོད་ཚོ་ཁ་བཟུང་རྒྱ་མིས་ཡག་པོ་བྱེད་གི་ཡོད་གི།

    Reply
  2. རུ་གསར་ཚང་། says:
    ལོ་ 16 སྔོན།

    རྒྱ་ནག་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་ཚོས་མི་མང་ལ་རོགས་སྐྱོར་བཏང་རབ་དང་རོགས་པ་བྱས་རབ་ལས། དངོས་འབྲེལ་གྱིས་རོགས་པ་ཇི་ལྟར་བྱེད་ཀྱི་ཡོད་པ་སོགས་གཅིག་ཀྱང་སྟོན་གྱིན་མི་འདུག ད་དུང་ཁོང་ཚོས་ས་ཡོམ་བརྒྱབ་ཤུལ་གྱི་ཞིག་རལ་དུ་གྱུར་པའི་ཁང་ཆག་གྱང་ཆག་རྣམས་ལས་དངོས་སུ་མྱུར་སྐྱོབ་བྱེད་བཞིན་པའི་སྐོར་གཅིག་ཀྱང་བསྟན་མཐོང་རྒྱུ་མི་འདུག དེའི་གནད་འགག་ནི་མྱུར་སྐྱོབ་བྱེད་མཁན་མང་ཆེ་བ་བོད་པ་དང་། དེའི་ནང་ནས་ཀྱང་དགེ་འདུན་པ་དག་ཡིན་པས། དེ་དག་བརྒྱུད་སྒྲོག་བྱེད་འདོད་མེད་པས་རེད། ཐ་ན་ཁོང་ཚོས་དྲིལ་བསྒྲགས་བྱེད་བཞིན་པའི་པར་རིས་དང་གློག་བརྙན་སོགས་ཀྱི་ནང་དམག་མི་ཉི་ཤུ་སུམ་ཅུ་ཙམ་ཞིག་ཡང་སྟོན་བསྐྱར་སྟོན་བྱེད་པ་ལས། ཁོང་ཚོས་བཤད་པ་ལྟར་དམག་མིའི་གྲངས་འབོར་དེ་འདྲ་ཞིག་སྟོན་རྒྱུ་མེད་པ་ཅི་ཡིན་ནམ། དངོས་གནས་བཤད་ན་རྒྱ་ནག་གཞུང་གིས་བོད་ཁུལ་དེར་དམག་མི་དེ་འདྲ་མང་པོས་རོགས་སྐྱོར་བཏང་མེད་པ་ཐག་ཆོད་པ་ཞིག་རེད། ཁོང་ཚོས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཙམ་ལ་དམིགས་ནས་དཀྲོགས་གཏམ་ཤོད་ཀྱི་ཡོད་རེད། དངོས་གནས་རྒྱ་རྒན་འདི་ཚོས་བྱེད་སྟངས་སྐྱོ་བ་ལ།

    Reply
  3. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ལམ་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེའི་གནས་སྟངས་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་མཐོང་དུས་སྐྱོ་སྣང་ཧ་ཅང་བྱུང་། འོན་ཀྱང་རང་ཉིད་རྒྱང་གྲགས་ལེའུ་མང་པོའི་མཚམས་སུ་གནས་པའི་ཐོག་གནས་སྟངས་གཞན་གྱི་རྐྱེན་པས་བྱ་ཐབས་བྲལ། གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།

    Reply
  4. གནམ་ལྕགས། says:
    ལོ་ 16 སྔོན།

    ཨ་ཨ་ཅི་འདྲའི་བློ་ཡུལ་དུ་མི་ཤོང་བའི་སྐད་ཆ་ཞིག་རེད་ཨང་།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    རྭ་རྒྱ་བློ་དབང་ལགས་དུས་ཐོག་ཏུ་ལན་གནང་བར་ཐུགས་རྗེ་ཆེ།

    Reply
  6. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཁ་སང་རྒྱ་དམག་མྱུར་སྐྱོབསཔ་་སླེབས་རྗེས། ས་འོག་གི་མི་སྐྱོབས་རྒྱུ་རྗེས་བསྣུར་གྱིས་ཆུ་མཛོད་གཏོར་བར་བུད་སོང་ཟེར། དེ་རིང་ད་དུང་མི་གསོན་པོ་ས་འོག་ན་ལུས་འདུག་ཟེར།

    Reply
  7. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཨོ་ཆུ་མཛོད་གཏོར་ནས་ཆུ་བཤང་ཟིན་སོང་ཟེར།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    དུས་རྒྱུན་ལས་དང་རྒྱུ་འབྲས་གངས་ཀྱི་གཡག་རྔ་བཞིན་དུ་སྲུང་མཁན་གྱི་བོད་མི་རིགས་ཀྱི་སྟེང་ལ་ཡོང་རྒྱུ་ལ་ཨ།

    Reply
  9. གནམ་ལྕགས། says:
    ལོ་ 16 སྔོན།

    གཡག་ལགས། ལས་དང་རྒྱུ་འབྲས་ཟེར་བ་དེ་འཁོར་རྒྱུ་ཞིག་ཡོད་ན་ད་རེར་ང་ཚོའི་སྟེང་ལ་འཁོར་བ་འདི་ནོར་སོང་བ་རེད།

    ལས་ཟེར་བ་དེ་ལ་མིག་མེད་པ་མིན་འགྲོ

    Reply
  10. གཡག says:
    ལོ་ 16 སྔོན།

    ད་ག་ཚོད་ཤི་ན་ཤི། གྲངས་ཀ་བརྩེགས་ནས་ཡོང་རྒྱུ་ཡོད་པ་མ་རེད།
    བསྔོ་བ་སྨོན་ལམ་རེ་གསུངས་ཐུབ་ན་ཡག་པོ་རེད། སྤྱིར་བོད་པའི་བཤད་རྒྱུན་བཞིན་ལས་དབང་ཟེར་བ་དེ་ཡིན་རྒྱུ་རེད།

    Reply
  11. གནམ་ལྕགས། says:
    ལོ་ 16 སྔོན།

    གང་ལྟར་དགྱ་ནག་ངོས་ནས་རོགས་སྐྱོར་བྱེད་ཀྱིན་པ་དང་ཞལ་འདེབས་བསྡུ་བཞིན་པའི་སྐོར་མ་གཏོགས་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་གྱི་སྐོར་ནས་ཅི་ཡང་བཤད་ཀྱི་མི་འདུག ཁ་སང་དང་དེ་རིང་གཉིས་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ནས་ཀྱང་དམག་ལི་འགའ་ལམ་ལ་འབུད་པ་དང་གཤར་ནས་འགྲོ་བ་ཞིག་སྟོན་པ་ལས་གྲྭ་བའི་རོགས་སྐྱོར་ཚོགས་པ་དེ་དག་གང་ཡང་སྟོན་མ་སོང་།

    ཨོ་ཆུ་མཛོད་ཀྱི་སྐོར་ནས་ག་འདྲ་ཡིན་ནམ།

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཡིན་ཡང་གསར་འགྱུར་ཁྲོད། ༧༠༠་ལྷག་ཟེར་གྱིན་འདུག

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ད་ལྟ་གོ་བ་ལྟར་ན། རོ་བདག་མ་རྙེད་པའི་བེམ་རོ་གཅིག་བུ་སྟོང་ཕྲག་གཅིག་ལྷག་བྱུང་ཡོད་པ་དང་། ད་ལྟའི་ཆར་རོ་བདག་མེད་རྣམས་སྐྱེ་དགུ་དགོན་པའི་ནང་ཉར་ཡོད་རབས་བཤད་སོང་།

    Reply
  14. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    ས་གནས་ས་ཐོག་གི་བོད་མི་དོ་བདག་ཚོས་སྲོག་རྐྱོན་བྱུང་བའི་གྲངས་འབོར་ ༡༠༠༠༠ ལ་འཕར་ཡོད་ཚུལ་བརྗོད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese