ཟླ་བ་གཞོན་ནུས་བསྒྱུར།
ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་ཡུལ་ཤུལ་མི་དམངས་ནས་ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི་ལ་སྤྲིངས་པའི་ཡི་གེ་ཞིག
ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི། ཁྱེད་གཉིས་སྐུ་ཁམས་བཟང་།
ང་ཚོར་ས་འགུལ་གྱི་རང་བྱུང་གོད་ཆག་ཆེན་པོ་བྱུང་དུས། ཁྱེད་ཅག་ཏང་ཀྲུང་དབྱང་གིས་མྱུར་མོར་དམག་མི་མངགས་གཏོང་དང་ཕྱོགས་གང་སའི་མི་སྡེའི་སྟོབས་ཤུགས་སྤྱད་ནས་ང་ཚོ་བསྐྱབས་པ་ལ་ང་ཚོ་གོད་ཆག་བྱུང་སའི་ཡུལ་མི་རྣམས་ནས་གཞུང་ལ་དགའ་ཚོར་ཆེན་པོ་དང་གཞུང་གི་རོགས་སྐྱོར་ལ་བཀའ་དྲིན་ཞུ་བཞིན་ཡོད། འོན་ཀྱང་ང་ཚོ་ནི་ཆོས་ལུགས་དད་མོས་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ལ། ང་ཚོས་ནི་སྟོན་པ་སངས་རྒྱས་ལ་དད་མོས་དང་། ཨ་མྱེས་ཡང་མྱེས་བརྒྱུད་༧རྒྱལ་བ་རིན་པོ་ཆེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་བྱེད་པ་ཡིན། ད་ཐེངས་ང་ཚོའི་ལུས་སེམས་གཉིས་ཆར་བརྡབ་གསིག་ཚབས་ཆེན་ཐེབས་ཡོད་པ་ལ། ང་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གོད་ཆག་ཐེབས་ཡུལ་དུ་ཕེབས་ནས་ང་ཚོའི་གྲོངས་ཟིན་པའི་འདས་པོ་རྣམས་ལམ་འཇུག་དང་། ང་ཚོའི་རྨས་སྐྱོན་ཐེབས་པའི་སེམས་པར་སེམས་གསོ་རེ་མཛད་དགོས་ངེས་ཡིན་འདུག་ན། ད་རེས་ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི་རྣམས་གཉིས་ནས་སྙིང་རྗེ་ཆེར་བསྐྱེད་ཀྱིས་གང་ལྟར་ཡང་ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ཀྱི་འདོད་བློ་འདི་བསྐང་རོགས་གནང་བར་འཚལ། ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ཁྲི་བཅུ་ཕྲག་ཁ་ཤས་ནས་ཁྱེད་ཏང་ཀྲུང་དབྱང་གིས་གནས་སྐབས་སུ་༧གོང་ས་ཏཱ་ལའི་བླ་མའི་བར་གྱི་སྔར་འཁོན་གཡུགས་ནས། ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ལ་དགོངས་པ་རེ་བཞེས་རོགས་ཞེས་རེ་འདུན་སྙིང་ནས་ཞུ་བཞིན་ཡོད།
ང་ཚོས་༧གོང་ས་མཆོག་གོད་ཆག་ཐེབས་ཡུལ་དུ་གདན་དྲངས་ནས་ང་ཚོའི་གྲོངས་ཟིན་པའི་འདས་པོ་རྣམས་ལ་རིམ་གྲོ་བསྒྲུབ་པ་དང་། ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ལ་བསྔོ་བ་སྨོན་ལམ་རེ་བྱེད་རེ་གཅིག་པུའི་ཆོས་ལུགས་དད་མོས་ཀྱི་ཕྱོགས་ནས་མ་གཏོགས་ང་ཚོར་དམིགས་ཡུལ་གཞན་ཅི་ཡང་མེད།
ད་ཐེངས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་ང་ཚོར་བསྔོ་སྨོན་དང་སེམས་གསོ་མཛད་པ་ཁོ་ནས་ང་ཚོའི་སེམས་ཀྱི་རྨ་ཁ་སོས་ངེས་ཡིན་ལ། དེ་ལས་གཞན་གྱི་ཐབས་བཀོད་མཆོག་ཏུ་གྱུར་བ་ནི་གང་ཡང་མེད་དོ༎
འདི་ནི་ད་ལྟ་རང་དྲ་ཐོག་ནས་བསྒྱུར་བ་ཡིན་པས། དོགས་པ་འདྲ་ཡོད་ན་རྩ་འཛིན་ མ་རྩོམ་ ལ་བྱེད་རོགས།
དེར་མ་ཟད་ང་ཚོའི་བཙན་བྱོལ་བོད་གཞུང་ནས་ཀྱང་རྒྱ་གཞུང་ལ་འབོད་སྐུལ་ཞུ་རྒྱུ་གལ་འགངས་ཆེན་པོ་འདུག ད་ལྟའི་ཆར་ཉམ་ཐག་པའི་གཞི་ལུས་དེ་དག་གི་སེམས་ཀྱི་རེ་འདོད་ཁོ་ན་དེ་ཉིད་ཡིན་པས་ང་ཚོ་ཕྱོགས་ནས་ཀྱང་དེ་སྐོར་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་རེད།
རྒྱ་དམར་འོག་དེ་འདྲ་ཡོང་མི་སྲིད་ན་ཡང་ང་ཚོས་རེ་འདུན་བཏོན་ན་སྐྱོན་མེད་ཅིང།་
དངོས་གནས་དེ་འདྲའི་སྐྱོ་བ་ལ།
དཀོན་མཆོག་མཁྱེན།
ང་ཚོ་བོད་མིའི་ལས་ངན་དེ་གང་མགྱོགས་དག་པ་ཤོག
གཤམ་གྱི་གསར་འགྱུར་དེ་རིག་ན་སྙིང་ན་ནས་འབར་འགྲོ་གི
中国过度政府总统号召灾民自救 逃离藏灾区
【正体版】 【打印机版】 【字号】大 中 小
【大纪元4月17日讯】(大纪元记者陈怡莲采访报导)中国青海藏人自治区玉树镇发生的规模7.1地震,给当地民众的生命和财产造成了重大伤亡和损失,也引起了国际社会的关注,一些国家政府和国内的红十字会,已表示要实地救援,但都被拒绝。目前通往灾区的路已被军队封锁。对此,中国过度政府总统伍凡先生号召灾区民众自救:逃离藏灾区。
4月17日,中国过度政府总统伍凡先生接受了大纪元记者的采访。
记者:现在灾区的情况非常严重,很多人被埋在震塌的建筑下,急需救援。作为一个人民政府为什么会置民众的生命而不顾,“婉拒”国际救援?
伍凡:我们首先要了解一下它的这个地点,就是发生地震的地点,他是青海玉树藏人自治州,在高山上,密林中间,是西藏少数民族地区。所以这个事情有两个原因:第一,他是藏人区,他不希望藏人的任何一个消息让外人透露出去,不希望外界知道。但这个还不是最主要的。如果这个事情要是发生在拉萨,可能会让人家去。但是它发生在玉树。
记者:您的意思是,玉树是个很特别的地方吗?
伍凡:对,因为玉树是一个非常特殊的地方,是制造核武器的军事基地,军事重镇,所以他不但不让外国人进来,连本国人都不准进来。本国的所有媒体,只准新华社指定的几个人可以进去,其他所有的都不能进。连中国的红十字会都不准进,更何况你外国的红十字会、外国的地震救援队,所以一概不准进,因为那是军事要地。
记者:前年在四川汶川绵阳地区发生了地震,听说绵阳也有军事基地。
伍凡:对,绵阳是一个核武器的研发基地,开发研究的基地;而现在这个玉树地区,是一个核武器运作生产的基地。这样一个重要的基地他能让你去看吗?任何人都不准看。他的理由是我交通不便,你不要来,一句话就把它堵死了。
记者:从流传出来的照片和录影看,灾区的一些建筑倒塌的非常严重,当地民众伤亡很大。
伍凡:你现在所看到的,是老百姓房子倒了,而真正一些工厂、办公楼,它根本没有照出来。所以它非常有选择性的照一些照片出来。外国人也知道你是这么个重要的地方,所以在高空用非常精密卫星照相,照的清清楚楚,但是在山洞里面的情况就不知道了。那些军事工厂大部分都在山洞里,这就是它一个最关键的地方,所以他立即拒绝。他现在只要钱、要物资,不要人。
他现在把老百姓当着像蚂蚁样的,死多少他都无所谓。尤其是藏族的人,你多死几个,以后也不要闹事了,抱着这种观念,谁管你老百姓。
记者:以您中国过度政府总统的身份,您想对中国政府说些什么?
伍凡:我作为中国过度政府的总统,在这里强烈的抗议,强烈的指责共产党,尤其是胡温政权,你这样的草芥人命,不把中国的百姓当一条生命,而是当一个蚂蚁来处理,那老百姓以后对你们共产党会是什么态度呢?老百姓今后是不是也用你这种态度对待你共产党,因为都是有报应的,是生生相报的。除了报应以外,从政治角度讲,你共产党这种做法是根本站不住脚的,不能得到老百姓拥护的,老百姓一定会反抗你、反对你。
记者:当年四川地震后,有很多国家进入了灾区实地救援,这次玉树可能不会有这个景象了。
伍凡:共产党在四川地震里面吸取了很多教训,他知道不能开放,一开放以后,所有坍塌的学校和死去的学生被拍了电影,放到了好莱坞的电影节上去竞争纪录片的奖项了,要去领奖去了,把中国的这些个东西都兜了出来,对中共政府来说那是丑闻。那是一个以汉族为主的事件,现在是一个以藏族为主,又是一个军事基地的,你想想,胡锦涛怎么敢让这个东西曝光呢?他不敢,秘密就在这里。
记者:现在中共又在“号召”国民捐款了,您对此是怎样看的?
伍凡:我相信今年的捐款绝对不会像前年那样,多少亿多少亿的捐出来。现在事情已经过去3、5天了,我都没有看到一个捐款的消息出来。老百姓已经得到教训了,我捐款都捐到你们这些贪官的口袋里了,没人捐了;现在也没有太多的人主动报名去灾区了,并且也不让你进去。经历了这些后,老百姓都看淡了,非常淡。有人讲,人总是要死,早死、晚死的,死了算了。这种心态都出来了,心死了,对这个不关心了。你首先政府不关心,我作为一个普通老百姓,又有多少能耐去关心呢。
关心之后,还要判你的刑,黄琦就是个例子。他就是因为关心了塌方的那些小学和学生,他去报导,拍照片放到网上,被判了5年徒刑;那么现在玉树发生了同样的事情,谁还愿意去拍照,这就是共产党造成的结果。
共产党也不希望你来拍,现在完全就等于军事化了。名义上没讲军事化,他把武警派进去了,所有的平民百姓都进不去了,因为他是个军事禁区,原因就在这里。现在也不知道埋了多少人,他根本就不讲,死亡数字都是不真实的,完全是由他操控的,也不希望你们知道,也不想要外国人知道,玉树地震究竟有多惨烈。
记者:作为中国的过度政府,想对玉树灾民说些什么?
伍凡:我现在就是想通过过度政府来号召灾区的百姓,你们要自救,不要相信共产党,共产党救不了你们的。你们那个地方如果不能呆下去,赶快往外逃跑,往外流,不要舍不得那个地方,那个地方已经破了、烂了,离开那个地方去求生。外面的救援又进不去,救不了你们,你们要突围、跑出来,你西藏的难民可以到别的民族的地方去求生去。这是过度政府给他们的建议,希望他们这样做。
ངོ་མ་སྙིང་རྗེ། ང་ཚོའི་གཞུང་དང་མི་མང་ནས་ས་ཡོམ་གྱི་གནོད་འཚེ་ཕོགས་པའི་སྤུན་ཟླ་རྣམས་ཀྱི་མཆེད་དུ་བཙན་བྱོལ་བོད་མི་ཚང་མས་དུང་སེམས་མཉམ་བསྐྱེད་དང་གསོལ་འདེབས་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་གནང་བ་ནི་དགོས་ངེས་ཀྱི་བྱ་བ་ཞིག་ཡིན། འོན་ཀྱང་གནོད་འཚེ་ཕོགས་ཡུལ་གྱི་སྤུན་ཟླ་རྣམས་ཀྱི་སེམས་པའི་རེ་བ་གོང་གི་སྙན་ཞུ་ཐུང་ཐུང་འདི་ཡིན་ན་ང་ཚོས་ཁོང་རྣམས་ཀྱི་རེ་བ་འདི་སྒྲུབ་ཐབས་བྱ་དགོས་ངེས་ཞིག་ཡིན། དེ་བས་ཀྱང་ང་ཚོའི་གཞུང་འདི་ཆོས་སྲིད་བཟུང་འབྲེལ་ཞིག་ཡིན་པས་ད་རེས་གཞུང་གིས་མཛད་གཙོ་རྣམས་པས་ཆོས་སྲིད་བཟུང་འབྲེལ་གྱི་ཐབས་ལམ་ཞིག་གི་སྟེང་ནས་དཀའ་བཙེགས་ཕྲད་པའི་མི་མང་གི་འདོད་བློ་སྐོང་ཐུབ་པ་བྱས་ནས་མི་མང་གི་གཞུང་ལ་ཡིད་ཆེས་དང་གཞུང་དང་མིང་མང་བསམ་པ་གཅིག་འབྲེལ་ཡོངས་ཐུབ་པ་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ད་ཡོད་གཞུང་འཛིན་དཔོན་རིགས་དག་ལ་ཡོད་པས་རང་གི་ལོ་སྒྱུས་དེབ་ཐེར་སྟེང་འགོད་རིན་ཡོད་པའི་བྱ་བཞག་རླབས་ཆེན་དེར་སྣང་མེད་མི་འཇོག་པའི་ཡིད་ཆེས་དང་རེ་བ་ཡོད་ན། དེ་ལྟར་གཞུང་འཛིན་དཔོན་རིགས་རྣམས་ནས་དགོངས་འཇོགས་ཚལ༎
དྲ་གྲོགས་བོད་ཀྱི་མཛེས་མ་མིང་ཅན་གྱིས་གསུང་པ་བཞིན་༼གལ་སྲིད་༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་མ་ཐུབ་ཚེ་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་པ་ཞིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གནང་སྟེ་ཤུལ་ལུས་མི་སེར་རྣམས་ལ་ཐུགས་གསོའི་འཚམས་གཟིགས་དང།་ས་ཡོམ་གྱི་གོད་ཆག་བྱུང་ས་རང་དུ་ཕྱི་སྡོད་བོད་མི་རྣམས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་བསྔོ་སྨོན་ཞུ་དགོས།དེ་ལྟར་བྱུང་ན་ཤུལ་ལུས་བོད་མིའི་རེ་བ་ཅུང་ཙམ་བསྐང་ཐུབ་པ་རེད་ལ།ང་ཚོ་བྱེས་འབྱོར་རྣམས་ཀྱིས་མ་ལེན་མ་འགྱོད་པའི་དུས་ཐོག་ཆར་པའི་བྱ་བ་་རླབས་ཆེན་གྱི་བསྒྲུབ་ཐུབ་པ་རེད།༽ཞིག་གསུང་འདུག་པའི་དེ་ནི་བློ་ཟུར་བོར་གནས་པའི་བཀའ་མོལ་རེད་སྙམ།།
བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །
དྲ་གྲོགས་ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱིས་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཅན་གྱི་རྩོམ་ཡིག་འདི་བསྒྱུར་བ་ལ་བཀའ་དྲིན་ཆེ་སེམས་ཤུགས་རང་རེད། འདི་ལྟ་བུ་བྱས་ན་མི་མང་གིས་ལས་ཀ་ག་རེ་བྱེད་དགོས་པ་ཧ་གོ་རེད། དེ་མིན་མི་མང་གིས་སེམས་སྡུག་ལས་མགོ་འཐོམས་ནས་འདུག་ངེས་རེད།
གཞན་ངའི་སྤུན་ཆུང་གི་བཤད་ཚུལ་ལྟར་ན་ཁ་སང་སྐུ་འབུམ་དགོན་པ་ནས་ཞལ་འདེབས་བསྡུ་རུབ་བྱས་པར་དམངས་སྒོར་ཁྲི་དྲུག་ཅུ་རེ་གཉིས་བྱུང་སོང་ལ། དེ་འབྲེལ་ཡོད་ཚོགས་པ་བརྒྱུད་བསྐུར་ཟིན་པར་བཤད།
རོགས་མི་འགྲོ་མི་ཆོག་པར་བཤད།
གཞིས་སྡོད་བོད་མིའི་སྙིང་སྟོབས་དང་ལ་རྒྱ་ལ་ནམ་ཡང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
གཞན་ངའི་སྤུན་ཆུང་གི་བཤད་ཚུལ་ལྟར་ན་ཁ་སང་སྐུ་འབུམ་དགོན་པ་ནས་ཞལ་འདེབས་བསྡུ་རུབ་བྱས་པར་དམངས་སྒོར་ཁྲི་དྲུག་ཅུ་རེ་གཉིས་བྱུང་སོང་ལ། དེ་འབྲེལ་ཡོད་ཚོགས་པ་བརྒྱུད་བསྐུར་ཟིན་པར་བཤད།
རོགས་མི་ཕལ་ཆེར་འགྲོ་མི་ཆོག་པར་བཤད།
གཞིས་སྡོད་བོད་མིའི་སྙིང་སྟོབས་དང་ལ་རྒྱ་ལ་ནམ་ཡང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
ད་ཐེངས་ཀྱི་གདན་ཞུའམ་ཆོག་མཆན་གྱི་ཞུ་ཡིག་འདི་ཧ་ཅང་གི་དུས་ལ་བབས་པ་རེད། ང་ཚོ་གཞུང་དང་སྒེར་དངོས་གཉིས་ཆ་ནས་ཤུགས་རྒྱབ་སྟེ་བྱེད་རྒྱུ་ཅི་ཡོད་བྱེད་དགོས་ངེས་རེད། གཞན་བོད་ནང་ནས་ཀྱང་ཕྱོགས་སོ་སོའི་བོད་མི་ཡོད་དོ་ཅོག་སྐྱེ་དགུ་མདོར་རོགས་སྐྱོར་དང་སེམས་གསོ་རུ་ཡོང་ན་འོས་འཚམས་རེད་། རྒྱ་ནག་གིས་བཀག་འགོག་བྱེད་ངེས་ཀྱང་དེ་དུས་དེ་ལ་དཔག་པའི་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་ཞིག་ཀྱང་རང་བཞིན་གྱིས་ཡོང་ངེས་རེད། འདི་ནི་གྷན་དྷིས་ཚྭ་ལེན་པའི་ལས་འགུལ་དང་གཅིག་འཚུངས་སུ་འགྲོ་ངེས།
རེད་ཡ།།།་ངས་ཀྱང་དེ་ལྟར་བསམ་བཞིན་ཁ་སང་དྲ་རྒྱའི་ནང་བསམ་ཚུལ་ལམ་རིག་པ་འདོན་པ་ཡིན།
ཐེ་ཝན་མི་དམངས་ཀྱིས་གཞུང་ལ་ཞུ་གཏུག་བརྒྱབ་པ་ནང་བཞིན་ད་ཐེངས་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོད་དོ་ཅོག་ནས་༸གོང་ས་མཆོག་བོད་དུ་འཚམས་གཟིགས་ཆིབས་བསྒྱུར་ཐུབ་པའི་ཞུ་གཏུག་གཅིག་རྗེས་གཉིས་མཐུད་ཞུ་དགོས།ལྷག་པར་དུ་ས་ཡོམ་གནོད་ཐེབས་ཕོག་པའི་ཤུལ་ལུས་མི་མང་དང་ཉི་འཁྲིས་འབྲེལ་ཡོད་རྣམས་ཀྱིས་གོ་སྐབས་སྟངས་འཛིན་བྱེད་དེ་དོན་ཆེན་དེ་ཉིད་ངེས་པར་བསྒྲུབ་ཐུབ་པ་བྱེད་དགོས།འདི་ལྟར་བྱུང་ན་གཅིག་ནི་སྒོར་མ་གྲངས་མེད་པའི་ཞལ་འདེབས་ཕུལ་བ་ལས་བརྒྱ་གྱུར་སྟོང་གྱུར་བཟང་བ་དང།འདས་སོན་རྣམས་ཀྱི་ཐུགས་རེ་ཡང་བསྐང་ཐུབ་པ་ཡིན།་
གཉིས་ནི་བོད་ཀྱི་རྩ་དོན་ལའང་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོབ་མི་སྲིད་པའི་ངེས་པའང་མ་མཆིས་སྙམ།
ཡུལ་ཤུལ་ས་ཡོམ་གནོད་ཐེབས་ཕོག་པའི་ཤུལ་ལུས་མི་དམངས་ལགས།
ལུས་ཀྱི་ཕྱག་མཆོད་ཁྱེད་ཀྱི་ཕྱོགས་སུ་བཏང།
ངག་གི་མ་ཎི་ཁྱེད་ཀྱི་སྙན་ལ་འབུལ།
སེམས་ཀྱི་བསྔོ་སྨོན་འདས་པོའི་རྣམ་ཤེས་གསོ།
ང་ཡི་ཡོད་ཚོད་ཁྱེད་ཀྱི་ཆེད་དུ་སྦྱིན།
གདུང་སེམས་མཉམ་སྐྱེད་ལུས་ཀྱི་དཀའ་སྡུག་སེལ།
སྐྱིད་སྡུག་མཉམ་མྱོང་སེམས་ཀྱི་རྨ་ཁ་གསོ།
བསྡོ་སྨོན་ཐུགས་གསོ་སེམས་ལ་སྤོབས་པ་སྦྱིན།
སྡུག་དུས་མཉམ་རོགས་དུས་ཀྱི་དགོས་ཡིན།
【多維新聞】西藏流亡政府高級官員16日說,達賴喇嘛有意願前往青海玉樹災區安慰災民并為他們祈福。 【相关專題:青海玉樹7.1級地震】
西藏流亡政府首席部長桑東仁波切,4月16日在印度達蘭薩拉格爾地佛學院一個慶祝佛學刊物出版第100期的活動上說,達賴喇嘛有意前往玉樹災區安慰災民,并派藏人協助進行援救工作和提供物資援助。
་᪠་ᨵᫍᨕ᪄་᪆་ᨵ་་ᨱᨓ᩶་᪄་་་᪱ᨑ་᪱ᩏ་᪄་᪗ᨑᩏ་ᨑ་ᨵ་᪥ᨑ་᩶ᨓ་᪠ᫍᨑ᪄་᪠ᨕ᩶་ᨑᨵ་ᩲᨕᨵ་᪠ᩌ་᪠་ᩴᨵ་ᩞᨓ་᪠᨞ᨑ᪄་ᨑ᪄་ᩩ་ᩚᨓᨎ ་་᪱ᨑ་᪱ᩏ་ᨵᨑ་ᨓ་᩶ᨕ᩶་᩶ᩏ་ᩴᨵ་᪸ᨕ᪄་ᨵᩏ་ᨕ᩶་་᪕ᨑ་᪱᫅ᩏ་ᨵᫍᨑ་᪣ᨓ་᪠ᨕ᩶་᪱ᨑ་ᨕᩏ་ᨑ་ᩴᨵ་ᩏ་ᨕ᩶་་᩶ᩏ་᩶ᨓ་་ᨶ་་ᩂ᪠་ᨪᨕ་᩶ᩏ་ᨵ་᪠᪱་᫅་ᫎ་ᩃᨎ ᨵᨕᩏ་ᨵ་་་᪱ᨑ་᪱ᩏ་ᨵᨑ་ᨵ་᪥ᨑ་᩶ᨓ་᪠ᨪ་᩹་᩶᪣ᨑ᪄་ᨑᨵ་ᩲᨕᨵ་᪠ᩌ་᪄་ᩂ་᪕ᨑᨑ་᪄ᩏ་ᨻᨓ᪱་᪓ᨓ་ᫎ་ᩴ᪠་᫄ᨓ་᪕ᨑ་᪠ᨕ᩶་ᨵᩏ་ᩖ᪄་᩠ᨕᩏ་་ᨵ᪄་ᨑ་ᩏ་ᨓᨑ་᪔᪄་་᪇᪱་᩶ᩏ་ᩆᨕ་་་་᪔᪄་་᪇᪱་ᨑ་ᨓ་᩶ᨕ᩶་᪠ᨨᨕᩏ་ᩃ་᪙᪄་ᩲᨕᨵ་᪠་ᩚᨓ᪄་ᨕᩏ་ᩏᨓ་ᨵᨎ ᩴᨵ་ᩞᨓ་ᩚᨓᨎ ᪲་᪱ᩴ᩶་ᨵᨕᩏ་ᨵ་ᨵ᪄᩶་᩶ᨕ᪄་ᩲ᩶་᪠᪱་ᫍᨑ᪠་᪄᪄་ᨕ་᩶ᩏ་ᩲ᪠་ᨓ་ᨵᩏ་ᩴ᪠་ᨕᩏ་᪠ᨑ་᪠ᨕ᩶་ᨩ་ᫎ་ᩃᨎ
༸གོང་ས་མཆོག་བོད་ནང་ས་ཡོམ་ས་ཐོག་གདན་འདྲེན་ལ་ཤུགས་རྒྱག་དགོས་འདུག
དེ་མ་བྱུང་ན་བོད་གཞུང་ལས་བྱེད་གཅིག་དང་སྨན་པ་གཅིག མི་མང་སྐྱུས་མ་གཅིག་བཅས་ཡོད་པའི་རོགས་རམ་དང་སེམས་གསོར་ཕེབས་དགོས་པ་དང་། དེ་ཡང་མ་བྱུང་ན་བཙན་བྱོལ་མི་མང་གི་སྐུ་ཚབ་ཚོགས་པ་གཅིག་ངེས་པར་འགྲོ་ཐུབ་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་རེད་སྙམ།
ཨོ་ཡིན་དང་ཡིན་ འགྲུབ་མི་སྲིད་ཀྱང་རྒྱ་གཞུང་ལ་འབོད་སྐུལ་ཞུ་དགོས་
ཆོག་མཆན་སྙན་ཞུ་དེ་གལ་ཆེན་ཆགས་འདུག་།
སྙིང་སྟོབས་ཧ་ལས་པ་རེད
འདི་ཐོག་རིག་པ་སྒྲིམ་རོགས་
དེ་རིང་ཞོགས་ཀར་ཁ་པར་བརྒྱུད་ནས་གོ་ཐོས་ལ་རྔ་བའི་རོང་འབྲོག་མང་ཚོགས་དང་དགོན་སྡེ་སྤྱི་ཡོང་ནས་རང་རིགས་ས་ཡོམ་གོད་ཆགས་ཐེབས་ཡུལ་ལ་ཐུགས་གསོ་དང་རོགས་སྐྱོར་དུ་དངུལ་བསྡུ་བྱེད་བཞིན་པའི་གནས་ཚུལ་འདུག ལས་འགུལ་འདི་ཁ་རྩང་ནས་འགོ་བཙུགས་འདུག དེ་བཞིན་༸གོང་ས་མཆོག་གི་ཆིབས་གཟིགས་ནི་ཚེ་འདས་དག་གི་རྣམ་ཤེས་ཀྱི་རེ་ལྟོས་རིང་མོ་ཞིག་ཡིན་ཞིང་གསོན་པོ་ང་ཚོའི་ཡིད་ལ་རིང་དུ་བརྣག་པའི་མངོན་འདོད་དེ་རེད་ཅེས་གསུང་བྱུང་།
༄༅།།༧གོང་ས་མཆོག་ས་ཁུལ་དེར་ཕེབས་པར་བྱ་འགུལ་ཞིག་སྦེལ་རེན་རེད
ཆབ་སྲིད་དང་འབྲེལ་བ་མེད་པས་གསལ་བཤད་ཅི་འདྲ་ཞིག་བྱས་ན་བཟང་ངམ
ཟླ་བ་གཞོན་ནུ་ལགས་ཐུགས་རྗེ་ཆེ། རྗེས་སུ་གསར་གྱུར་གསར་པ་འདུག་ན་ལམ་སང་སྒྱུར་ནས་འདིར་འབྲི་རོགས་གནང།
ངོ་མ་དེ་ནི་རླབས་ཆེན་རེད། ༸གོང་ས་མཆོག་གདན་འདྲེན་ཞུ་ཐུབ་ན་ཐམས་ཅད་ལས་རིན་ཐང་ཆེ་བ་ཞིག་རེད། ཡུལ་ཤུལ་རྫོང་ཙམ་མ་ཡིན་པར་གཞི་བཞུགས་བོད་མི་ཡོངས་ཀྱི་འདོད་པ་ཆེན་ཞིག་སྒྲུབ་ཐུབ་ངེས་རེད། འོན་ཀྱང་སྐུའི་བདེ་འཇགས་ལ་ཐུགས་བསམས་བཞེད་དགོས་པ་ཞིག་འདུག
ཐེངས་འདིར་༸གོང་ས་མཆོག་སྐྱེ་དགུ་རུ་ཕེབས་ཐབས་ལ་འཛམ་གླིང་ཕྱི་ནང་ནས་རང་རིགས་ཡོངས་ཀྱི་ལུས་སྲོག་ཐེད་ལ་དབོར་དགོས་ཀྱང་འབད་རྩོལ་བྱེད་དགོས།
སྐྱེ་དགུའི་ཕྱཱ་གཡང་འཁོར་བའི་སྐྱེ་དགུ་རུ། །
འདོད་རྒུ་ཀུན་སྩོལ་བླ་མ་གདན་དྲངས་ཏེ། །
སྡུག་རྒུ་མྱངས་པའི་རང་རིགས་སྤུན་ཟླ་དག
འདོད་རྒུའི་བདེ་སྐྱིད་གནས་ལ་འདྲེན་པར་མཛོད། །
ངོ་མ་རླབས་ཆེ་བའི་མི་རིགས་འདི་ལ་རླབས་ཆེ་བའི་འདུ་ཤེས་དང་སེམས་ཤུགས།ཕུགས་བསམ་བཅས་ཡོད་པའི་གནས་ཚུལ་འདི་ལྟ་བུ་དང་།་དད་ཞེན་དང་མོས་གུས་ཀྱི་བག་ཆག་སྙིང་སྟོབས་སུ་བསྒྱུར་བའི་སྤོབས་པ་འདི་རིགས་ནི་བོད་པ་ཚང་གི་སྡུག་བསྔལ་དང་མནར་གཅོད་ལ་མགོ་བོ་མི་སྒུར་བའི་ཕུགས་རྒྱང་རིང་བའི་བློ་ཁག་ངོ་མ་རེད་ཨང་།
ད་ནི་གནས་ཚུལ་ག་འདྲར་ཐུག་རུང་དུས་དང་དགོས་མཁོའི་མོས་འདུན་གྱི་འཕར་རྩ་མི་ལྷོད་པའི་བོད་པ་ཚང་གི་རྣམ་ཤེས་ངོ་མ་དེ་མཐོང་དུ་བཅུག་་ཡུལ་ཤུལ་གྱི་སྤུན་རྣམས།ཐུགས་རྗེ་ཆེ།
རེད། ང་ཚོས་རང་རིགས་སྤུན་ཟླའི་ཕྱག་ཏུ་ཇི་འདྲ་བྱས་ནས་ཕུལ་ཐུབ་པ་གནང་དགོས། རོགས་སྐྱོར་སྡུད་མཁན། དངུལ་ཁང་ཨང་ཀི སྐྱེ་དགུ་ནས་མི་སེར་གོད་ཆགས་ཐེབས་ཡུལ་རྣམས་ལ་ཇི་ལྟར་བྱས་ནས་སྤྲོད་ཐུབ་པ། འདི་དག་གཏན་ཁེལ་དགོས་ཀི
དེ་ནས་གཙོ་བོ་ཞིག་ལ། ཤུལ་ལུས་རྣམས་ལ་མཚོན་ན། ༸གོང་ས་མཆོག་གི་ཐུགས་སྨོན་དང་མགོན་པོ་གང་གི་ཆིབས་གཟིགས་བཅས་ནི་རྒྱ་སྒོར་ས་ཡ་དུང་ཕྱིར་ལས་རིན་ཐང་ཆེ་བ་ཡིན་པ་སྨོས་ཅི་དགོས། དེ་ལ་ཇི་ལྟར་བྱས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས། དོན་དངོས་སུའང་འདས་པོ་རྣམས་ལ་མཚོན་ན་དེ་ལས་རེ་སྐོང་རླབས་ཆེན་ཡིན་པ་སྨོས་མ་དགོས་པ་རེད།
བླ་བྲང་ཁག་དང་ཚོགས་པ་ཁག་འབྱོར་བདག་གི་ཁྱིམ་ཚང་ཁག་དེ་བཞིན་གཞིས་བྱེས་སྤུན་ཟླ་འབྱོར་འབྲིང་མཐའ་གསུམ་གྱིས་་རང་གི་ནུས་པས་ག་ཚོད་ཐུབ་ཐུབ་ཀྱིས་དཀའ་ངལ་བཟོད་ཐབས་བྲལ་བའི་ཤ་ཁྲག་གཅིག་པའི་སྤུན་ཟླ་དེ་རྣམས་ལ་ཞལའདེབས་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་མཁྱེེན
ཟླ་གཞོན་གྱིས་བསྒྱུར་བའི་རྩོམ་ཡིག་དེ་གནད་འགག་ཆེན་པོ་རེད།་
གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།
ཟླ་གཞོན་གྱིས་བསྒྱུར་བའི་རྩོམ་ཡིག་དེ་གནད་འགག་ཆེན་པོ་རེད།་
གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།
གྲོངས་ཟིན་པའི་འདས་པོ་རྣམས་ལ་རིམ་གྲོ་གནང་ཡ་ཡོད་མ་རེད། ཁོང་ཚོར་གཤིན་དགེ་གནང་དགོས་རེད།
ས་ཡོམ་གོད་ཆགས་ཁྲོད་ཀྱི་ཚེ་དང་ལྡན་པ་རྣམ་གྱི་རྐྱེན་ངན་ལྡོག་ཏུ་རིམ་གྲོ་གནང་དགོས་རེད།
ཨོ་ཡ། ཡག་པོ་རེད། སེམས་ཤུགས་ཡག་པོ་རེད།
ད་ལྟའི་སྙན་ཞུ་འདིས་བོད་མི་མང་ལ། སྐྱིད་སྡུག་གང་བྱུང་ཡང་རྒྱལ་བ་རིན་པོ་ཆེ་སེམས་གཏིང་ནས་འབྲལ་ཐབས་མེད་པ་མཚོན་ཐུབ། སྙན་ཞུ་འདི་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་བྱུང་བ་ཞིག་མིན་ནའང་། རྒྱ་གཞུང་དེ་ལྟར་འགྲེལ་བཤད་བྱེད་ངེས་རེད།
ཡ། གཉིད་སད་པ་དང་འདི་ལ་གཅིག་བལྟ་ཤོར་གྱི་འདུག ནད་འདྲ་བོ་ཞིག་ཡིན་ས་རེད།
ཡུལ་ཤུལ་གྱི་གོད་ཆག་དེའི་གསར་འགྱུར་ཁག་ཅིག་ལ་བལྟ་སྐབས། བོད་མི་ཞིག་གིས་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ལག་ཏུ་དད་པས་བཟུང་སྟེ་སྨོན་ལམ་འདེབས་པ་ཞིག་མཐོང་། འདྲ་པར་འགར་བལྟ་སྐབས། བོད་ཀྱི་སོན་རྩ་བྱིས་པ་མང་པོ་སྡེབ་བསད་བྱས་ཡོད་པ་རིག ང་རང་མིག་ལ་མིག་ཆུ་དབང་མེད་དུ་འཁོར་ཞིང་ཤུགས་རིང་ནར་ནར་དུ་འབྱིན་པར་ཤོར།
ན་ནིང་ཐེ་ཝན་ལ་གནོད་འཚེ་བྱུང་སྐབས། དད་ལྡན་མང་ཚོགས་ཀྱི་འབོད་སྒྲར་བརྟེན་ནས། ༸རྒྱལ་བ་རིན་པོ་ཆེ་དངོས་སུ་ཐེ་ཝན་གྱི་གནོད་འཚེ་ཕོག་ཡུལ་དུ་ཞབས་ཀྱིས་བཅག་སྟེ་ཐུགས་སྨོན་གནང་། འོན་ཀྱང་། རང་ཡུལ་གྱི་གནོད་འཚེ་ཕོིག་པའི་རང་མི་དེ་ཚོར་མཚོན་ན། གང་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་ལྟ་ཅི། སྐུ་པར་ཆུང་ཆུང་ཞིག་དད་རྟེན་དུ་ཉར་རྒྱུ་དེ་ཡང་ཧ་ཅང་ཐོབ་དཀའ་བ་ཞིག་དང་ཧ་ཅང་ཉེན་ཆེ་བ་ཞིག་ཆགས་དོན་ཅི།
སྤྱན་རས་གཟིགས། ཐུགས་རྗེ་ཡི་བདག་ཉིད། འདི་ལྟར་ཁྱེད་དང་གཞིས་ལུས་བོད་མི་རྒྱང་ཐག་རིང་རིང་འདྲ་ཡང་། དོན་དུ་ཐུགས་སེམས་དབྱེར་མེད་དུ་འདྲེས་འདུག དབང་འཛིན་པས་མགོན་འབངས་ཡ་བྲལ་དུ་བཏང་ཡང་། དམ་ཚིག་གིས་གཅིག་ཏུ་སྦྲེལ་བ་ནི། ཁོང་ཚོས་འཆི་ཡང་ཁྱེད་རང་དྲན་པ་དེས་གསལ་བར་མཚོན་འདུག
རེད། གནམ་ལྕགས་ལགས།
འདི་གདན་འདྲེན་ཞུ་བའི་ཆོག་མཆན་སྙན་ཞུ་རེད།
ས་གནས་དེ་གའི་མི་དམངས་ཀྱི་མངོན་འདོད་རེད།
ཕེབས་མ་ཐུབ་ཀྱང་ཕེབས་གྲབས་ཙམ་བྱེད་ཐུབ་ནའང་ག་ཚོད་ཅིག་དགའ་སྲིད།
མི་ཆུང་ལགས་ནས་གསུངས་པ་བཞིན་འགྲུབ་མི་སྲིད་ཀྱང་རྒྱ་གཞུང་ལ་འབོད་སྐུལ་ཞུ་དགོས་པར་འདོད།
འདི། ཡུལ་ཤུལ་མི་དམངས་ཚོས་དཔེ་གནག་པོ་ཞིག་བཤད་པ་རེད་དཱ། གོད་ཆག་འདིའི་ཁྲོད་ནས་ཀྱང་ང་ཚོའི་རྩ་དོན་དོར་མ་གནང་བ་སྙིང་ནས་ཡི་རངས་ཞུ། རེད། རེད། དེ་ག་རང་ལ་ཤུགས་བརྒྱབ་ན་ཧ་ཅང་ཡག་པོ་ཡོད་པ་རེད། ཐེ་ཝན་གྱི་སྐབས་དེའི་གནས་ཚུལ་ཡང་ལུང་འདྲེན་བྱེད་དགོས་པ་རེད། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།
ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ནས་དམངས་སྒོར་ཁྲི་ལྔ་བཅུའི་ཞལ་འདེབས་བརྒྱབས་པའི་གནས་ཚུལ་ལ་གཟིགས་འདོད་ན་འབྲེལ་ཐག་འདི་ལ་གཟིགས་རོགས།
http://news.boxun.com/news/gb/china/2010/04/201004161021.shtml
འདི་གདན་འདྲེན་ཞུ་ཡིག་མ་རེད། གདན་འདྲེན་ཞུ་བའི་ཆོག་ཆན་སྙན་ཞུ་རེད།
གང་ལྟར་ཡུལ་ཤུལ་མི་མང་གི་མངོན་བཞིན་༸་གོང་ས་མཆོག་ཕེབས་ཐུབ་ན་ཅི་འདྲའི་ཡག་ག་ལ།
སྤུན་ཟླ་ཚོ།
ད་ང་ཚོའི་སྨོན་ལམ་དང་གསོལ་འདེབས་རྐྱང་པས་གནོད་འཚེ་ཕོག་སའི་ས་གནས་རང་ལ་སྐབས་བབ་ཀྱི་གེགས་བར་སེལ་མི་ནུས། དེ་ལས་བཙན་བྱོལ་ནང་གི་བོད་རིགས་ཡོད་དོ་ཅོག་གིས་ས་གནས་སོ་སོའི་གོ་སྒྲིག་འོག་ཞལ་འདེབས་བསྡུ་དགོས།
ཞལ་འདེབས་དེ་དག་ཕར་འཕྲོད་པར་བྱེད་པར། བཙན་བྱོལ་གཞུང་དང་བཙན་བྱོལ་མི་དམངས་ཀྱི་མིང་ཐོག་ནས་སླེབས་མི་ཐུབ་ཀྱང་། རྒྱལ་སྤྱིའི་ཚད་ལྡན་ཀྱི་ཐེབས་རྩ་ཚོགས་པ་དང་། དེ་མིན་གྱི་རོགས་ཚོགས་མང་པོ་ཡོད་པས། དེ་དག་གི་ཁ་བྱང་དང་ཁོང་ཚོར་སྤྲོད་དགོས། ཁོང་ཚོ་བརྒྱུད་ནས་ས་ཡོམ་བྱུང་སའི་ས་གནས་སུ་ངེས་པར་འཕྲོད་ཐུབ་ངེས།
ད་ལྟའི་ཆར་ཕྱི་རྒྱལ་གྱི་རོགས་ཚོགས་མང་པོས་བོད་ཀྱི་ཆེད་དུ་ཞལ་འདེབས་བསྡུ་གི་ཡོད་ལ། དེ་ཡང་གཞུང་འབྲེལ་གྱི་ཐོག་ནས་བོད་དུ་སླེབས་ཀྱི་ཡོད། འདི་ནི་ང་ཚོས་ལག་ལེན་བསྟར་དགོས་པའི་ཐབས་ཇུས་ཤིག་ཡིན།
གཞན་ཁ་ནས་སྙིང་རྗེ་དང་ཞལ་འདོན་རྐྱང་པར་ཕན་ཐོགས་དེ་ཙམ་མེད། ད་ལྟའི་ཆར་གཙོ་བོ་དཔལ་འབྱོར་རེད། འབྱུང་འགྱུར་ཡང་དཔལ་འབྱོར་གྱིས་སློང་དགོས་ཀྱི་ཡོད། ང་ཚོའི་ཞལ་འདེབས་འདི་ནི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་རེད།
གཞན་དུ་ན། ཐེ་ཝན་གྱིས་ས་ཡོམ་གྱི་གནོད་འཚེ་ཕོག་སར་༸གོང་ས་མཆོག་གདན་དྲངས་པ་བཞིན། ང་ཚོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་རྒྱ་གཞུང་ལ་འབོད་སྐུལ་ཞིག་ཞུ་དགོས། དེ་ཡང་གོ་སྐབས་ཤིག་རེད། ཕལ་ཆེར་འདི་འགྲུབ་མི་སྲིད་ཀྱང་། འདས་གསོན་གྱི་སྤུན་ཟླ་རྣམས་ཀྱི་སེམས་ཁྱད་རེད། གཉིས་ནས་ཆབ་སྲིད་ཀྱི་ཐབས་ཇུས་དང་འབྱུང་འགྱུར་གྱི་ལས་འགུལ་འཕེལ་ཕྱོགས་ཤིག་ཀྱང་རེད།