མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་མི་ ༡༡༤༤ གྲོངས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp
ད་ལྟ་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་ཀྱིན་པ་དང་ས་གནས་ས་ཐོག་གི་བོད་མི་དང་ཕྱི་རྒྱལ་གྱི་གསར་འགོད་པས་དངོས་སུ་མཐོང་ཐོས་བྱུང་བའི་བསད་རྨས་ཀྱི་གྲངས་ཀའི་བར་ནས་གནམ་ས་ལྟ་བུའི་ཁྱད་པར་ཤོར་འདུག
ཁ་སང་རྒྱ་གར་དུས་བབ་གྱིས་རྒྱ་ནག་ཞིན་ཧྭ་དྲ་རྒྱའི་གནས་ཚུལ་ཞིག་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་ནག་གིས་ཐེངས་འདིའི་གོད་ཆག་བྱུང་ཡུལ་གྱི་ཤི་རྨས་ཐེབས་པའི་མིའི་གྲངས་ཀ་ཡར་འཕར་སྣོན་བྱེད་ཀྱིན་ཡོད་པ་དང་། ཁ་སང་ཞིན་ཧྭ་དྲ་རྒྱས་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་གྱི་མི་ཤི་བའི་གྲངས་འབོར་ནི་ ༡༡༤༤ ཡིན་པ་དང་བོར་བརླག་བྱུང་བ་ ༤༡༧ ཡིན་སྐོར་བསྒྲགས་འདུག ཡིན་ནའང་། རྒྱ་ནག་གིས་འཕར་སྣོན་བྱེད་ཀྱིན་པའི་གྲངས་ཀ་འདིས་ཕྱི་ཚེས་ ༡༤ ཉིན་ནས་ད་བར་བྱུང་བའི་བོད་མི་བསད་རྨས་བྱུང་བའི་གྲངས་འབོར་མཚོན་གྱི་མེད་མོད། རྒྱ་ནག་གིས་ད་དུང་ཨུ་ཚུགས་ཀྱིས་བོད་མི་བསད་རྨས་བྱུང་བའི་གྲངས་ཀ་དངོས་དེ་གསང་ཅི་ཐུབ་བྱེད་ཀྱིན་ཡོད།
ཁ་སང་ཕྱི་དྲོར་ཉིན་རེའི་ཏར་འཕྲིན་གྱི་གསར་འགོད་པ་ Malcolm Moore ལགས་ཀྱིས་ ཡུལ་ཤུལ་ནས་ཊི་ཝེ་ཊར་བརྒྱུད་གནས་ཚུལ་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ས་ཡོམ་གྱིས་བསད་པའི་ཤི་འབོར་དེ་ ༦༧༠ ཡིན་པར་བཤད་ཀྱང་། སྐྱེ་རྒུ་དགོན་པའི་གྲྭ་པ་དག་གིས་དགོན་པ་དེ་གཅིག་པུར་བྱ་གཏོར་གྱི་ཆེད་དུ་བེམ་པོ་ ༡༠༠༠ འབྱོར་ཡོད་ལ། དགོན་པ་གཞན་ ༤ རུའང་དེ་དང་གཅིག་མཚུངས་རེད་ཅེས་བཤད་ཡོད།
དེ་རིང་ཞོགས་པར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ས་ཐོག་གི་མི་ཞིག་གིས་ཁ་པར་བརྒྱུད་གནས་ཚུལ་བཤད་སྐབས་ཀྱང་། རྒྱ་ནག་གིས་ཕྱི་ལ་བསྒྲགས་ཀྱིན་པའི་གྲངས་འབོར་དེ་ནི་རྫུན་བསྒྲགས་ཡིན་པ་དང་། ད་ལྟ་ཉུང་མཐར་ཡང་མི་སྟོང་ཕྲག་བཞི་ནས་ལྔའི་བར་འདས་གྲོངས་སུ་ཕྱིན་ཡོད་ཅེས་གསུངས་ཡོད།
གང་ལྟར་ད་ལྟའི་བར་བོད་ཀྱི་དུས་བབ་གསར་ཁང་དུ་འབྱོར་བའི་གྲངས་འབོར་མཐོ་ཤོས་ནི་ས་རཱ་མཐོ་སློབ་ཏུ་སློབ་གཉེར་བྱེད་ཀྱིན་པའི་ཡུལ་ཤུལ་ཚེ་རིང་བསྟན་འཛིན་ལགས་ཀྱིས་བོད་ལ་ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བའི་གྲངས་འབོར་འདི་ག་གསར་ཁང་ལ་བརྗོད་སྐབས། ཐེངས་འདིའི་ས་ཡོམ་ཁྲོད་མི་ཆིག་ཁྲི་འདས་གྲོངས་སུ་སོང་ཡོད་ཅེས་གསུངས་པ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 8

  1. གཙང་ཕྲུག་སྟོབས་ལགས། says:
    ལོ་ 16 སྔོན།

    དགའ་ན་སྐྱ་ཀ་ཁྲ་མཉམ་ཡིན།།
    སྡུག་ན་ཕོ་རོག་ནག་མཉམ་ཡིན།།
    སྐྱེ་རྒུ་མདོ།
    བོད་གངས་ཅན་པའི་སྤྱི་བཏང་གི་ས་མིང་དེ།
    གོ་ལ་ཧྲིལ་པོའི་སྟེང་གི་སྤྱིར་བཏང་མ་ཡིན་པའི་ས་མིང་ཞིག་ཏུ་གྱུར་སོང།
    ཡུལ་ཤུལ་མི་མང་།
    གཉའ་མ་ཁུམ།
    ཆོལ་གསུམ་བོད་མི་སེམས་པ་བསྲེས་ནས་ཡོད།
    སེམས་ཀྱི་མགོན་པོ་ཐུགས་སྨོན་གནང་སོང།
    ཡུལ་གྱར་སྤུན་ཟླ་མ་ཎིའི་དབྱངས་རྟ་འདོན་ཞིང།
    མཆོད་མེའི་བསྔོ་སྨོན་གནང་སོང།
    ཉི་མ་འདི་དག་ནི་ང་རང་མཚོ་སྔོན་བརྙན་འཕྲིན་དང་བྲལ་མེད་ཡིན།
    སྐབས་དེ་དག་ཏུ་ལྟོགས་པ་ཟས་ཤིག་མི་དྲན་ལ་ཉལ་བའི་རྨི་ལམ་འཁྲུགས་སོང།
    ས་འདི་ནས་ངས་ཁྱེད་ཚོར་རོགས་ཕན་ཅི་ཡང་མི་ཐུབ་མོད།
    སྙིང་བརྡོལ་བའི་བུ་ག་ནས་ཐོན་པའི་དབུགས་རིང་དང་ལྷན་དུ།
    མ་ཎི་རྐང་རེ་འདོན་བཞིན་པ་འདི།
    ངས་ཁྱེད་ལ་བཅངས་པའི་བརྩེ་སེམས་ཡིན་ལ།་
    ངའི་སྤུན་ཟླ་འཕྲད་པའི་སྡུག་བསྔལ་མཉམ་ལེན་ཡིན།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །

    Reply
  3. སྐར་མདའ། says:
    ལོ་ 16 སྔོན།

    བོད་ཀྱི་མཛེས་མ་ལགས་ཁྱེད་བདེན་པ་རེད། རྒྱ་ནག་གི་སྐྱག་རྫུན་དང་དུས་བབ་ཚང་གི་སྐྱག་རྫུན་གཉིས་པོ་ལ་ཉན་རྒྱུ་མི་འདུག
    དེ་བས་མི་རྒེར་གྱི་ངོས་ནས་ཁ་པར་སོགས་བཏང་སྟེ་དངོས་ཡོད་གནས་ཚུལ་བཙལ་ན་ལེགས་ཤོས་རེད།

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཤི་མིའི་གྲངས་ཀ་འཕར་སྟངས་ལ་ལྟོས་ན་ཡག་རྟགས་ཁྱོན་ནས་མི་འདུག
    རྒྱ་ནག་གིས་བཤད་པ་ལ་ཡིད་ཆེས་བྱེད་རྒྱུ་མེད་ལ།་དུས་བབ་ཚང་གིས་བཤད་པ་ལའང་ཡིད་ཆེས་བྱེད་རྒྱུ་མི་འདུག་ང་ཚོས་ངེས་པར་དུ་དངོས་ཡོད་གནས་ཚུལ་ལ་སྒུག་དགོས།ཁ་སང་ཨ་རིའི་བརྙན་འཕྲིན་ནང་བཀའ་བློན་ལྷ་ལྕམ་གྱིས་བཤད་པ་ལྟར་དུས་ཚོད་ཐུང་ཐུང་ཞིག་ནང་གནས་ཚུལ་ཏག་ཏག་ཅིག་རྙེད་མི་ཐུབ།་ང་ཚོས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་གསུངས་སོང་།
    ངས་རེ་བསྐུུལ་ཞུ་རྒྱུ་ཞིག་ལ་དཔང་རྟགས་དང་ཆ་འཇོག་མེད་པའི་གནས་ཚུལ་གང་བྱུང་འུར་བསྒྲགས་མ་བྱེད་རོགས་ཞུ་རྒྱུ་ཡིན།ཤི་མིའི་གྲངས་ཀ་མང་པོ་བཀོད་པ་ཙམ་གྱིས་དུས་བབ་ཚང་གི་བསྟན་པ་རྒྱས་མི་ཐུབ་ལ།མི་དམངས་ཀྱིས་ཁྱེད་ཚང་ལ་བསྐྱངས་པའི་ཡིད་ཆེས་ཆེ་རུང་འགྲོ་མི་ཐུབ།་ངེས་པར་དུ་གཟབ་གཟབ་གནང་དགོས་ཀྱི་འདུག

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཤི་མིའི་གྲངས་ཀ་འཕར་སྟངས་ལ་ལྟོས་ན་ཡག་རྟགས་ཁྱོན་ནས་མི་འདུག
    རྒྱ་ནག་གིས་བཤད་པ་ལ་ཡིད་ཆེས་བྱེད་རྒྱུ་མེད་ལ།་དུས་བབ་ཚང་གིས་བཤད་པ་ལའང་ཡིད་ཆེས་བྱེད་རྒྱུ་མི་འདུག་ང་ཚོས་ངེས་པར་དུ་དངོས་ཡོད་གནས་ཚུལ་ལ་སྒུག་དགོས།ཁ་སང་ཨ་རིའི་བརྙན་འཕྲིན་ནང་བཀའ་བློན་ལྷ་ལྕམ་གྱིས་བཤད་པ་ལྟར་དུས་ཚོད་ཐུང་ཐུང་ཞིག་ནང་གནས་ཚུལ་ཏག་ཏག་ཅིག་རྙེད་མི་ཐུབ།་ང་ཚོས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་གསུངས་སོང་།
    ངས་རེ་བསྐུུལ་ཞུ་རྒྱུ་ཞིག་ལ་དཔང་རྟགས་དང་ཆ་འཇོག་མེད་པའི་གནས་ཚུལ་གང་བྱུང་འུར་བསྒྲགས་མ་བྱེད་རོགས་ཞུ་རྒྱུ་ཡིན།ཤི་མིའི་གྲངས་ཀ་མང་པོ་བཀོད་པ་ཙམ་གྱིས་དུས་བབ་ཚང་གི་བསྟན་པ་རྒྱས་མི་ཐུབ་ལ།མི་དམངས་ཀྱིས་ཁྱེད་ཚང་ལ་བསྐྱངས་པའི་ཡིད་ཆེས་ཆེ་རུང་འགྲོ་མི་ཐུབ།་ངེས་པར་དུ་གཟབ་གཟབ་གནང་དགོས་ཀྱི་འདུག

    Reply
  6. ཕུན་ཚོགས ། says:
    ལོ་ 16 སྔོན།

    ངས་ས་མཐའ་ནས་ཁྱོད་ཚོ་དྲན་གི

    ངས་ནི་ཉམ་ཆུང་བའི་ཚེ་སྲོག་དེ་དག་གི་སེམས་སྒྲར་ཉན་ཞིང་སྐྱི་ཡ་བའི་གནས་ཚུལ་འདི་དག་གི་སྐྱོ་གླུ་ཐོས་བས་རང་དབང་མེད་པར་ངུ་རྒྱངས་ཐེངས་ཤིག་བྱེད་དགོས་བྱུང་ལ། ངུ་རྒྱངས་ཀྱི་འོག་སྐད་དེ་ནི་གཏོས་ཆེ་བའི་འགྱོད་གདུང་དང་འཁང་སེམས་ཀྱི་སྙིང་ཁ་ནས་ལྡིང་སྟེ། སྙིང་ཉེ་བའི་ཡུལ་མི་འདི་ཚོ་གདུག་རྩུབ་ཀྱི་གཅོང་ནད་ཅིག་ལས་བུད་དེ་སླར་ཡང་གདུག་རྩུབ་ཀྱི་བྲག་རོང་ཞིག་ལ་བསྙེས་ཡོད་པའི་ཚོར་བ་རྣོན་པོ་ཞིག་ཏུ་གྱུར་གི

    ངས་ནི་སེམས་གསོ་དང་ཐུགས་གསོ་ཞེས་པའི་སྐད་ཆ་རིང་པོ་འདི་རྫོགས་རྗེས་འཇའ་ལྟར་ཡལ་ཞིང་གངས་བཞིན་ཞུ་བའི་སྐུ་ངོ་རྒྱག་པ་ཚང་གི་སང་ཉིན་གྱི་རྒྱལ་སྒོ་མཐོང་གི་འདུག་ཅིང་། སོང་ཉིན་གྱི་རང་དབང་དང་རང་དབང་མ་ཡིན་པའི་སྒོ་ཆེན་གྱི་འགྲམ་དུ་ཡིད་ཆད་དང་བློ་ཕམ་གྱིས་བྲིས་པའི་སྦྱར་ཤོག་རི་ལྟར་སྤུང་ངེས་བ་དྲན་གི

    དུས་ཚོད་ཀྱི་མདའ་རྩེ་རེ་རེ་ནས་ངས་ཡུལ་ཤུལ་མི་མང་གི་སྙིང་ཁ་ལུ་གུ་ལྡིང་ལྡིང་དང་། མིག་ཆུ་ཆར་བ་འབབ་འབབ་བྱེད་ཀྱིན་པའི་རྣམ་པ་དང་། འཇིགས་ཡེར་བའི་མུན་དོང་གི་གྲུ་ཟུར་རེ་རེ་ན་མགོན་དང་སྐྱབས་ལ་རེ་བའི་མིག་ཟུང་ཧྲིག་ཧྲིག་གིས་འགུལ་ཞིང་འཆི་ལ་ཉེ་བའི་བོད་མི་ཉམ་ཐག་དེ་ཚོ་དྲན་གི

    ཕུགས་བསམ་དང་རེ་བ་ཁྲི་ཕྲག་གི་ཐོ་ཡོར་ས་ལ་གཏོར་ཞིང་ཞེད་སྣང་དང་འཇིགས་སྐྲག་གི་ཚོར་བ་རུམ་གང་ཁྱེར་ཏེ། མི་ཡུལ་ལ་ཞེན་ཆགས་ཀྱི་ཕྱི་མིག་ཧྲིག་གེར་ལྟ་ཞིང་ལས་དབང་ལ་འཁང་སེམས་ཀྱི་འོ་དོད་ཤུགས་ཆེར་སྒྲོག་བཞིན། མི་ཡུལ་གྱི་ཁྱིམ་གཞིས་དང་གཏན་དུ་བྲལ་བའི་བོད་པ་ཚང་གི་ཡུལ་མི་ཉམ་ཆུང་དེ་ཚོ་ལྷག་ཏུ་དྲན་གི

    Reply
  7. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ྄༷༵ྂ༔྾

    Reply
  8. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲི༷

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese