མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོགས་གཉིས་ལ་གོ་སྐབས། རྔ་གཡང་ཕྱུག་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་གཡང་ཕྱུག་མོ།

བོད་ཀྱི་སྐྱེ་རྒུ་མདོའི་ས་འགུལ་ཁྲོད་བོད་མི་ཆིག་ཁྲི་ལྷག་གི་ཚེ་སྲོག་ཤོར་བ་དང་དེ་ལས་མང་པོར་རྨ་སྐྱོན་ཕོག་ཡོད་པ་མ་ཟད། ཡུལ་མི་ཁྲི་ཕྲག་མང་པོ་སྡོད་སའི་གནས་མེད་པར་ཁང་ཆག་ཞིག་རལ་ཁྲོད་ལྷག་ཡོད། གནས་སྟངས་འདི་འདྲའི་སྐབས་བོད་མི་ཚོས་རང་གིས་རང་ཉིད་བདག་བརྒྱབ་སོང་།

དཔལ་འབྱོར་ཐད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་པར་ཆགས་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིས། ང་ཚོ་བོད་མིའི་ས་འགུལ་ཐད་ལྷག་བསམ་རྣམ་དག་གིས་རོགས་རམ་ཞིག་བྱས་མ་སོང་།བོད་མིའི་སེམས་པ་རྒྱ་གཞུང་ལ་འཁོར་སྟེ་སྡོད་དགོས་ན། འདི་ནི་རྒྱ་གཞུང་ལ་མཚོན་ན་གོ་སྐབས་རྩ་ཆེན་ཞིག་ཡིན། གནས་སྟངས་སྐྱོ་བོའི་སྐབས་སུ་ཞིག་གི་ལྷག་བསམ་དག་པས་རོགས་བྱས་ན་དེ་ལ་དགའ་བོ་བྱེད་པ་ཆོས་ཉིད་རེད། བོད་མི་ཚོས་སི་ཁྲོན་ས་འགུལ་དང་ད་ཐེངས་ཀྱི་ས་འགུལ་གཉིས་བསྡུར་ནས་བལྟ་བཞིན་ཡོད། སི་ཁྲོན་ས་འགུལ་སྐབས་ཆུ་ཚོད་གཅིག་མ་སོང་གོ་ནས་ཛ་དྲག་མྱོར་སྐྱོབ་གྱེན་འཕུར་གནམ་གྲུ་ཉི་ཤུ་ཙམ་བསླེབས་ཡོད། ཐེངས་འདིའི་ས་འགུལ་བྱུང་སྟེ་གཟའ་འཁོར་གཅིག་སོང་ཡང་གྱེན་འཕུར་གནམ་གྲུ་ཞིག་མཐོང་རྒྱུ་མི་འདུག བོད་མི་ཚོ་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འདིས་གཅེས་ཕྲུག་ཅིག་ཏུ་བརྩིས་མི་འདུག ཡིན་ནའང་དགའ་འོས་པ་ཞིག་ལ་གནས་སྟངས་སྐྱོ་བོ་དེ་གཞིས་སྡོད་བོད་མི་ཚོས་རང་གིས་རང་ཉིད་བདག་རྒྱག་དགོས་པའི་འདུ་ཤེས་ཞིག་དང་བོད་མིའི་གོང་བུ་གཅིག་ཏུ་འཕོ་ཐུབ་ཡོད།

རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོས་སྐྱེ་རྒུའི་ས་འགུལ་ཐད་ཕྱིར་སྡོད་བོད་རིགས་ཚོ་གདུང་སེམས་མཉམ་བསྐྱེད་དང་ཞལ་འདེབས་འབུལ་བར་ཡོང་བར་སྣེ་ལེན་བྱེད་རྒྱུ་ཡིན་ཟེར། སྐད་ཆ་དེ་ནི་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས། བོད་ས་ཡོངས་ལ་རྒྱང་སྲིང་བྱས་ཡོད་པས་བོད་མི་ཚང་མས་གོ་ཡོད། གཞིས་སྡོད་བོད་མིའི་བསམ་བློའི་ནང་ཕྱི་ལོག་ནས་ཡོང་མཁན་ཡོད་ན་ཡོང་འཇུག་གི་ཡོད་པའི་བསམ་བློ་འཁོར་བཅུག་ཡོད།སྐད་ཆ་འདིའི་ཐད་བྱེས་སྡོད་བོད་མི་ཚོས་ལས་ཀ་ཞིག་ངེས་པར་དུ་བྱེད་དགོས།གོང་ས་མཆོག་དང་བོད་གཞུང་། ཚོགས་པ་འདྲ་མིན། བོད་མི་སྒེར་བ། ལྷག་པར་དུ་སྐྱེ་རྒུ་ས་ཁུལ་གྱི་བྱེས་སྡོད་བོད་མི་ཚོ་རྒྱ་ནག་གཞུང་ཚབ་ཁག་ཏུ་བསྐྱོད་དེ་ཐོངས་མཆན་དངོས་གནས་སྤྲོད་ཀྱིན་ཡོད་མེད་བལྟ་དགོས། སྤྲོད་ཀྱིན་ཡོད་ན་ནི་ང་ཚོར་དགོས་པ་དེ་རེད་ལ་། ས་འགུལ་ཁྲོད་ཀྱི་བོད་མི་ཚོར་བྱེས་ཀྱི་བོད་མི་ཚོ་དངོས་སུ་མཇལ་སྟེ་སྐྱིད་སྡུག་མཉམ་དུ་མྱོང་བའི་གོ་སྐབས་ཞིག་རེད། སྤྲོད་ཀྱིན་མེད་ན་ནི་མེད་པ་ལིང་ལ་བཏོན་སྟེ་བོད་མི་འདི་འདྲ་ཞིག་ལ་ཐོངས་མཆན་སྤྲད་མི་འདུག་ཟེར་བ་ཞིག་དགོས་ཀྱིན་འདུག དེ་ལྟར་མ་བྱུང་ན་རྒྱ་གཞུང་གི་སྐད་ཆ་འདིས་བོད་གཞིས་བྱེས་གཉིས་བར་དང་རྒྱལ་སྤྱིའི་ཁྲོད་བྱེས་སྡོད་བོད་མི་ཚོར་བལྟ་སྟངས་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ངེས་པས། བོད་མི་ཚོ་གནད་དོན་ཆུང་ཆུང་ལ་མགོ་མ་འཁོར་བར་སྐད་ཆ་འདི་དག་གནད་འགག་ཅིག་དང་གོ་སྐབས་ཞིག་ཏུ་མཐོང་ཐུབ་དགོས།

རྒྱ་གཞུང་གི་སྐད་ཆ་འདི་དོན་དངོས་ཆགས་སྟེ་གོང་ས་མཆོག་དང་བྱེས་སྡོད་བོད་མི་ཚོ་ས་འགུལ་གྱི་གོད་ཆག་ཕོག་ཡུལ་དུ་དངོས་སུ་བསྐྱོད་ཐུབ་ན། དེའི་རྐྱེན་གྱིས་བོད་མིའི་སེམས་པ་རྒྱ་གཞུང་ལ་ཕྱོགས་པར་ཕན་ཐོགས་ཡོད་ཅིང་། དེ་ལས་ལྡོག་ན་བོད་མིའི་སེམས་སུ་འཁོན་སེམས་མང་དུ་འགྲོ་ངེས་པར་མ་ཟད།རྒྱ་གཞུང་གིས་ས་འགུལ་ཐེབས་ཡུལ་དུ་འཛུགས་སྐྲུན་ཁོ་ནས་བོད་མིའི་སེམས་པ་དགུག་ཐུབ་པའི་བལྟ་སྟངས་འདིས་བོད་མི་ཚོར་གཡོ་འགུལ་ཐེབས་མི་སྲིད་ལ་བོད་མི་ཚོས་ཀྱང་འཛམ་གླིང་མཐོང་གི་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    རྔ་གཡང་ཕྱུག་མོ། la,

    What are you talking about?
    བོད་ཀྱི་སྐྱེ་རྒུ་མདོའི་ས་འགུལ་ཁྲོད་བོད་མི་ཆིག་ཁྲི་ལྷག་གི་ཚེ་སྲོག་ཤོར་བ་?????

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    མཚན་སྙན་ཡོད་པའི་བླ་ཆེན་དང་དཔོན་ཆེན་མང་ཙམ་ཕེབས་ཐུབ་ཡག་པོ་འདུག
    མི་མང་དཀྱུས་མ་ལས་ཁོང་རྣམས་དགེ་མཚན་ཆེ་བ་མཐོང་གི་འདུག
    འདི་ནིགུས་པའི་བསམ་ཚུལ་ཙམ་ཡིན།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ངས་གནད་དོན་གཉིས་གསེལ་དཀྲོལ་བྱེད་འདོད་བྱུང་། གཅིག ས་ཡོམ་ཞོགས་པའི་ཆུ་ཚོད་ ༧ སྐར་མ་ ༤༩ སྟེང་བྱུང་ཡོད། འོན་ཀྱང་མྱུར་སྐྱོབ་རུ་ཁག་ཕྱི་དྲོའི་ཆུ་ཚོད་ ༨ ཡས་མས་སུ་མ་གཏོགས་བསླེབས་མི་འདུག ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་དམག་མིའི་རླངས་འཁོར་བཞི་ཙམ་འབྱོར་འདུག་ཀྱང་། ཁོང་ཚོ་ཆུ་མཛོད་ཁ་བསྒྱུར་ལ་ཕྱིན་ཡོད།

    གཉིས། ཐད་འཕུར་གནམ་གྲི་ཕར་ཞོག གནམ་གྲི་ཆེ་བའི་ནང་དུ་མྱུར་སྐྱོབ་ཅ་དངོས་དང་རྨས་མ་རྣམས་ཟི་ལིང་དང་ཁྲིན་ཏུའུ། ཞིས་ཨན། ལན་གྲུ་སོགས་སུ་སྐྱེལ་འདྲེན་བྱས་ཡོད། དེ་ནི་བདུན་ཕྲག་གཅིག་གི་ནང་ཡིན་པ་མ་ཟད། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་རྒྱ་ནག་རྒྱ་ཡོངས་བརྙན་འཕྲིན་ཁང་སོགས་ཀྱི་ཐད་གཏོང་བརྙན་འཕྲིན་ལས་ལྟ་ཐུབ།

    ཐུགས་ནས་མ་བསྙེལ་རོགས། ང་ཚོས་སྐད་ཆ་བཟང་ངན་གང་བཤད་ཀྱང་དོན་དངོས་བརྗེད་མི་རུང་བར་འདོད། གསལ་འདེབས་ཙམ་ཡིན། དགོངས་དག

    Reply
  4. སྟོབས ། says:
    ལོ་ 16 སྔོན།

    ཐབས་ཟད་འུ་ཐུག་པའི་སྐབས་ལ་གོ་འཚོལ་བ་ནི་ཡག་རྟགས་ཤིག་མིན ། རྒྱ་ནག་གོ་སྐབས་དམ་འཛིན་བྱས་ནས་བྱེས་སྡོད་བོད་མི་ཚོ་ཤོག་ཟེར་བ་དེ་གོ་སྐབས་ཡག་ཤོས་རེད ། ཡིན་ནའང་འུ་ཅག་བཙན་བྱོལ་བས་ཀྱང་སྐྱེ་རྒུའི་ཤུལ་ལུས་སྤྲུན་ཟླ་ཡོང་ལ་ཤ་ཚ་སྙིང་བའི་་ཐོག་ནས་ཁོང་ཚོས་གནས་ཚུལ་སྡུག་ཏུ་མི་གཏོང་རྒྱུ་དེ་རེད། གལ་སྲིད་༧་གོང་ས་མཆོག་ཆིབས་བསྐྱུར་གནང་ཐུབ་མི་ཐུབ་ཀྱིས་ཐད་ཚང་མ་འུར་ཅིག་ལངས་ན་གནས་ཚུལ་སྡུག་ཏུ་འགྲོ་བས་ཉེན་ཁ་ཧ་ཅང་ཆེ ། འདིའི་ཐོག་ལ་གཟབ་གཟབ་བྱེད་དགོས ། ༧་གོང་ས་མཆོག་ཕེབས་ཐུབ་མི་ཐུབ་ཀྱི་དབང་ཆ་ཡོད་ལས་འུ་ཅག་བོད་པ་ཚོ་ལ་གཅིག་ཀྱང་མེད །

    Reply
  5. དཔལྡན་རྡོ་རྗེ། says:
    ལོ་ 16 སྔོན།

    འདི་གར་བལ་ཡུལ་གཞུང་ཚབ་ཁང་དུ་བོད་མི་ཁ་ཤས་སོང་འདུག་ཏེ། ཐོངས་མཆན་དངོས་གནས་སྤྲོད་ཀྱིན་ཡོད་མེད་དམིགས་གསལ་གནས་ཚུལ་གང་ཡང་མི་འདུག

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དེ་ནི་ཁ་ཚ་དགོས་གཏུག་གིས་ལས་ཀ་ཞིག་ཡིན། བྱུང་ན་བཀའ་བློན་ཞིག་དང་སྤྱི་མཐུས་ཁ་ཤས། དེ་བཞིན་ཚོགས་སྡེ་ཁག་གིས་ཚོགས་མི། ས་དགེ་བཀའ་རྙིང་གི་གདན་ས་རྣམས་ཀྱིས་མཐུས་མི་བཅས་ངེས་པར་ཕེབས་ཨེ་ཐུབ་བལྟ་དགོས། ཕེབས་མི་ཐུབ་ན་ནི་རྒྱ་མི་ལ་ལན་གཙང་མ་ཞིག་འཕྲོད་ཡི་ཡིན་ལ། ཕེབས་ཐུབ་པ་བྱུང་ན་ནི་ཡག་ཤོས་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese