མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་རྐྱེན་ལྟེ་བ་འགའ། ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

མྱུར་སྐྱོབ་ཅེས་པ་འདི་ལ་ངེས་པར་དུ་གོ་དགོས་པའི་གོ་དོན་ཞིག་ཡོད་པ་ནི། ཛ་དྲག་གི་གནས་སྟངས་འོག་ལྷུང་བའི་ཚེ་སྲོག་ཅིག་ཛ་དྲག་གིས་གསོན་ལམ་ལ་འཇུག་དགོས་པ་དེ་རེད། ཇི་ལྟར་མྱུར་ན་དེ་ལྟར་དུ་ཚེ་སྲོག་མང་པོ་སྐྱོབ་ཐུབ་གི་རེད། རྨས་སྐྱོན་ཕོག་མེད་མཁན་ཞིག་ལ་མཚོན་ན་ཉིན་ ༣ ནས་ ༧ གྱི་བར་ལ་ངེས་པར་དུ་སྐྱོབ་ཐུབ་དགོས། རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཞིག་ཡིན་ན་དུས་ཚོད་གཅིག་ནས་དུས་ཚོད་ཉེར་བཞིའི་ནང་དུ་མྱུར་སྐྱོབ་བྱེད་ཐུབ་དགོས། མྱུར་མ་མྱུར་དེ་ནི་གཞི་རྩའི་ནས་ཚང་མར་གཅིག་མཚུངས་ཡིན་རུང་། སྐྱོབ་དགོས་སའི་གང་ཟག་དེའི་གནས་སྟངས་ཀྱི་ཐོག་ནས་མྱུར་སྐྱོབ་ཅེས་པའི་ཚིག་དོན་འདིའི་དུས་ཚོད་ཀྱི་ཛ་དྲག་ཆེ་ཆུང་ལ་ཡང་འཕར་ཆག་ཡོང་གི་ཡོད།

ས་ཡོམ་ལྟ་བུར་མཚོན་ན་ས་འོག་ལ་ལུས་པའི་མི་དེ་དག་གི་གནས་སྟངས་ནི་འདྲ་མིན་སྣ་ཚོགས་ཡིན། དཔེར་ན། ཡུལ་ཤུལ་ས་ཡོམ་བརྒྱབ་ནས་དུས་ཚོད་ ༡༢༣ སྟེ་ཉིན་ ༥ འགོར་རྗེས་རང་ལོ་ ༦༨ ལ་སོན་པའི་རྒན་མོ་ཞིག་དང་། རང་ལོ་ ༤ ལ་སོན་པའི་བུ་མོ་ཞིག་བསྐྱབས་པ་ལྟར་རེད། ནུས་པས་འདེང་ན་དེ་དུས་ད་དུང་སྐྱོབ་ཐུབ་པ་དང་། དབུགས་ཆད་མ་ཁལ་དུ་མྱུར་སྐྱོབ་ལ་སྒུག་བསྡད་མཁན་གྱི་མི་གང་འཚམ་ས་འོག་ན་ཡོད་པ་གསལ་བོ་རེད། ཉིན་ ༥ རྗེས་སུ་གསོན་པོར་ས་ཁར་བུད་པའི་བྱིས་པ་དང་ལོ་ལོན་འདི་གཉིས་ཀྱིས་ཤ་དར་རུས་དར་ཡིན་པའི་དར་མ་མང་པོ་ཞིག་གི་ཤི་གོད་ལ་གོ་རྒྱུ་ཡོད་པའི་གསལ་བཤད་ཅིག་བྱས་ཡོད།

རྒྱ་ནག་གིས་ད་ཐེངས་ཡག་རབས་རྒྱན་རབས་བྱས་ཚུལ་བཤད་མཁན་ནི་ཕལ་ཆེ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་འཛམ་གླིང་གི་སྲིད་གཞུང་ཕལ་ཆེ་བ་རེད། ༧གོང་ས་མཆོག་གིས་མཚོན་པའི་བཙན་བྱོལ་བོད་གཞུང་དང་བོད་མི་ཕལ་ཆེ་བ་རེད། ཡིན་ཡང་། གནད་དོན་གཙོ་བོ་གསུམ་ནི་སྐབས་དེ་ནས་བཟུང་ངའི་ནང་ཁྲོལ་གྱི་མཐིལ་དེར་གཅུས་ལོག་རྒྱག་བཞིན་པའི་ཟུག་གཟེར་འགའ་རུ་གྱུར།

༡། རྒྱ་ནག་གིས་ད་ཐེངས་ཡར་ཐོན་ཆེ་བའི་རྒྱལ་ཁབ་དག་གི་ས་ཡོམ་མྱུར་སྐྱོབ་པ་རྣམས་ལ་ངོས་ལེན་བྱས་མེད། དེའི་རྒྱུ་མཚན་ནི་ཆབ་སྲེིད་ཀྱི་ཚོར་ཤུགས་དང་གསང་བའི་དབང་གིས་མིན་ཅེས་མི་དམངས་ཉིན་རེའི་ཚགས་པར་སྟེང་ལ་ཕྱི་ཚེས་ ༢༤ ཉིན་བཀོད་འདུག་ཅིང་། ངོས་ལེན་མ་བྱས་དོན་གཙོ་བོ་ནི་ས་བབ་མཐོ་སྟབས་ཕྱིའི་རོགས་སྐྱོར་བ་རྣམས་ཡོང་རུང་སོ་སོར་དཀའ་ལས་འཕྲད་རྒྱུ་ཙམ་ལས་ཡུལ་ཤུལ་མི་དམངས་སྐྱོབ་ཐུབ་གི་མ་རེད་ཅེས་པ་འདི་རེད། པེ་ཅིན་གྱིས་མྱུར་སྐྱོབ་གཏོང་འདོད་ཡོད་མཁན་རྒྱལ་ཁབ་མཐའ་དག་གི་གདེང་ཚོད་བཅག་ཅིང་། ཕྱི་རྒྱལ་བ་སུ་ཡིན་རུང་ཡུལ་ཤུལ་ལ་བསླེབས་ཚེ་མིག་སྔོན་པོ་ཀླད་ལ་འཁོར་རྒྱུ་ལས་མེད་ཚུལ་བཤད། ཡུལ་ཤུལ་གྱི་ས་བབ་ལ་དངོས་ཡོད་ལས་བརྒལ་བའི་འགྲེལ་བཤད་བརྒྱབ། མ་མཐར་ཡང་ཕྱི་རྒྱལ་གྱི་ཆེད་ལས་ས་ཡོམ་མྱུར་སྐྱོབ་པ་རྣམས་རྒྱ་ནག་གི་སྨད་རྒྱ་བ་དག་ལས་ལྷག་མིན་ནའང་དེ་ལས་སྡུག་ཡིན་དོན་མི་འདུག དོན་དངོས་ཐོག ཕྱི་རྒྱལ་གྱི་དམག་དོན་དང་མྱུར་སྐྱོབ་པ་རྣམས་ལ་སྤྱིར་བཏང་ས་བབ་འདྲ་མིན་ལ་དཔག་པའི་དམིགས་བསལ་སྦྱོང་བརྡར་ཡོད། མ་མཐར་ཡང་ཨེ་ཤ་ཡའི་ས་བབ་མཐོ་སའི་ལུང་པ་ཁ་ཤས་ནས་ཆེད་དུ་མྱུར་སྐྱོབ་པ་ཡོང་དགོས་པའི་འབོད་སྐུལ་ཞུ་འོས་ཀྱང་རྒྱ་ནག་གཞུང་གིས་དེ་ཡང་མ་བྱས་སྟབས། ཡུལ་ཤུལ་ས་ཡོམ་འོག་གི་ཤི་གྲངས་ཇེ་མང་དུ་ཕྱིན་ཡོད།

༢། ༢༠༠༨ ལོའི་མི་འབོར་ཞིབ་བཤེར་ལྟར་ན། སྐྱེ་རྒུ་མདོ་རུ་མི་འབོར་ ༩༠༩༨༧ ཡོད་པར་བཤད། ཡིན་ཡང་། ཐེངས་འདིར་རྒྱ་ནག་གཞུང་གིས་མྱུར་སྐྱོབ་པ་ ༧༠༠ ལྷག་བཏང་འདུག་མོད། དེ་དག་ནི་ས་བབ་མ་འཕྲོད་པ་དང་། ཐ་ན་ཁོང་ཚོས་ཁྲིད་ཡོང་བའི་ཁྱི་གུ་དེ་དག་ཀྱང་ས་བབ་མཐོ་དྲག་པའི་དབང་གིས་རྔ་མ་རྐུབ་ལ་དྲངས་འདུག་ཅེས་ཕྱི་ཚེས་ ༡༥ ཉིན་ས་གནས་དེར་ཡོད་པའི་ཉིན་རེའི་ཏར་འཕྲིན་གྱི་གསར་འགོད་པ་མོ་རེས་ལགས་ཀྱིས་ངའི་ཊི་ཝེ་ཊར་ནང་དུ་ལན་བཞག་འདུག སྤྱིར་བཏང་ད་ཐེངས་སྐྱེ་རྒུ་མདོའི་ཁང་ཁྱིམ་བརྒྱ་ཆ་ ༨༥ རྡིབ་པ་ནི་ཡོངས་གྲགས་རེད། དེས་ན་དེ་ལ་དཔག་སྟེ་མི་ ༣ རེ་ཡིས་མི་ ༡ རེ་སྐྱོབ་དགོས་པའི་དབང་དུ་བཏང་ན། ཉུང་མཐར་མྱུར་སྐྱོབ་པ་མི་འབུམ་ ༢ དགོས་ཀྱི་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་མྱུར་སྐྱོབ་པ་ ༧༠༠ བཏང་སྟེ་མི་ ༡ གིས་མི་ ༡༠༠ རེ་སྐྱོབ་དགོས་པའི་གནས་སྟངས་ཤིག་བཟོས་ཡོད། རྒྱ་ནག་གིས་ཕྱིའི་མྱུར་སྐྱོབ་པ་དག་བཀག་པའི་ཁར། རང་གི་མྱུར་སྐྱོབ་པ་ཚོས་ཀྱང་ཡུལ་ཤུལ་ནས་མྱུར་སྐྱོབ་ཀྱི་ལས་ཀ་བྱེད་ཐུབ་མི་འདུག དེ་བས་ཡུལ་ཤུལ་མི་དམངས་ཀྱི་ཤི་འབོར་དེ་མང་དུ་ཕྱིན་ཡོད།

༣། རྒྱ་ནག་གིས་ཉིན་དང་པོ་དང་གཉིས་པ་བཅས་ལ་གློ་བུར་དུ་རང་རང་ས་ནས་ལམ་ལ་ཆས་ཏེ་མྱུར་སྐྱོབ་ལ་ཡོང་མཁན་བོད་རིགས་རྣམས་འགོག་ཐུབ་མེད་ལ། ཁོང་ཚོ་བདུན་གཅིག་གི་རིང་ཕྱིར་འབུད་ཀྱང་བྱས་མེད། ཁོང་ཚོས་ཉིན་དང་པོ་དེར་མི་ ༧༠༠ ས་འོག་ནས་བཏོན་ཏེ་སྐྱབས་ཡོད། ཡིན་ཡང་། ཉིན་གསུམ་པ་ནས་བཟུང་ས་ཁུལ་གཞན་ནས་ཡོང་མཁན་བོད་མི་མྱུར་སྐྱོབ་པ་རྣམས་བཀག་འགོག་བྱས་ཡོད། དེའི་རྒྱུ་མཚན་ནི་ཡུལ་ཤུལ་མི་དམངས་རྐང་བཙུགས་ནས་ས་འོག་ལ་འཇུག་འདོད་ཀྱི་ཀུན་སློང་མིན་ཡང་། བོད་མི་སྟོང་སྐོར་དང་ཁྲི་སྐོར་མཉམ་དུ་འཛོམས་པ་ནི་ཆབ་སྲིད་ཀྱི་ཐད་ནས་ཚོད་དཔག་དཀའ་བའི་ཉེན་ཁ་གཞན་ཞིག་ཡིན་སྟབས། སྐྱེ་རྒུ་མདོའི་ས་ཡོམ་གྱི་ཆག་སྒོའི་སྟེང་ལ་སྐྱེ་རྒུ་མདོའི་བོད་མིའི་ཡར་ལངས་ཀྱི་གནས་ཚུལ་དེ་ལྷག་འདོད་མེད་པ་ནི་རང་བཞིན་ཞིག་ཡིན། དེར་བརྟེན། རྒྱ་ནག་གཞུང་ལའང་བྱ་ཐབས་ཟད་དེ་བོད་མི་རྣམས་བཀག་ཡོད། ཡུལ་ཤུལ་མི་དམངས་མྱུར་སྐྱོབ་ཀྱི་ལས་དོན་ཐད་མིག་མི་བཙུམ་རང་བཙུམ་གྱི་ཐག་གཅོད་འདི་བྱས་ཡོད། དེ་བས་ཡུལ་ཤུལ་མི་དམངས་ཀྱི་ཤི་གྲངས་མུ་མཐུད་ནས་འཕར་ཡོད།

ས་ཡོམ་བརྒྱབ་པ་ལ་སུས་ཀྱང་འཁང་ར་བྱ་རྒྱུ་མེད་རུང་། གོང་གསལ་དོན་གནད་གསུམ་འདི་ནི་ད་ཐེངས་ཀྱི་ཤི་གོད་ཆེན་པོ་འདི་ལ་ཐད་ཀར་དུ་འབྲེལ་བའི་ཀྲུང་དབྱང་གི་ཐག་གཅོད་གལ་ཆེན་ཁག་གསུམ་ཡིན། འདིའི་ཐད་ད་དུང་དཔྱད་པ་དང་ཞིབ་འཇུག་བྱ་རྒྱུ་མང་རུང་གནས་སྐབས་རིང་དུས་ཚོད་དང་རྒྱུ་ཆའི་དབང་གིས་འདི་ཙམ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. ལུང་རྟོགས། says:
    ལོ་ 15 སྔོན།

    འདི་བོད་ཡིག་གི་དྲ་རྒྱ་ཡིན་པས་འདི་ནང་ལ་དབྱིན་ཡིག་མ་བྲི་རོགས།

    Reply
  2. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    hi all tibetan brother and sisters, i just call tibet to my friend and he told me that, all tibetan children (every day)are sending to china to study, they will brain wash to our tibetan children.. our tibetan Government can do something for them.. tibetan government do something…….

    Reply
  3. དབྱངས་བུ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    epoch times ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་ཡོམ་བརྟག་དཔྱད་ཆེད་མཁས་པ་ ཧྲིན་ཙོང་ཕེ་དང་། ཡུའུ་ཞང་ཧོང་། ཀྲང་ཏེ་ལིང་སོགས་ཚུད་པའི་ཆེད་ལས་མཁས་པ་དག་གིས་ཀྲུང་གོར་ས་ཡོམ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཀྲུང་གོའི་ས་ཡོམ་འཛིན་སྐྱོང་ལས་ཁུངས་ཞེས་པས་ཉེན་བརྡ་དེར་བརྩིས་མེད་བྱས་ཤིང་། ལོ་འདིའི་ཕྱི་ཟླ་ ༣ པའི་ཚེས་ ༩ ཉིན་ཕྱིར་ལན་དུ། ཉེ་བའི་འབྱུང་འགྱུར་གྱི་དུས་ཡུན་རིང་ཀྲུང་གོར་གཏོར་སྐྱོན་ཆེ་བའི་ས་ཡོམ་ཅི་ཡང་ཡོང་མདོག་མི་འདུག་ཅེས་བཤད་ཡོད་འདུག

    Reply
  5. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    རྒན་ལགས། རྒྱ་ནག་གིས་སྐྱབས་བདེ་བོ་དང་ལས་སླ་བོ་ཞིག་ཡོད་ན་སྐྱབས་ཟིན་པས་འུར་སྒྲོགས་ཤིག་ཀུན་ལ་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་འགྲོ་སྟངས་རེད། འོན་ཀྱང་དོན་དངོས་ཐོག་སའི་འོག་ཏུ་གསོན་ཡོད་པ་གང་མང་ཞིག་ཡོད་ངེས་ཡིན་ལ་དེ་དག་ཁ་ཡོད་ལག་ཡོད་ཀྱིས་དམག་མི་ཚོས་སྐྱོབ་ཀྱི་མ་རེད། རྒྱུ་མཚན་ནི་ས་འགུལ་གྱིས་གནོད་འཚེ་ཡིན་སྟབས་འཛམ་གླིང་ཀུན་ལ་བཤད་བདེ་པས་རྐྱེན་ཡིན། ད་དུང་འཛམ་གླིང་གི་མི་འབོར་མང་ཤེས་ཀྱི་རྒྱལ་ཁབ་ཡིན་སྟབས་ཤི་ཚད་ཇི་ཙམ་མང་ན་རྒྱ་གཞུང་གིས་དེ་ཙམ་ཡག་ཏུ་མཐོང་བཞིན་ཡོད། ཡང་གཅིག་བཤད་ན་གནོད་འཚེ་འཕོག་ས་བོད་ཁུལ་ཡིན་སྟབས་ས་འོག་ཏུ་ཡོད་པ་རྣམས་ཀྱི་འཆི་གསོན་ལ་དེ་ཙམ་སེམས་ཁུར་མི་བྱེད་པར་འཕྲུལ་རིགས་ཀྱི་གཙང་བཟོས་ཆེད་གསོད་བཞིན་པ་ཡང་ཡོད་ངེས་ཡིན། དེ་མིན་ཐེངས་འདིར་རྒྱ་ནག་གིས་བོད་ཁུལ་ལ་རོགས་པ་བྱེད་བཞིན་ཡོད་པའི་རྣམ་འགྱུར་དང་གཏམ་བརྗོད་གང་མང་ཞིག་འཁྲབ་རྒྱུའི་གོ་སྐབས་ཀྱང་རྙེད་པ་ཡིན།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ལྟ་རང་ཐའི་ཝན་ལ་སྐྱེ་རྒུ་མདོའི་ས་ཡོམ་དང་གཅིག་མཚུངས་ཤིག་བརྒྱབ་འདུག ཤུགས་ཚད་ ༦་༩ རེད།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྦིའི་སྦིའི་གསར་ཁང་གི་གནས་ཚུལ་སྤེལ་དོན་བོད་གཞུང་དང་སྐུ་སྒེར་ནས་ས་ཡོམ་གྱི་གནོད་ཚེ་ཕོགས་ཡུལ་དུ་རྒྱལ་བ་རིན་པོ་ཆེ་ཕེབས་རྒྱུའི་སྙན་ཞུ་རྒྱ་དམར་གཞུང་ལ་བཏང་ཟིན་ཀྱང་རྒྱ་དམར་ད་དུང་ཡར་ལན་ཁ་གསལ་སྤྲད་མེད་ཞེས་ཁྱབ་སྒྲགས་བྱས་ཀྱང༌། དུས་བབ་ཚང་ནས་ད་དུང་དེའི་སྐོར་གནས་ཚུལ་སྤེལ་མེད་པ་རྒྱུ་མཚན་གང་ཞིག་ཡིན་ནམ། དྲྭ་གྲོགས་ཚོས་གསུང་རོགས།

    Reply
  8. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འུ་ཚང་ལ་སྐྱིད་སྡུག་གང་བྱུང་ཡང་འདི་བ་ཚང་གིས་ཆབ་སྲིད་ཀྱི་ཁྱབ་ཁུངས་སུ་བཙན་ཀྱིས་འཛུད་པའམ་ཐབས་མེད་དུ་འཚུད་འགྲོ་བ་འདི་ལ་བཟང་ས་ཞིག་ཀྱང་འདུག

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ས་ཡོམ་བརྒྱབ་པ་ལ་སུས་ཀྱང་འཁར་ར་བྱ་རྒྱུ་མེད་པ་ཞིག་མིན་སྙམ། དེར་ཡང་རྒྱུ་མཚན་ཡོད་འགྲོ་སྙམ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ལུང་རིག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese