མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇག་པས་རོགས་སྐྱོར་བ་བཅོམ་པ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྨྱུག་རྒོད་ཀྱི་ཟིན་བྲིས་ལས་བཤུས།

དེ་རིང་གྲོགས་པོ་ཞིག་གིས་བོད་ལ་ཁ་པར་བཏང་རྗེས་གནས་ཆུ༹ལ་གོ་ཐོས་ལྟར་ན། མཆོ༹་ལྷོ་བོད་རིགས་རིང་སྐྱོང་ཁུལ་གུང་ཧོ་རྗོ༹ང་བོད་རིགས་མི་དམངས་ཀྱིས་ཐེངས་འདིའི་སྐྱེ་རྒུ་མདོའི་གོད་ཆག་ཁྲོད་འདས་ཟིན་པའི་ནང་མི་དག་ལ་ཡང་བསྐྱར་བརྩེ་སེམས་མཆོ༹ན་བྱེད་དུ་ཕུལ་བའི་ཅ་དངོས་རླངས་འཁོར་འགའ་ཟི་ལིང་ནས་སྐྱེ་རྒུ་མདོའི་ཕྱོགས་ལ་བསྐྱོད་སྐབས་ལམ་བར་ནས་ཇག་པས་འཕྲོག་བཅོམ་བྱོས་སོང་ཟེར། རྒྱུ་མཆ༹ན་འདི་ལ་བརྟེན་ནས་ཐེམ་ཆེན་རྗོ༹ང་གི་རོགས་སྐྱོར་ཆོ༹གས་པ་ཁག་ད་དུང་སྐྱེ་རྒུ་མདོའི་ཕྱོགས་ལ་བསྐྱོད་རྒྱུ་ཐེ་ཆོ༹མ་སྐྱེས་བཞིན་ཡོད་ཟེར། ནམ་རྒྱུན་ཁམས་ཁུལ་དང་ཨ་མདོའི་རྔ་བ་ཕྱོགས་ཀྱི་བོད་རིགས་སྐྱེལ་འདྲེན་རླངས་འཁོར་གཏོང་མཁན་དག་ཁྲིན་ཏི་དང་ཟི་ལིང་སོགས་ཀྱི་ལམ་བར་ནས་ཅ་ལག་སྐྱེལ་འདྲེན་བྱེད་རྒྱུ་ཞེད་སྣང་སྐྱེས་བཞིན་ཡོད་ཟེར།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 17

  1. ནད་པ says:
    ལོ་ 15 སྔོན།

    བོད་ས་མ་ཤོར་གོང་མདོ་དབུས་ཁམས་གསུམ་དུ་མི་དང་རྟ་དྲེལ་ཡུལ་གྲུ་གཅིག་ནས་གཞན་དུ་ལ་ལུང་བརྒལ་ནས་ཉིན་མཚན་བསྟུད་མར་འགྲིམ་འགྲུལ་བྱེད་དུས་སུ་ལ་ལུང་སོགས་འགག་འཕྲང་ཅན་གྱི་སར་རྐུན་མ་དང་ཇག་པས་འཕྲོག་བཅོམ་བྱས་ནས་ལམ་བར་དུ་འཇིགས་སྐྲག་དང་དཀའ་ཚེགས་ཆེན་པོ་ཞེ་དྲག་རེད་འདུག

    རྒྱ་དམག་བོད་དུ་སླེབས་རྗེས་རྐུན་མ་དང་ཇག་པའི་འཕྲོག་བཅོམ་གྱིས་ལམ་བར་གྱི་འཇིགས་སྣང་ཆེན་པོ་དེ་དག་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་རྒྱ་ནག་དང་བོད་ཀྱི་ས་འབྲེལ་མཚམས་སུ་མཚམས་མཚམས་ལ་ཇག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་གོ་ཐོས་བྱུང་།

    ཡིན་ནའང་གུང་ཁྲན་ཏང་གི་ངོས་ནས་བཤད་ན་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དམག་དཔུང་དང་མཐུན་རྐྱེན་གང་སྤྱིར་དཀའ་ལང་མེད་ལ་རྐུན་མ་དང་ཇག་པ་ཟེར་བ་དེ་ལའཇིགས་སྣང་སྐྱེ་ཏེ་ལམ་བར་གྱི་དཀའ་ངལ་འཕྲད་གཞི་གང་ཡང་ཡོད་པ་མ་རེད་སྙམ།

    Reply
  2. གསེར་སྦྲང་། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་ཕལ་ཆེར་རྒྱ་དམར་གྱི་ཐབས་ཤེས་ཡིན་རྒྱུ་རེད།

    Reply
  3. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    བོད་ནང་དཀའ་ངལ་ཆེན་པ་ོའདི་འདྲ་འཕྲད་བཞིན་ཡོད་རུང་བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ཚོར་བ་སྤུ་ཙམ་མེད་པ་ནི་ཁ་གསལ་རེད་ དཔེར་ན་Belgium དུ་བྱུང་བའི་གནས་ཚུལ་གྱི་ར་སྤྲོད་ཐུབ། ཡིན་ན་ཡང་གནས་ཚུལ་དེར་ངོ་མཚར་ཆེ་བ་ནི་གང་ཡང་མཐོང་གི་མི་འདུག། དགོངས་ཚོགས་དེ་ནི་ཚོགས་པ་དང་མི་དམངས་མང་པོ་འུ་འབོད་ཐོག་ནས་ཤུགས་གནོན་སྤྲད་པ་ལས་ ཁོ་རང་ཚོས་ཀུན་སྤྱོད་བཟང་པའི་ཐོག་ནས་དགོངས་ཚོགས་ཕྱིར་འཐེན་བྱས་པ་ཞིག་མཐོང་གི་མི་འདུག་པས་ དེ་ནི་ངོ་མཚར་ཆེ་དགོས་པ་གང་ཡང་མི་འདུག། དེ་ནི་བོད་རིགས་མི་དམངས་གི་སྒེར་སེམས་ཆེ་བའི་སྤྱོད་པ་དེ་མངོན་འདུག།
    ད་དུང་སྨྲ་བརྗོད་རང་དབང་ལགས་སུ་བཀའ་འདྲི་བཞུ་རྒྱུར་ ཚོགས་པ་ཁག་གི་འགན་འཛིན་རྣམ་པ་དང་མི་མང་ཁ་ཤས་ངུ་འབོད་བྱེད་དགོས་བྱུང་ཞེས་པ་དེ་༼ངུ་འབོད་༽བྱེད་དགོས་བྱུང་བ་ཡིན་ནམ་ཚིགས་ནོར་ཡིན།།།

    Reply
  4. འཁྲུངས་སྐར། says:
    ལོ་ 15 སྔོན།

    དེ་ངཞིན་དྲང་བདེན་དང་མང་གཙོ་ཡིན་གསུང་བཞིན་ཕྱོགས་ཞེན་ལ་ལྟོས་དང་
    རྒྱ་མི་ལས་མི་སྡུག་གམ དཔྱད་པའི་གཞི་ཡིན་ཡ།།

    Reply
  5. འཁྲུངས་སྐར། says:
    ལོ་ 15 སྔོན།

    རྒྱ་མི་ལ་ཡག་སྡུག་ཡོད་ཡ། བོད་པ་ལ་ཡང་དེ་བཞིན་ཡིན་ཡ། ལྟོས་དང་རང་གི་མིང་དང་ཁེ་སང་ཆེད་ཇོ་ནང་ཡིན་ཟེར་མཁན་དང་་་་་་་་་་་

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    བོད་ཀྱི་ཇག་པ་རྒྱ་མི་ཡིན།་སྐབས་འདིའི་ཇག་པ་ཡང་རྒྱ་མི་ཡིན་ཐག་གིས་ཆོད།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྐད་ཆ་འདི་དག་དགྲ་གཉེན་སུའི་སྐད་ཆ་ཡིན་པ་དང་། རྒྱབ་ལྗོངས་ཅི་འདྲ་ཡོད་པ་བཤད་དཀའ་བ་ཞིག་རེད་ཞེས་མི་རྐང་གླིང་བུས་གསུང་པར་འདིར་གོ་རྒྱུ་ཞིག་ཡོད།
    ཚང་མས་དགོང་པ་བཞེས་དགོས། དུས་སྐབས་ཟང་ཟིང་དང་ཡུལ་སྡེ་བདེ་འཇགས་མེད་པའི་གོ་སྐབས་བཟུང་ནས་སྐབས་འཚོལ་རིང་ལུགས་པས་བྱ་བ་གཉེར་མཁན་ཇེ་མང་ཡིན་པས་གནས་ཚུལ་ག་རེ་ཡིན་ཀྱང་དཔྱད་པ་གསུམ་གྱི་ལམ་ནས་འཇུག་ལྡོག་བྱ་དགོས་པ་ཡིན།

    Reply
  8. མགོ་རུལ། says:
    ལོ་ 15 སྔོན།

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

    Reply
  9. karma dorje says:
    ལོ་ 15 སྔོན།

    ཇག་པས་རོགས་སྐྱོར་བོད་ནང་བཅོམ་པ་ལ། སྨྲ་བརྗོད་རང་དབང་ཟེར་མཁན་འདིས། ཤ་ཁྲག་གཅིག་པའི་བྱས་རྗེས། Belgium ནང་ལ་བརྩད་གཅོད་བྱས་དགོས་དོན་གང་ཡིན་ནམ།

    Reply
  10. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ——————————————————————————–

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཆུ༹ལ་ལྟར་ན། ས་གནས་Belgiumནས་བོད་མི་ཡིན་པ་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  11. སྟོབས ། says:
    ལོ་ 15 སྔོན།

    ཝ་ཡེ་ཟེར་བ་ཙམ་གྱིས་མཆན་གི་གོབ་མི་ཆོད་པ་མ་ཟད་ས་འངཆ་འཕྲོ་བརླག་དུ་བཏངས་པ་ཞིག་རེད

    Reply
  12. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    hallo

    Reply
  13. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    hallo

    Reply
  14. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    གང་ཟག་སུའི་ལག་ནས་ཅ་དངོས་ཅི་ཞིག་འཕྲོག་སོང་བ་གསལ་བཤད་བྱེད་རྒྱུ་མེད་ན་ཕུན་ཚོགས་དང་ཕུན་ཚོགས་ཅན་རྣམས་ངའི་སྔོན་ནས་སྐད་རག་མ་བཅིང་རོགས། གཉིད་གཏམ་ལྟ་བུའི་སྐད་ཆས་བདེན་རྫུན་ཤན་འབྱེད་བྱེད་མི་ཐུབ། རྒྱུ་མཚན་དེས་ན་ངས་གསར་འགྱུར་གྱི་ཁུང་བཙལ་རོགས་ཟེར་བ་ཡང་དེ་ཡིན།

    Reply
  15. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཇག་པ་ལྟས་ན་རྐུ་མ་སྐྱབས་སུ་འཆི་ཞེས་པའི་དཔེ་ལྟར། མི་བསད་མེད་ན་ཡག་པོ་རེད། ཡང་གཅིག་བཤད་ན་ཇག་པ་དེ་ལས་ངན་ཕག་གི་ཟ་རྒྱུ་གཅིག་རེད། རོགས་སྐྱོབ་ཀྱི་དངོས་རྫས་སོགས་བཅོམ་ཐུབ་པ་དེ་ངོ་མ་སྤྱང་ཀི་འདྲ་བ་ཞིག་རེད་འདུག

    Reply
  16. ཕུན་ཚོགས ། says:
    ལོ་ 15 སྔོན།

    མི་རྐང་གླིང་བུ་ལགས།ཁྱོད་ཀྱིས་གླེན་བཤད་མ་རྒྱག་་ཁྱོད་ཀྱིས་བོད་པ་ཡོངས་རྫོགས་རྡོག་རྫ་གཅིག་ཏུ་སྒྲིལ་ཡོད་ཚུལ་ནི་ཁྱོད་ཀྱིས་གསར་ལམ་ཁག་ནས་མཐོང་བ་དང་ཐོས་པ་རྐྱང་ཡིན།དེ་ནི་ཤུགས་རྐྱེན་དང་གནས་བབ་ཆེ་ཆུང་གི་དབང་གིས་བཤད་པ་དང་།དགོས་མཁོ་དང་དམིགས་ཡུལ་གྱི་ཆེད་དུ་ཤོད་དགོས་པ་སོགས་ཡོང་གི་ཡོད།སྤྱི་ཚོགས་ཀྱི་ཟ་དང་ཟུར་དུ་གནས་པའི་གནད་དོན་དང་སྤྱི་ཚོགས་ཀྱི་གནས་བབ་ཡོངས་མི་ཤེས་པའི་མི་ནི་སྤྱི་ཚོགས་གང་དུ་འང་ཡོད་སྲིད་པ་ཞིག་ལགས་པས།ཁྱོད་རང་ཧང་སང་དགོས་པ་ཅི་ཡང་ཡོད་པ་མ་རེད།

    Reply
  17. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    སྐད་ཆ་འདི་དག་དགྲ་གཉེན་སུའི་སྐད་ཆ་ཡིན་པ་དང་། རྒྱབ་ལྗོངས་ཅི་འདྲ་ཡོད་པ་བཤད་དཀའ་བ་ཞིག་རེད། ངས་ལྟས་ན་ཟི་ལིང་ནས་སྐྱེ་དགུ་མདོའི་བར་དུ་དམག་མི་ལུ་གུ་རྒྱུད་དུ་ཡོད་ཚུལ་འདུག་པས་ཇག་པས་འཕྲོག་སོང་ཟེར་བ་དེ་རྣ་བར་འགྲོ་དཀའ་བའི་སྐད་ཆ་ཞིག་རེད། ཇག་པ་དེ་ཡང་བོད་རིགས་ཡིན་པའི་སྐད་ཆ་ཤུགས་ལ་བཤད་ཡོང་ཀི་འདུག་པས་དེ་ཡང་རྒྱུ་མཚན་ཅིག་འདུག
    ད་ལྟའི་སྐབས་སུ་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཡུལ་ཤུལ་ས་ཡོམ་གོད་ཆག་འདི་ལ་ཁུར་མཉམ་ལེན་བྱེད་ཀྱི་ཡོད་པ་འདི་ལ་ལྡོག་ཕྱོགས་ཀྱི་སྣང་ཚུལ་ཞིག་སྤྱི་ཚོགས་སློང་གི་མེད་དམ་སྙམ། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།
    གསར་འགྱུར་གྱི་ཁོང་གསལ་པོ་བཙལ་རོགས། དེ་ནས་སྐད་ཆ་བཤད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese