མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་ལ་གནོད་མ་བསྐྱལ་རོགས། བསྟན་འཇམ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་འཇམ་དབྱངས།

ཉེ་བའི་ཆར་རླུང་འཕྲིན་དང་བརྙན་འཕྲིན་དྲ་ངོས་སོགས་ནས་རྩོམ་པ་བོ་ཞོགས་དུང་རྒྱ་ནག་གིས་བཀག་སྐྱིལ་ཐད་ལ་བགྲོ་གླེང་སྣ་ཚོགས་ཞིག་བྱེད་རྒྱུ་འདུག  སྤྱིར་ཡིན་ན་མི་ཉེས་མེད་ཞིག་ལ་སྐྱོན་འཛུགས་བྱས་ནས་བཙན་པོས་གཉའ་གནོན་ཀྱིས་བཙོན་ཁང་དུ་ཁྲིད་ན་སེམས་སྡུག་གི་སྐད་ཆ་དང་ལབ་གླེང་སོགས་རང་འགུལ་ཏུ་ཕྱི་ལ་ཤོར་ཡོང་། འདི་ནི་མི་སེམས་ཀྱི་དགོས་དབང་ཞིག་དང་སྐྱོ་སྣང་གི་ན་ཟུག་ཞིག་ཀྱང་རེད། འུ་ཅག་ལ་ན་ཟུག་དང་སྐྱོ་གདུང་ལོས་ཡོད། ཡིནའང་། གསར་འགྱུར་བརྒྱུད་ལམ་དུ་ཞོགས་དུང་གི་གནས་ཚུལ་ཁྱབ་བསྒྲགས་བྱེད་མཁན་རྣམས་ཀྱིས་གཟབ་གཟབ་བྱེད་དགོས། ཁོང་བཀག་འགོག་བྱས་ཡོད་ཀྱང་རེ་བ་བཟང་ས་ནས་བརྒྱབ་སྟེ་གྲལ་སྒྲིག་སྡུག་ས་ནས་བྱེད་བཞིན་གསར་འགྱུར་ཁག་ཏུ་དྲང་བདེན་དང་ཕྱོགས་སློང་མེད་པའི་སྒོ་ནས་ཁྱབ་བསྒྲགས་ལེགས་པོ་བྱེད་རྒྱུ་གལ་ཆེ།

གསར་འགོད་པ་དང་ཟིན་བྲིས་པ་སྐོར་ཅིག་གིས་ཞོགས་དུང་གི་མ་འོངས་པའི་མི་ཚེའི་མདུན་ལམ་ཐད་ལ་འདང་ཅུང་ཙམ་ཞིག་ཀྱང་རྒྱག་གི་མི་འདུག  ཨ་འབྲུག་དཀོན་མཆོག་གིས་རྒྱ་ནག་གིས་ཞོགས་དུང་བཟུང་། ཞོགས་དུང་གིས་རྒྱ་ནག་བཟུང་ཞེས་འདི་ལྟར་བྲིས་པ་ནི་རྒྱ་ནག་གིས་ཁོང་ལ་ལྟ་སྟངས་སྡུག་ཏུ་འགྲོ་བ་དང་།  འདི་ནི་བསྟོད་མི་ཤེས་ནི་ཞིག་གིས་བསྟོད་པ་ལས། དམད་མི་ཤེས་ནི་ཞིག་གིས་དམད་ན་དགའ་ཞེས་པའི་དཔེ་ལྟར་འགྲོ་ངེས་ཏེ། ཁོང་ལོ་གཅིག་ལ་བཙོན་དུ་འདུག་དགོས་ན་ལོ་བཅུ་ལ་མི་འཕར་བའི་ངེས་པ་ག་ལ་ཡོད།  རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ནས་ཐག་གཅོད་བྱེད་ངེས་རེད།  ད་དུང་ཁ་གསལ་བོ་བྱས་ནས་ཞུས་ན། རོང་རྒྱས་ཨ་གྲགས་ཟེར་བའི་དཔའ་བོ་དེ་ལ་བོད་ཀྱི་གཞོན་ལྷན་གྱིས་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་སྤྲད་པ་ལས་ཁོང་ལ་ལོ་གཉིས་འཕར་སྣོན་གྱིས་བཙོན་ཁང་དུ་འདུག་དགོས་བྱུང་བ་རེད། སྤྱིར་བཏང་ཁོང་ལ་གཟེངས་རྟགས་ཕུལ་ལོས་དགོས་མོད། ཡིན་ནའང་།  ཁོང་རྒྱ་ནག་གི་བཙོན་ནས་ཉིན་གཅིག་རིང་བཞུགས་པའི་ན་ཟུག་དང་གཅར་རྡུང་སོགས་ལ་ཐུགས་བསམ་བཞེས་ཨེ་མྱོང་།  

འུ་ཅག་ལ་མི་འདི་ལྟ་བུའི་བསམ་བློ་བ་ཉུང་ཉུང་ཡིན་སྟབས་ཁོང་མྱུར་ཏུ་གློད་གྲོལ་ཐོབ་པའི་འབད་བརྩོན་བྱ་དགོས། དེ་ལས་ལྡོག་ཏེ་ཁོང་ལ་བཟང་བསྟོད་དང་ལ་རྒྱ་ཡོད་ རབས་དཔའ་བོ་ཡིན་རབས་སོགས་བཤད་ནས་ལོ་བཅུ་གྲངས་འགའི་བཙོན་ཐག་གཅོད་དུ་བཅུག་ན་འུ་ཚོ་ལ་ཅུང་རྒུད་ཡིན་པ་མ་ཟད། ཁོང་དང་ཁོང་གི་ནང་མི་ལའང་དོ་ཕོག་ཚབས་ཆེན་བཟོས་ཡོད་པ་བུ་མོ་ཡེ་ཤེས་འཚོ་མོའི་སྐད་ཆ་ལས་གསལ་པོར་ཤེས་ཐུབ། 

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྟག་ལྷ་རྒྱལ་གྱིས་ཞོགས་དུང་གི་གནས་ཚུལ་རླུང་འཕྲིན་བརྒྱུད་ནས་སྒྲོགས་རྒྱངས་བྱེད་སྐབས། བཙན་བྱོལ་བོད་གཞུང་དང་བཀའ་ཤག་གིས་དོ་སྣང་བྱས་མ་སོང་ཞེས་མི་འདོད་པའི་སྐད་ཆ་འགའ་བཤད་བྱུང་། གསར་འགོད་པ་དང་རྩོམ་པ་པོ་འགའ་རེས་ཞོགས་དུང་ལ་གནོད་བསྐྱལ་བ་ལས་ཕན་བཏགས་མེད་པ་ཚང་མས་ཤེས་ནུས།   མདོར་བསྡུས་ན།  མི་རིགས་རང་ཉིད་ཀྱི་སྐྱིད་སྡུག་བརྗོད་པའི་དཔེ་དེབ་དང་འོད་སྡེར་སོགས་ཐ་ན་སྐད་ཆ་གཅིག་གིས་ཀྱང་མི་ཚེ་བཙོན་ཁང་དུ་སྡོད་དགོས་ཐུག་པ་ནི་འུ་ཅག་ལ་རང་དབང་ཡོད་སོང་བ་རེད་དམ་མེད་སོང་བ་རེད། རྒྱུ་མཚན་དེ་བས་ན་ཞོགས་དུང་ཁོང་ལའང་མིའི་རང་དབང་དང་། འདྲ་མཉམ།  ཐོབ་ཐང་དགོས་པའི་དགོས་པའི་ལས་འགུལ་སྤེལ་རྒྱུ་ལས། ཁོང་གི་ནང་སེམས་ཀྱི་འཆར་སྣང་དང་རྣམ་དཔྱོད་སོགས་ལ་སྡོམ་ཚིག་འཇོག་རྒྱུ་ད་ལྟ་སྔ་དྲགས་འདུག་སྙམ།

འབྲེལ་ཡོད་གསར་འགྱུར།

Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

སྐར་མ ༡༦ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༣ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༢༠༢༥/༠༦/༢༦

མཆན། 17

  1. སློང་མོ་བ། says:
    ལོ་ 15 སྔོན།

    སྐུ་ཞབས་བསྟན་འཇམ་ལགས།
    ཁྱེད་ཀྱི་ཞོགས་དུང་ལ་སེམས་ཁུར་ཆེན་པོ་གནང་འདུག་ཐུགས་རྗེ་ཆེ་ཞུ། བཤད་པའི་གཏམ་ལ་གོ་རྒྱུ་འདུག འོན་ཀྱང་༼དམད་ཤེས་ནི་ཞིག་གི་དམད་ན་དགའ༽རེད་དགོངས་པ་མ་ཚོར།

    Reply
  2. ཚེ་རིང་རྡོ་རྗེ says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།

    དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།

    སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
    དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།

    གཅིག
    བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
    གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།

    གཉིས།
    ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།

    གསུམ།
    མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
    རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།

    བཞི།
    རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།

    གཉིས་པ།
    བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།

    གཅིག
    ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།

    གཉིས།
    བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།

    གསུམ།
    བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།

    གསུམ་པ།
    བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།

    གཉིས།
    གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ལ་གནོད་སྲིད།

    མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།

    ཚེ་རིང་རྡོ་རྗེ་ནས།

    ༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།

    Reply
  3. བྲ་རྡོར says:
    ལོ་ 15 སྔོན།

    འོ་དགོངས་དག་ཞུ་ཡིག་ནོར་ཤོར་བ་དེ་ཚོ་ང་ལ་ཡོན་ཏན་མེད་པས་འབྲིས་བུ་རེད།ཡིན་ནའང་གཞན་ལ་ཕན་མི་ཐོག་པའི་ཁྱབ་བསྒྲགས་ཞིག་ལ་དོན་ལ་དེ་འདྲ་མ་བྱས་ན་བཟང་།དམག་མི་དང་ཁོང་ཚོགཅིག་པ་རེད།ང་ཚོའི་ཁོང་ཚོའི་ཆེད་དུ་ལས་འགུལ་རེ་སྦེལ་ན་བཟང་ཕྱོགས་ལ་བསམ་ཤེས་མི་བྱེད་པ་མ་ཟད་མི་ཁོ་རང་ལ་དེ་ལས་བསམ་ཤེས་མ་བྱས་ན་རྒྱལ་སྤྱིའི་ཐོག་དམག་ལ་ལྟ་སྟིང་དང་གཅིག་མཚུངས་ཆག་པ་རེད།དམག་མི་ལ་མི་སུ་ཡིན་ན་འངཁོང་གི་མི་ཚེ་དང་རང་དབང་འཚོལ་ཕྱོགས་ལ་བསམ་ཤེས་བྱེད་མྱོང་མེད།དེ་ཡང་ནོར་བ་ཞིག་ལས་མ་འདས།

    Reply
  4. རོ་བདག says:
    ལོ་ 15 སྔོན།

    ངོ་མ་བདེན་པ་རེད། བསམ་ཚུལ་ཡག་པོ་བྲིས་འདུག ཚང་མས་བསམ་བློ་ཡག་པོ་གཏོང་རོགས་ཞུ། ཕན་མི་ཐོག་ན་གནོད་མ་བྱེད།

    Reply
  5. མགོ་རུལ། says:
    ལོ་ 15 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    ཅི་ཡང་མ་བཤད་པར་བསྡད་ན་ནི་བརྩན་བྱོལ་གཞུང་དམང་གཉིས་ནས་གང་ཡང་བྱས་མ་སོང་ཞེས་སྐྱོན་བརྗོད་བྱེད་གི་རེད་ལ། བྱས་བྱས་བཏང་བཏང་ཤད་ན་ཡང་ཁོང་ལ་གནོད་བསྐྱལ་བ་རེད་ལབ་གི་རེད། ད་གང་ཞིག་བྱེད་དགོས་པ་ཡིན་ནམ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཡ་ཐ། ངུ་མཁན་མཐོང་བས་ངུ་རྙིང་བྲོ། གོད་མཁན་མཐོང་ན་འགོད་རྙིང་བྲོ་ཟེར་བ་ལྟར། གནས་བབས་ཅི་ཡང་མ་རྟོགས་པ་འུར་བཤད་ལུང་པ་གང་བྱས་ཀྱང་དེ་ལ་ཡང་རྒྱབ་སྐྱོར་དང་མོས་མཐུན་ཡོད་རབ་དང་རྒྱུ་མཚན་ཀྱང་མང་དག་དྲངས་བཞིན་འདུག། འུར་བཤད་བྱ་མི་རུང་བའི་རྒྱུ་མཚན་བཤད་ན་དེ་ཡང་རྒྱབ་བསྐྱོར་ཡོད་ལུགས་ལུང་པ་གང་བཤད་ཡོང་དུས་དངོས་ནས་གང་ལ་ཆ་འཇོག་དགོས་སམ། དངོས་གནས་གང་ལ་རྒྱབ་བསྐྱོར་ཡོད་དམ། ཙ་མ་སིང་། དུས་རབ་ཀྱི་སྨྱུག་འཛིན་པ་རྣམས་ཌ་མ་རུ་སྤུན་ཟླ་རང་རེད།

    Reply
  8. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    བསྟན་འཇམ་གྱིས་བཤད་པ་ཤིན་ཏུ་བདེན།
    དེ་སྔོན་བོད་ནང་དུ་ཡོད་པའི་ངའི་གྲོགས་པོ་ཞིག་གིས་དེའི་སྐོར་བཤད་སོང་། སྔོན་མ་ཞིག་ལ་ཁོང་འདི་ནས་ཕར་བོད་ལ་ལོག་སྐབས་བལ་བོད་ས་མཚམས་སུ་ཅུང་རྙོག་གྲ་བྱུང་སོང་ཟེར། རྙོག་གྲ་དེ་བྱུང་མ་ཐག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ཀྱིས་ཁོང་གི་མིང་དང་ལོ་རྒྱུས་བཅས་པ་རླུང་འཕྲིན་ནང་དུ་བསྒྲགས་པས་རྙོག་གྲ་ཆེ་རུ་བཏང་ནས་ཅི་བྱ་ཏོལ་མེད་དེ་འདྲ་ཆགས་སོང་ཟེར། མ་གཞི་གསར་འགོད་པའི་ཀུན་སློང་ལ་ལྷད་ཡོད་ཀྱི་མ་རེད་དེ་ནམ་རྒྱུན་ནས་གནས་ཚུལ་བརྒྱུད་ལམ་ཁག་ཏུ་གཏོང་དུས་བསམ་གཞིག་མང་པོ་ཞིག་མ་བྱས་ན་འགྲིག་གི་ཡོད་ས་མ་རེད།
    ད་དུང་ད་ལོ་བོད་ནང་གི་སློབ་གྲྭ་ག་གེ་མོ་ཞིག་ཏུ་ཆབ་སྲིད་ཀྱི་གནས་ཚུལ་ཅུང་ཞིག་ལྷག་སྐབས་དང་ཐོག་དམ་དྲག་དེ་ཙམ་མེད་ཀྱང་། བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་ཕྱིར་བསྒྲགས་བྱས་པས་སློབ་གྲྭའི་ནང་དུ་དཀའ་ངལ་ཆེ་རུ་བཏང་སོང་ཞེས་དངོས་སུ་མཐོང་ཐོས་བྱུང་བ་འགྲེལ་བརྗོད་བྱས་བྱུང་།
    ང་ཚོ་འདིར་རང་དབང་ལུང་པའི་ནང་དུ་གང་བཤད་བཤད་ཡིན་སྙམ་ནས་གང་བྱུང་སྦིར་གྲགས་བྱེད་རྒྱུ་མི་འདུག ལྷག་པར་དུ་བོད་ནང་གི་གནས་ཚུལ་དག་བརྒུུད་ལམ་ཁག་ནས་བསྒྲགས་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་འདུག་གོ།།

    Reply
  9. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    དོན་དག་ཆུང་ཆུང་ཐད་ལན་འདེབས་བྱེད་རྒྱུར་དགའ་བོ་མེད། སྐུ་ཞབས་བསྟན་འཛིན་འཇམ་དབྱངས་ཀྱིས་བཤད་པ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་རེད། འོན་ཀྱང་ངས་རྩོམ་ཐུང་དེས་ཞོགས་དུང་ལ་གནོད་སྐྱེལ་བར་ངོས་འཛིན་བྱས་ན་དེ་ངས་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ཞོགས་དུང་གི་ཆེད་དུའང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག
    ངས་རྒྱ་གཞུང་གིས་རྒྱལ་ཁབ་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་བའི་གནས་ཚུལ་ལ་ཞོགས་དུང་གིས་དབྱེ་ཞིབ་བྱས་པ་ཞིག་བརྗོད་ཡོད་པ་ལས་ཞོགས་དུང་གིས་ཁྲིམས་འགལ་ཞིག་བྱས་ཡོད་པ་དངོས་ཤུགས་གང་ནས་བརྗོད་མེད་ལ་བརྗོད་རྒྱུ་ཡང་མེད་པ་རེད།
    དོན་དམ་དུ་ཞོགས་དུང་འཛིན་བཟུང་བྱེད་པའི་ཉིན་ནས་རྒྱ་ནག་གིས་དུས་རྒྱུན་ཉེས་འགེལ་བྱེད་པའི་སྐད་ཆ་སྟེ། རྒྱལ་ཁབ་ཁ་བྲལ་གྱི་བྱ་གཞག་དང་འབྲེལ་ཚུལ་ཉེས་འཛུགས་བྱས་འདུག

    དོན་དམ་དུ་ཞོགས་དུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྲུང་སྐྱོབས་དང་རྩ་ཁྲིམས་དང་མཐུན་པའི་སྐད་ཆ་བཤད་པ་དེ་རྒྱལ་ཁབ་སྲུང་སྐྱོབ་ལས་ཁ་བྲལ་གྱི་གནད་དོན་མིན་པ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཡོད་མཁན་ཚང་མས་ཤེས་ཀྱི་རེད། འོན་ཀྱང་མ་ཉེས་ཁ་གཡོགས་དང། ཉེས་འཛུགས་བྱེད་ཁག་འཇོག་བྱེད་ས་ཞིག་དགོས་པ་ནི་རྒྱུ་གཞུང་གི་རྒྱུན་སྤྱོད་རེད།
    དེ་ནས་ངས་ཞོགས་དུང་ལ་བསྟོད་སྨད་གང་ཡང་བྱས་མེད། ང་ཚོས་སྤྱི་ཚོགས་འདིར་བསྟོད་སྨད་གང་ཞིག་དང་མ་འབྲེལ་བའི་བསམ་ཚུལ་བཤད་ན་འགྲོ་རྒྱུགས་མེད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ངས་བསྟོད་སྨད་གཉིས་ཀྱི་བར་ན་ད་དུང་དབྱེ་ཞིབ་ཀྱི་བཤད་བྱེད་སའི་ས་མིག་ཆུང

    Reply
  10. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    དོན་དག་ཆུང་ཆུང་ཐད་ལན་འདེབས་བྱེད་རྒྱུར་དགའ་བོ་མེད། སྐུ་ཞབས་བསྟན་འཛིན་འཇམ་དབྱངས་ཀྱིས་བཤད་པ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་རེད། འོན་ཀྱང་ངས་རྩོམ་ཐུང་དེས་ཞོགས་དུང་ལ་གནོད་སྐྱེལ་བར་ངོས་འཛིན་བྱས་ན་དེ་ངས་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ཞོགས་དུང་གི་ཆེད་དུའང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག
    ངས་རྒྱ་གཞུང་གིས་རྒྱལ་ཁབ་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་བའི་གནས་ཚུལ་ལ་ཞོགས་དུང་གིས་དབྱེ་ཞིབ་བྱས་པ་ཞིག་བརྗོད་ཡོད་པ་ལས་ཞོགས་དུང་གིས་ཁྲིམས་འགལ་ཞིག་བྱས་ཡོད་པ་དངོས་ཤུགས་གང་ནས་བརྗོད་མེད་ལ་བརྗོད་རྒྱུ་ཡང་མེད་པ་རེད།
    དོན་དམ་དུ་ཞོགས་དུང་འཛིན་བཟུང་བྱེད་པའི་ཉིན་ནས་རྒྱ་ནག་གིས་དུས་རྒྱུན་ཉེས་འགེལ་བྱེད་པའི་སྐད་ཆ་སྟེ། རྒྱལ་ཁབ་ཁ་བྲལ་གྱི་བྱ་གཞག་དང་འབྲེལ་ཚུལ་ཉེས་འཛུགས་བྱས་འདུག

    དོན་དམ་དུ་ཞོགས་དུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྲུང་སྐྱོབས་དང་རྩ་ཁྲིམས་དང་མཐུན་པའི་སྐད་ཆ་བཤད་པ་དེ་རྒྱལ་ཁབ་སྲུང་སྐྱོབ་ལས་ཁ་བྲལ་གྱི་གནད་དོན་མིན་པ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཡོད་མཁན་ཚང་མས་ཤེས་ཀྱི་རེད། འོན་ཀྱང་མ་ཉེས་ཁ་གཡོགས་དང། ཉེས་འཛུགས་བྱེད་ཁག་འཇོག་བྱེད་ས་ཞིག་དགོས་པ་ནི་རྒྱུ་གཞུང་གི་རྒྱུན་སྤྱོད་རེད།
    དེ་ནས་ངས་ཞོགས་དུང་ལ་བསྟོད་སྨད་གང་ཡང་བྱས་མེད། ང་ཚོས་སྤྱི་ཚོགས་འདིར་བསྟོད་སྨད་གང་ཞིག་དང་མ་འབྲེལ་བའི་བསམ་ཚུལ་བཤད་ན་འགྲོ་རྒྱུགས་མེད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ངས་བསྟོད་སྨད་གཉིས་ཀྱི་བར་ན་ད་དུང་དབྱེ་ཞིབ་ཀྱི་བཤད་བྱེད་སའི་ས་མིག་ཆུང་ཆུང་ཞིག་ཀྱང་ལོས་ཡོད་སྙམ་ཡོད།

    Reply
  11. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ངོ་མ་གནས་ལུགས་འདུག

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རྩོམ་འབྲི་བ་པོ་དང་མཆན་འདེབས་པ་པོ་ཀུན་གྱིས་བཤད་པའི་སྐད་ཆ་གནས་ལུགས་འདུག

    Reply
  13. ནད་པ says:
    ལོ་ 15 སྔོན།

    ངས་ཁ་སྔོན་ནས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་བོད་ཀྱི་གཏམ་དཔེ་ཞིག་དང་སྦྱར་ནས་་་་་་རྟ་ལ་ཡང་བ་དང་སྒ་ལ་བཟོ་བའི་་་་་འགྲེལ་བཤད་ཅུང་ཙམ་ཞིག་བརྒྱབ་ཡོད།

    ང་ཚོས་འདི་ནས་ཆབ་སྲིད་འཁྲབ་སྟོན་བྱེད་ཕྱིར་གང་བྱུང་མང་བྱུང་བཤད་དེ་སྲིད་དོན་འཁྲབ་གཞི་རྩོམ་བཞིན་པ་དེ་དག དཔེར་ན། རླུང་རྟ་ཆགས་པའི་པཎ་ཆེན་ཁོང་དང་། དོན་གྲུབ་དབང་ཆེན། སྤྱུལ་སྐུ་བསྟན་འཛིན་བདེ་ལེགས། ད་ཐེངས་ཞོགས་དུང་སོགས་ཀྱི་དཔའ་བློ་ཁོག་གི་མཚན་སྙན་མེ་ལྕེ་དགུང་དུ་སྤར་ཏེ་གུང་ཁྲན་ཏང་གི་ཁྲོ་བོའི་མེ་ལྕེའི་རྣོ་དབལ་དེ་ཆེས་ཆེར་འབར་ཏེ་ཡང་སྙིང་ང་ཚོས་ཕྱི་ལོག་ནས་རླུང་ཡན་གྱིས་འབུད་དེ་བཙོན་དུ་ལུས་པའི་གཞི་ལུས་བོད་རིགས་ཚོའི་ཚེ་སྲོག་ཉིན་རེ་ནས་ཉིན་རེར་བཞུར་བཞིན་རྫོགས་ལ་གཏོང་གི་ཡོད།

    མདོར་བསྡུས་ནས་བཤད་ན་དེས་རྒྱ་ནག་དང་། བོད་མི་རིགས། སྤྱི་ཚོགས། སྐད་ཡིག རིག་གཞུང་། དཔལ་འབྱོར། ཆབ་སྲིད། ཁོར་ཡུག ཐ་ན་ཁོང་ཚོ་རང་ཉིད་དང་ཁོང་ཚོ་དང་འབྲེལ་བའི་མི་སྒེར་བཅས་ཀྱི་མི་ཚེའི་མདུན་ལམ་ལའང་གནོད་པ་ལས་ཕན་པ་ཞིག་རྩ་བ་ནས་མེད།

    Reply
  14. བྲ་རྡོར says:
    ལོ་ 15 སྔོན།

    བསྟན་འཇམ་ལགས་ཁྱེད་གཅིག་པོའི་བསམ་བློ་འདི་འཁོར་བ་དེ་དྲ་གྲོགས་མང་ཆེ་བ་ཞིག་ལ་བསམ་ཤེས་བྱེད་དགོས་པའི་བསྡོམས་ཚིག་ཞིག་རེད།ང་ཚོའི་ཨ་གསར་དང་ཁྱབ་སྲིད་གཉིས་མི་འདྲ་བ་ཤེས་དགོས་རེད།ཁྱབ་བསྒྲགས་བྱེད་སྟིང་ལ་བསམ་ཤེས་བྱས་ན།ཁོང་ལ་ཕན་ངེས་རེད།ནག་ཉེས་ཡོད་སྟིང་དང་དཔའ་པོ་ཡིན་སྟིང་བསྒྲགས་བྱས་བ་ཡིན་ན་དེ་ཙམ་ཕན་མི་ཐུབ་པ་མ་ཟད་གནོད་དུ་འགྲོ་བ་ཤེས་དགོས་པ་གལ་ཆེ།

    Reply
  15. བྲ་རྡོར says:
    ལོ་ 15 སྔོན།

    བསྟན་འཇམ་ལགས་ཁྱེད་གྱི་བཤད་དེ་ཚོ་དོན་དངོས་རེད།འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དགོས་དབང་འགའ་ཞིག་གི་ཆེད་དུ་གཞན་གྱི་མི་ཚེའི་རིན་ཐེང་ལ་བསམ་ཤེས་བྱེད་དགོས་པའི་གོམ་གཤེས་མེད་པ་དེ་ང་ཚོ་བོད་པ་ཚང་གི་ཞན་ཆ་ཞིག་ལ་རྩིས་ཆོག
    ཁྱབ་སྲིད་ཀྱི་ནག་ཉེས་ཆེ་རུ་གཏོང་དགོས་ན་ལས་དོན་བསྒྲུབ་སྟིང་འདི་ཚོ་ཕལ་ཁྱེར་ནོར་མེད་པ་འདྲ།ཁོ་རང་ཉིད་ལ་བསམ་བློ་དང་མ་འོང་བར་བསམ་བློ་གཏང་ན་དེ་ཚོ་དངོས་གནས་ནོར་འཁྲིད་རེད་ཟེར་ཐུབ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འདི་ནི་སྙིང་གཏམ་རང་རེད། ཐུགས་རྗེ་ཆེ་ཞུ།

    Reply
  17. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་མ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཞོགས་དུང་གླེང་བ་འདིས་དགྱ་ནག་ལ་ཅི་བྱ་བརྟོལ་མེད་ཅིག་བཟོ་ཡི་འདུག་་བསམ། དཔེར་ན་བླ་བྲང་གི་ཨ་ཁུ་འཇིགས་མེད་ལྟ་བུ་རེད། ཁོང་གིས་ཀྱང་མི་ཞིག་གི་ཁོག་ལ་ཤར་ན་ཁ་ལ་ཐོན་མི་ཐུབ་པའི་སྐད་ཆ་དེ་འདྲ་གསུང་ཡོད་པ་རེད། དེ་ཡང་ཕྱི་ཕྱོགས་ནས་ཁྱབ་བསྒྲགས་དང་གླེང་སློང་ཤུགས་ཆེར་བྱས་སྟབས། ཁོང་མི་གློད་རང་གློད་ཆགས་པ་རེད། ང་ཚོས་ཞོགས་དུང་གི་ཐད་ནས་ཀྱང་དེ་ལྟ་བུ་ཞིག་བཟོ་ཐུབ་ན་ཡག་པོ་རེད། ནོར་ཡོད་ན་དགོངས་དག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese