མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཚིགས་གསུམ་པ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་དམངས་ཡོངས་ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཐེབས་པའི་མང་ཚོགས་ཀྱི་ཆེད་དུ་བདུན་ཚིགས་གསུམ་པ་སྲུང་གཙི་བྱས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༩ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུས་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བཀའ་ཟུར་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། བཞུགས་སྒར་དུ་གནས་སྡོད་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་དགེ་སློབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་ངྷ་ས་མི་མང་བཅས་འདུ་འཛོམས་ཐོག་ཉེ་ཆར་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། བསྔོ་བ་སྨོན་ལམ་དང་གསོལ་འདེབས་གནང་སྟེ་བདུན་ཚིགས་གསུམ་པ་སྲུང་གཙི་གནང་སོང་། སྐབས་དེར། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིའི་ས་ཡོམ་གྱི་འཇིགས་པ་ཆེན་པོ་དེའི་དབང་གིས་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པ་ལས་ཀྱང་མི་མང་པོའི་ལུས་སྲོག་ཤོར་བ་དང་། མི་མང་ཁྲི་ཕྲག་མང་པོར་རྨས་སྐྱོན་དང་སྡོད་ཁང་ལ་སོགས་པའི་དཀའ་ངལ་ཁྲོད་འཚོ་བ་དེ་དག་གི་ཆེད། བཙན་བྱོལ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད། ས་ཡོམ་བྱུང་བའི་ཉིན་མོ་ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་ཐུགས་སྨོན་བདེན་ཚིག་རླབས་ཆེན་གནང་བ་མ་ཟད། ཕྱི་ཉིན་ཡང་གཞུང་འབྲེལ་གྱི་ཐོག་ནས་སྨོན་ལམ་འཚོགས་ཡོད་ལ། བདུན་ཕྲག་གཉིས་པའི་སྐབས་སུའང་༸གོང་ས་མཆོག་ཞབས་སོར་བཀོད་དེ་སྨོན་ལམ་རྒྱས་པ་ཞིག་འཚོགས་པ་རེད། དེ་རིང་བདུན་ཚིགས་གསུམ་པར་འཁེལ་ཡོད་སྟབས། རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་དང་།  བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་ཉིན་གཅིག་དུས་གཅིིག་ཏུ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་འདས་པོ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་གི་ཡོད། འདི་ལྟར་གནང་དགོས་པའི་དགོངས་འཆར་ཕྱོགས་མང་པོ་ནས་བྱུང་བ་ཡིན་སྟབས། བཀའ་ཤག་གིས་གོ་སྒྲིག་གནང་བ་ཡིན་ཞེས་གསུངས་བྱུང་།

དེ་རིང་བདུན་ཚིགས་གསུམ་པ་སྲུང་གཙི་སྐབས་༧གོང་ས་མཆོག་དབུས་བཙན་བྱོལ་བོད་མི་ཡོངས་ཀྱིས་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། དགེ་འདུན་པ་དང་སེར་སྐྱ་མི་མང་ཡོངས་ཀྱིས་དུས་ཡུན་ཆུ་ཚོད་ ༡ དང་ཕྱེད་ཀའི་རིང་བསྔོ་སྨོན་གསོལ་འདེབས་གནང་སོང།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 5

  1. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ཚང་མ་ཡག་པོ་འདུག།

    Reply
  2. རྡོ་རྗེ་རྒྱལ་མཚན། says:
    ལོ་ 16 སྔོན།

    གོད་ཆག་དེའི་འོག་སྐུ་ཞི་བར་གཤེགས་པ་རྣམས་མྱུར་དུ་སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེ་བའི་སྨོན་ལམ་དང་།ནད་དང་རྨས་སྐྱོན་ཕོག་པའི་སྐྱེས་བོ་ཡོད་ཚད་རང་རང་སོ་སོའི་སྨན་བཅོས་ལམ་ལྷོང་ཡོང་བའི་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན།

    Reply
  3. སློང་མོ་བ། says:
    ལོ་ 16 སྔོན།

    སྨོན་ལམ་གསུངས་རྒྱུ་ལས་ཅི་མཆིས་ཞེས་བཅོས་རོགས།

    Reply
  4. སློང་མོ་བ། says:
    ལོ་ 16 སྔོན།

    ཡག་པོ་འདུག་སྨོན་ལམ་གསུངས་རྒྱུ་ཅི་མཆིས།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རང་བཞིན་འབྱུང་བཞིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པ་རྣམས་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པ་དང་། ལྷག་པར་ཡང་༸འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དམ་པར་འགྱུར་བའི་སྨོན་འདུན་ཤུགས་དྲགས་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese