རང་གི་དབང་བོའི་དྭངས་མ་མིག་གི་དབང་བོ་དེར་མི་གཞན་གྱིས་མེ་མདའ་འཕངས་ཏེ་ནུས་མེད་དུ་བཟོས་ཀྱང་། འཁོན་འཛིན་དང་སྡང་སེམས་མེད་པར། ཐོག་མར་རང་གི་ཨ་མའི་གདོང་མི་མཐོང་བའི་སྡུག་བསྔལ་ཙམ་ལས་མ་བྱུང་བ་དེ་ནི་ཧ་ལས་པ་ཞིག་རེད། ངས་དུས་རྟག་ཏུ་ཁོང་ལ་ངོས་ཀྱི་སེམས་ཁོང་གི་དཔའ་བོ་ཞེས་འབོད་ཀྱིན་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
དེ་རིང་ཞོགས་པར་༧གོང་ས་མཆོག་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཞབས་སོར་བཀོད་དེ་བྱང་ཨེར་ལན་ཌི་ནས་ཕེབས་པའི་སྐུ་ཞབས་རེས་ཆར་ཌི་མཱོ་རེ་མཆོག་ལ་མཇལ་འཕྲད་གནང་བ་དང་འབྲེལ། སྐུ་ཞབས་ཁོང་གི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་སྐོར་ནས་ངོ་སྤྲོད་གནང་ཞིང་། དེར་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་སྤྱི་དང། འཛིན་རིམ་བཅུ་བ་དང་བཅུ་གཉིེས་བར་གྱི་སློབ་མ་བཅས་འདུ་འཛོམས་བྱུང་ཡོད།
སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། ལོ་འགའི་སྔོན་ངོས་རང་བྱང་ཨེར་ལན་ཌིར་ཐེངས་ཁ་ཤས་ཕྱིན་ཞིང་། སྐབས་དེར་འདས་པའི་དུས་སུ་ཡུལ་དེའི་ནང་འཁྲུག་རྩོད་ཀྱི་རྐྱེན་པས་ནང་མི་གྲོངས་ཟིན་པ་དང་ལྷག་བསྡད་པ། ན་ཚ་བྱུང་བསྡད་པ་དེ་འདྲ་མང་པོ་ཞིག་ལ་ཐུག་འཕྲད་ཀྱིས་སེམས་གསོ་བྱས་པ་ཡིན་ལ། ཡུལ་དེའི་ནང་ད་དུང་ཡང་འཁོན་འཛིན་དང་ཞེ་སྡང། སེམས་མ་སྐྱིད་པ་དེ་འདྲའི་རིགས་ལྷག་བསྡད་ཡོད་སྟབས། ངོས་ནས་ཕན་ཚུན་མཐུན་ཐབས་བྱ་ཆེད་སྐད་ཆ་བཤད་རྗེས་ཏོག་ཙམ་ཞི་འཇམ་དུ་ཕྱིན་པ་རེད། སྐབས་དེར་སྐུ་ཞབས་རེས་ཆར་ཌི་མཱོ་རེ་ཁོང་དང་ངེད་གཉིས་ངོ་ཤེས་པ་དང་། ཁོང་ཆུང་བའི་དུས་སུ་མིག་གཉིས་ལོང་བར་གྱུར་དོན་གྱི་གཏམ་རྒྱུད་ང་ལ་བཤད་ཅིང་། ངེད་གཉིས་གྲོགས་པོར་གྱུར་བ་རེད། ངོས་ཀྱང་སྐབས་དེ་ནས་དུས་རྟག་ཏུ་ཁོང་ལ་ངོས་ཀྱི་སེམས་ཁོང་གི་དཔའ་བོ་ My hero ཞེས་འབོད་ཀྱིན་ཡོད། དེ་ལྟར་འབོད་དོན་ཅི་ཡིན་ཞེ་ན། ཁོང་ཉིད་དམིགས་བསལ་ཆོས་པ་བྱས་ཤིང་ལོ་མང་རིང་ཆོས་ཉམས་ལེན་བྱས་ཏེ། ཁོང་ཁྲོའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ཤེས་པའི་ཐོག་བསམ་བློ་བཏང་ནས་བསྒྲུབས་པ་ཞིག་མིན་པར། དམིགས་བསལ་ཆོས་ལ་ཉམས་ལེན་མེད་བསྡད་པའི་ལོ་ཆུང་གཞོན་སྐྱེས་ཤིག་གིས། རང་གི་དབང་བོའི་ནང་གི་དྭངས་མ་མིག་གི་དབང་བོ་དེར་སྐད་ཅིག་གི་དུས་ཡུན་ནང་མི་གཞན་གྱིས་མེ་མདའ་འཕངས་ཏེ་ནུས་མེད་དུ་བཟོས་ཀྱང་། མི་གཞན་ལྟར་འཁོན་འཛིན་དང་སྡང་སེམས་མེད་པར། ཐོག་མར་རང་གི་ཨ་མའི་གདོང་མི་མཐོང་བའི་སྡུག་བསྔལ་ཙམ་ལས་མ་བྱུང་བ་དེ་ནི་ཧ་ལས་པ་ཞིག་རེད་ལ། ང་ཚོ་མིའི་རང་བཞིན་ལྷན་སྐྱེས་སུ་དེ་འདྲའི་བསམ་བློའི་འཁྱེར་སོ་ཞིག་ཡོད་བསྡད་པ་དེ་ཁོང་གིས་ཉམས་སུ་བླངས་ཡོད་སྟབས། ཡུལ་གྲུ་ཆུང་ཆུང་ཞིག་གི་ནང་དུ་དེ་འདྲའི་གནས་ཚུལ་བྱུང་བསྡད་པ་དེ་འཛམ་གླིང་འདིའི་སྒང་དུ་ངོ་མཚར་སྐྱེས་ཡུལ་ཞིག་དང་འཛམ་གླིང་མི་མང་གིས་མཁྱེན་དགོས་པ་ཞིག་རེད་ཅེས་གསུངས།
ཡང་ཁོང་གིས། དེང་སང་འཁོན་འཛིན་གྱི་དབང་གིས་འཛམ་གླིང་འདིའི་སྟེང་མི་གསོད་ཁྲག་སྦྱོར་དང་། འཇིགས་སྐུལ་རིང་ལུགས་པ་སོགས་བྱུང་བའི་དབང་གིས་མི་མང་ས་ཡ་བྱེ་བ་མང་པོར་བརྡབ་གསིག་ཧ་ལས་པ་ཕོག་གིན་ཡོད། དེ་དག་གི་རྩ་བ་དེ་འཁོན་འཛིན་ཞེས་པ་འདིར་ཐུག་ཡོད་སྟབས། རང་ལུས་རང་ཐོག་གི་རྐྱེན་ངན་གང་འདྲ་ཞིག་བྱུང་ཡང་འཁོན་འཛིན་མི་བྱེད་པ་དེ་ང་ཚོ་འཛམ་གླིང་འདིའི་སྒང་དུ་བརྟེན་དགོས་པ་ཞིག་དང་གནས་དགོས་པ་ཞིག་ཡིན་པའི་ཆ་ནས་ཤེས་དགོས་པ་གལ་ཆེན་པོ་རེད། མ་འོངས་པར་འཛམ་གླིང་ནང་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་ཡོད་བསྡད་པའི་ཁྲོད་འདི་འདྲའི་དམིགས་དཔེ་ཡག་པོ་སྟོན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། ལྷག་པར་ང་ཚོ་བོད་པ་ཚོ་དང་བོད་པའི་གཞོན་སྐྱེས་ཚོས་འདིའི་སྐོར་མཁྱེན་རྟོགས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་བྱུང་།
ཐེངས་འདིའི་གོ་སྐབས་བརྒྱུད་༧གོང་ས་མཆོག་གིས་སྐུ་ཞབས་རེས་ཆར་ཌི་མཱོ་རེ་མཆོག་ལ་ཐུགས་བརྩེ་ཆེན་པོའི་ངང་ཕྱག་འཕྲིན་ཞིག་པར་སྒྲོམ་དུ་བཅུག་སྟེ་གཟེངས་བསྟོད་དུ་ཕུལ་བར་མ་ཟད། མཛད་སྒོའི་ཐོག་ཁོང་སྐུ་སྒེར་ངོས་ནས་ལྗགས་ཀློག་གནང་ཡོད། སྐུ་ཞབས་རེས་ཆར་ཌི་ལགས་ཀྱིས་འདས་པའི་བྱུང་རབས་དང་འབྲེལ་བའི་ལོ་རྒྱུས་ཐད་བོད་ཁྱིམ་སློབ་གྲྭ་ཁག་གི་དགེ་སློབ་རྣམས་དང་མཉམ་དུ་དྲི་བ་དྲིས་ལན་ཡང་གནང་ཡོད།
སྐུ་ཞབས་རེས་ཆར་ཌི་ལགས་ཐེངས་འདིར་ཆེད་དུ་བཞུགས་སྒར་དུ་ཕེབས་ཡོད་པ་ལྟར། ལོ་ ༣༨ ཀྱི་ཡར་སྔོན་ལ་མེ་མདའ་བརྒྱབ་སྟེ་ཁོང་གི་མིག་འབྲས་གཏོར་མཁན་གྱི་དམག་མི་སྐུ་ཞབས་ཆར་ལི་སུ་ལགས་ཀྱང་ཐེངས་འདིར་བཞུགས་སྒར་དུ་ཕེབས་ཡོད་པ་རེད། ཕྱི་ཚེས་ ༥ ཉིན་སྐུ་ཞབས་རེས་ཆར་ཌི་ལགས་༧གོང་ས་མཆོག་གི་གཡས་ཕྱོགས་དང་སྐུ་ཞབས་ཆར་ལེ་སུ་ལགས་༧གོང་ས་མཆོག་གི་གཡོན་ཕྱོགས་སུ་བཞུགས་ཡོད་པ་རེད།
སྐུ་ཞབས་རོས་ཆའར་ཌི་མཱོ་རལ་བྱང་ཨེར་ལན་ཌིར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༢ ལོའི་ཟླ་ ༥ ཚེས་ ༤ ཉིན་གྲོགས་པོ་མཉམ་དུ་སློབ་གྲྭ་ནས་ཁྱིམ་དུ་ལོག་སྐབས། གོམ་པ་བཅུ་ཙམ་གྱི་སར་ནས་དབྱིན་ཇིའི་དམག་མི་ཞིག་གིས་མེ་མདའ་བརྒྱབ་པས་འགྱིག་རྡེའུ་ཁོང་གི་དཔྲལ་་བའི་མིག་གཉིས་ཀྱི་བར་དུ་འཁེལ། གདོང་གི་བཟོ་ལྟ་བརླགས་ཤིང་ཁྲག་གིས་ཁེངས་པ་དང་། མིག་རིལ་གཉིས་ཀྱང་མཁུར་ཚོས་ཀྱི་རུས་པའི་སྟེང་དུ་བསླེབས་ཡོད་པས་རང་གི་སློབ་གྲྭའི་དགེ་རྒན་གྱིས་ཀྱང་ངོ་མ་ཤེས། སྐབས་དེར་ཁོང་ལོ་བཅུ་ཡིན། དེ་ནས་སྨན་ཁང་དུ་བདུན་ཕྲག་གཉིས་ཙམ་རིང་ལྷག ཐོག་མར་ཁོང་གིས་ཕྱིས་སུ་རྨ་རས་དཀྲོལ་མཚམས་སླར་ཡང་མིག་གིས་མཐོང་བ་དང་རྐང་རྩེད་སྤོ་ལོ་རྩེད་ཐུབ་ཀྱི་རེད་བསམས། འོན་ཀྱང་ནང་དུ་ཕྱིར་ལོག་བྱས་ནས་ཟླ་བ་གཅིག་ཙམ་གྱི་རྗེས་གཞི་ནས་ཁོང་གི་གཅེན་པོས་ཁོང་ལ་མིག་ཞར་བའི་སྐོར་དེ་འགྲེལ་བཤད་བརྒྱབ། ཧ་ལས་དགོས་པ་ཞིག་ནི་ཁོང་གིས་རང་གི་མིག་ཞར་ནའང་དེ་ལ་གདོང་ལེན་དང་ཇི་མི་སྙམ་པར་ད་དུང་དགོད་སློང་གི་ཡོད།
ཁོང་གི་ཕས་ཁོང་ཞར་བའི་སློབ་གྲྭར་འགྲོ་རྒྱུ་ནི་འབྲས་མེད་དུ་བསམས་ནས་མཛུབ་གནོན་སྦྱོང་ས་གོ་སྒྲིག་དང་སློབ་འབྲིང་དུ་བསྐྱོད་པའི་ལམ་ཁ་བཟོས། སློབ་སྦྱོང་ཐོག་བྱང་ཆུབ་པར་སྦྱངས་ཏེ་དམངས་ཁྲོད་ཀྱི་རོལ་དབྱངས་ཚོགས་པ་ཞིག་མགོ་འཛུགས་དང་། དེའི་ནང་གི་རྒྱུད་དྲུག་གཏོང་མཁན་གནང་། ༢༠༠༥ ལོར་ཁོང་གི་མི་ཚེའི་ཐོག་དངོས་བྱུང་གློག་བརྙན་ཞིག་མགོ་ཚུགས་པ་དང་། སྐབས་དེར་གློག་བརྙན་བཟོ་སྐྲུན་པ་ཚོས་དེ་སྔའི་དམག་མི་དེའི་མིང་རྙེད་པས། ཁོང་གིས་དམག་མི་དེ་ལ་ཡི་གེ་བཏང་ཞིང་དམག་མི་དེའི་སར་ནས་ཀྱང་ཡིག་ལན་འབྱོར། དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི་ ༢༠༠༦ ལོའི་ཟླ་ ༡ ཚེས་ ༡༤ ཉིན་ཁོང་གིས་ Edinburgh ཞེས་པའི་ས་ཆར་གནམ་གྲུར་བསྡད་དེ་དམག་མི་དེར་ཕུག་འཕྲད་བྱེད་དུ་ཕྱིན་པ་རེད། ཁོས་ད་དུང་དམག་མི་དེར་ཐུག་སྐབས། ངས་ཁྱོད་ལ་དུས་རྟག་ཏུ་བཟོད་སྒོམ་བྱས་དང་བྱེད་བཞིན་པ་ལས་ཁོང་ཁྲོ་སྐྱེ་གི་མེད། རང་ཉིད་ལ་ཚབས་ཆེའི་རྨས་སྐྱོན་དང་། མི་ཚེ་གཅིག་ཞར་བར་སྒྱུར་མཁན་གྱི་མི་འདི་དང་མཉམ་དུ་བསྡད་ནས་ཇ་འཐུང་རེས་དང་སྐད་ཆ་ཤོད་པ་ནི་ངོ་མཚར་ཅན་ཞིག་ཡིན། དེར་བརྟེན་ངས་དེ་ལ་བཀའ་དྲིན་སྙིང་བཅངས་བྱས་ཡོད། ཅེས་བརྗོད།
ཁོང་གིས་ད་དུང་དེབ་ཅིག་བརྩམས་ཏེ་དེའི་ཁ་བྱང་དུ་ངའི་མིག་ཁོ་ལ་སྤྲོད་ཐུབ་བམ་ཞེས་བཏགས་ཡོད་ལ། ངའི་མིག་ཁོ་ལ་སྤྲོད་ཐུབ་བམ་ཞེས་པ་ནི་ཁོང་གི་མིག་ལོང་པར་གྱུར་ཏེ་སྨན་པ་རྣམས་ལ་བྱེད་ཐབས་ཟད་སྐབས། ཁོང་གིས་ཨ་ཕས་སྨན་པ་རྣམས་ལ་དྲིས་པའི་གསུང་མོལ་ཞིག་ཡིན། ༧གོང་ས་མཆོག་གིས་ངོས་ནས་འཛམ་གླིང་གི་མི་ཚོར་ཁོང་གིས་གང་བཤད་པ་དེ་ཀློག་རྒྱུའི་བློ་སྟོབས་སྐྲུན་གྱིན་ཡོད། མིག་གི་གྱོང་གུད་རག་མིན་ལ་མ་ལྟོས་པར་རི་ཆར་ཌི་ལ་བཟོད་བསྲན་བརྒྱུད་ནས་རང་དབང་ཐོབ་ཡོད། ཅེས་གསུངས་ཡོད།
ད་ལྟ་རང་ལོ་ ༤༧ ལ་བསླེབས་པའི་རི་ཆ་ཌི་ལགས་ཀྱིས་འཛམ་གླིང་ཐོག་གི་ཕྲུ་གུ་བཟོད་བསྲན་ཆུང་བ་རྣམས་ལ་རོགས་ཕན་གྱི་ཆེད་དུ་ ༼ Children of Crossfire ༽ ཞེས་པའི་ཚོགས་པ་བཙུགས་ཡོད། དེ་སྔོན་ལས་ཀ་བྱེད་སའི་དམངས་ཁྲོད་ཀྱི་རོལ་ཚོགས་ནང་ཐུག་པའི་རི་ཊ་ཞེས་པ་མཉམ་དུ་གཉེན་སྒྲིག་སྟེ་བུ་མོ་གཉིས་ཡོད། ༢༠༠༠ ལོར་༧གོང་ས་མཆོག་དང་ཐེངས་དར་པོ་མཇལ་ཞིང་། ཁོང་གིས། མཇལ་འཕྲད་དེ་ནི་བློ་ཡུལ་ལས་འདས་པ་ཞིག་སྟེ། ༧ཏཱ་ལའི་བླ་མ་མཆོག་གིས་བཟོད་བསྲན་སྐོར་ལ་གང་གསུངས་པ་དེ་ངའི་ཚོར་སྣང་དང་མཐུན་ཞིང་། ངའི་ཚོར་སྣང་ལྟར་ཁྱེད་ཀྱིས་གསུང་གི་འདུག ཅེས་གསུངས། ༢༠༠༧ ལོར་ཁོང་གིས་ཕྲུ་གུའི་ཚོགས་པ་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྐབས་༧གོང་ས་མཆོག་དང་བསྐྱར་མཇལ་བྱུང་ཞིང་། སྐབས་དེར་༧གོང་ས་མཆོག་གིས་ཁོང་ལ་ང་ཡི་དཔའ་བོ་ཞེས་གཟེངས་བསྟོད་མཛད།
གོང་ས་མཆོག་གི་སེམམས་ནང་གི་དཔའ་བོ། ངའི་སེམས་ནང་གི་གོང་ས་མཆོག ཁྱེད་སྐུ་ཚེ་ཡུན་དུ་བརྟེན་ན་འཛམ་གླིང་ལ་བདེ་སྐྱིད་འབྱུང་ངེས་རེད།
༸གོང་ས་མཆོག་གི་ཐུགས་ན་མཆིས་པའི་སེམས་དཔའ་ཆེན་པོ་རོས་ཆའ་ཌི་མཱོ་རོལ་མཆོག་ལ་གུས་བཏད་དང་ཁྱེད་ཀྱི་བཟོད་པའི་ཉམས་ལེན་ལ་སྙིང་ནས་གུས་བཀུར་ཞུ།
བདག་ལ་སྡིགས་འཚུགས་མཚང་འདྲུ་སེམས་ཅན་རྣམས།
མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ།
ཁོང་ཁྲོད་བྲལ་ཞིང་སླར་ཡང་དེ་དག་གི།
ཡོན་ཏན་བརྗོད་ཅིང་བཟོད་པར་སྒོམས་པར་ཤོག།
ཞེས་ཇི་སྐད་གསུངས་པ་ལྟར་གྱི་ཕྱག་བཞེས་དེ་དག་བདག་ཅག་ཉམས་ཤིང་ཐག་པ་རྣམས་ཀྱི་བརྒྱུད་ལའང་མྱུར་ཏུ་སྐྱེ་བར་སྨོན།
ཡ་ད་ནམ་རྒྱུན་ནང་རྩོད་རྒྱག་དུས་ཁ་བདེ་མདོག་ཁ་པོ་བྱེད་མཁན་གྱི་སྨྱུག་ཐོགས་པ་ཚོ། རྩོམ་པ་པོ་ཡེ་རྡོར་མིང་ཅན་པ་འདིར། དགག་ལན་ཚ་ཐག་ཆོད་རེ་བྲིས་ནས་བརྒྱུད་ལམ་གང་སར་བཏོན་དང་། ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འདི་འདྲའི་མཚན་སྨོད་བྱེད་པ་ནི་ངོ་མ་ནད་མི་ཐེག་པ་ཞིག་དང་། དངོས་ཡོད་གནས་ཚཱུལ་དང་ལྡོག་ནས་བྲིས་པའི་རྩོམ་འཆལ་འདི་འདྲ་ཐལ་བའི་རྡུལ་དུ་རློག་དགོས་པར་འདུག ཚང་མས་མདུང་རྩེ་ཕྱི་ལ་བསྐོར་ཤོག
ཨེ་རི་ཤིའི་མི་འདི་དག་ནི་བཤད་རྒྱུན་དང་དགོད་གཏམ་མང་བའི་མི་རིགས་ཤིག་རེད། ཁོང་ཚོའི་གཏམ་དཔེའམ་བཤད་སྲོལ་མང་པོ་ཞིག་ནི་ཨ་མདོའི་འབྲོག་ཁུལ་གྱི་བཤད་སྲོལ་དང་འདྲ་བོ་འདུག
ངས་སྔོན་ཆད་ཨེ་རི་ཤིའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Frank McCourt ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་གྲགས་ཅན་ Angela’s ashes ཞེས་པ་དེ་བཀླགས་པ་ཡིན། ཁོང་ན་ནིང་གི་ལོ་མཇུག་ཙམ་ལ་གྲོངས་སོང་། སྐབས་དེར་ནེའུ་ཡོག་དུས་བབ་སྟེང་ལ་ཡིད་སྐྱོ་མྱ་ངན་གྱི་གནས་ཚུལ་ཞིག་ཀྱང་བཀོད་འདུག ཁོང་གི་དཔེ་དེབ་ ‘Tis ཞེས་པ་ཞིག་ཀྱང་ཡོད། དེབ་དེ་གཉིས་ནི་ང་རང་དགའ་ཤོས་ཀྱི་དེབ་གཉིས་ཡིན་ལ། ད་སྐབས་ཀྱང་ངའི་དཔེ་སྒྲོམ་ནང་དུ་ཡོད། འདི་ནི་ཞོར་འཕྲོས་ཙམ་ཡིན།
སྨད་ཆ།
ཏཱ་ལའི་“བཙན་བྱོལ་བོད་གཞུང”གི་མགྲིན་ཚབ་པས “ང་ནི‘རྒྱ་གར་གྱི་བུ་ཕྲུག’ཡིན་ཞེས་བརྗོད་པ་དེ་འདྲའི་གནད་ཚབས་ཆེ་བ་འདུག་གམ། ཁྱེད་ཚོས་‘རྒྱ་གར་གྱི་བུ་ཕྲུག’ཡིན་ཞེས་བརྗོད་པ་དེ་དེ་འདྲའི་ཚབས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད་ན། ‘བོད་ལྗོངས་ཀྱི་གནད་དོན’ཐག་གཅོད་བྱེད་པར་ཏཱ་ལའི་བླ་མ་ལོག་ཕེབས་སུ་བཅུག་དགོས། དེ་འདྲ་བྱུང་ན་ཀྲུང་གོར་‘ཀྲུང་གོའི་བུ་ཕྲུག’ཏུ་ཆགས་པ་རེད”ཅེས་བརྗོད་ཡོད། སྨྱུག་འཛིན་པས་ཞུ་རྒྱུར། འོ་ན་ཀྲུང་གོར་བུ་ཕྲུག་དེ་འདྲ་ཞིག་ཉུང་དྲག་པ་ཡིན་ནམ། མགྲིན་ཚབ་དེའི་ཤོད་སྟངས་ལྟར་ན། ཏཱ་ལའི་ཉིད་སུ་ཞིག་གི་བུ་ཕྲུག་བྱེད་དུ་ཕྱིན་ཀྱང་དེ་ནི་ཧ་ཅང་ལས་སླ་བའི་བྱ་བ་ཞིག་ལ་བརྩི་བ་ལས། དེ་འདྲའི་ཚབས་ཆེ་བའི་གནད་དོན་ཞིག་ཏུ་བརྩི་ཡི་མེད་པ་འདྲ། དེ་རིང་ཁྱིམ་ཚང་འདིའི་བུ་ཕྲུག་བྱེད་པ་དང་། སང་ཉིན་ཁྱིམ་ཚང་ཕ་གིའི་བུ་ཕྲུག་བྱེད་པ། ཡང་གནངས་ཉིན་ཁྱིམ་ཚང་གཞན་ཞིག་གི་བུ་ཕྲུག་བྱས་ནས། མི་ཚོས་མཐུན་རྐྱེན་ག་རེ་ཞིག་བསྐྲུན་གྱི་ཡོད་མིན་ལ་བལྟ་ཡི་ཡོད་པ་འདྲ། དེ་ལྟར་ན་མི་རིགས་ཀྱི་རང་བཀུར་བསམ་པ་གང་དུ་ཡོད། མི་ཞིག་བྱེད་པའི་ལ་རྒྱ་གང་དུ་ཡོད། དོན་དངོས་ཐོག ཏཱ་ལའི་ཡིས་དཀའ་ངལ་ཆེན་པོ་སྤྱད་དེ“རྒྱ་གར་གྱི་བུ་ཕྲུག” བྱེད་པའི་རང་ཉིད་ཀྱི་“གཞུང་ལུགས་གསུམ” བཟོས་ཡོད་པ་མ་ཟད། དེ་བས་ལག་ལེན་དངོས་ཀྱི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་ཁོང་རང་ཉིད“རྒྱ་གར་གྱི་བུ་ཕྲུག”བྱེད་ཐག་ཆོད་ཡིན་པ་དེ་ར་སྤྲོད་བྱེད་ཀྱི་ཡོད་པ་འདྲ། མཚོ་སྔོན་ཡུལ་ཤུལ་གྱི་མི་དམངས་ཚོས་སེམས་གཅོང་གི་རྡོག་ཕྲེས་རྒྱབ་ཏུ་ཁུར་ནས། ཡོམ་འགོག་གེགས་སེལ་ལས་དོན་ཧུར་ཐག་གིས་སྤེལ་སྐབས། “ནོའུ་ཝུའེ་བོད་ལྗོངས་རླུང་འཕྲིན”དང་“རྒྱལ་སྤྱིའི་བོད་ལྗོངས་སྦྲག་ཚགས་”ཀྱིས་སྤེལ་བའི་གསར་འགྱུར་ལྟར་ན། སྤྱི་ཟླ༤པའི་ཚེས༡༨ཉིན་ཏཱ་ལའི་ཡིས་རྒྱ་གར་ཤི་མཱ་ཞིར་མངའ་སྡེའི་པང་ལེབ་སྤོ་ལོའི་མཐུན་ཚོགས་ཀྱི་གདན་ཞུས་ལྟར། སྐྱིད་མདོག་ཁ་པོའི་ཐོག་ནས་རྒྱ་གར་གྱི་རྒྱལ་ཡོངས་ཀྱི་པང་ལེབ་སྤོ་ལོའི་ཚད་བརྒལ་རིམ་པའི་མཉམ་འབྲེལ་འགྲན་སྡུར་ལ་བལྟས་ནས་བསྡད་ཡོད་པ་རེད།
སྨྱུག་འཛིན་པས་རྩོམ་ཡིག་འདིའི་མཇུག་བསྡུ་མཚམས་འཇོག་པའི་སྐབས་སུ། ཡང་“ ཁ་ན་ཏ་ཕ་ཡུལ་དྲ་བ”དང་“ནོའུ་ཝེར་བོད་ལྗོངས་རླུང་འཕྲིན”ཐོག་ནས་གསར་འགྱུར་ཞིག་མཐོང་ཐོས་བྱུང་བ་སྟེ། སྤྱི་ཟླ༤པའི་ཚེས༢༩ཉིན་། ཏཱ་ལའི་ཡིས་རྒྱ་གར་གྱི་ཚོགས་འདུ་ཞིག་གི་ཐོག་ཏུ། “ངོས་ནས་སོ་སོ་རང་ཉིད་ནི་སྔ་ཕྱི་བར་གསུམ་དུ་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་བཤད་ཡོད། གསལ་པོ་ཞུས་ཆོག་པ་ཞིག་ལ། ངོས་ནི་ཤི་མཱ་ཞིའི་མངའ་སྡེའི་བུ་ཕྲུག་ཡིན། ངོས་རང་སྡོད་སའི་ས་ཆ་ནི་གངས་རི་རྫོང་ཁོངས་སུ་གཏོགས་པས། གངས་རིའི་བུ་ཕྲུག་ཡིན། དེ་བས་ཁ་གསལ་བ་ཞིག་ཏུ། རྡ་རམ་ས་ལའི་བུ་ཕྲུག་ཡིན་ཞེས་བཤད་ན་ཡང་ཆོག”ཅེས་ཁྱབ་བསྒྲགས་བྱས་འདུག དེ་ལྟར་ཏཱ་ལའི་ཡིས་གཏམ་ཁ་གང་གིས་རིམ་པ་མི་འདྲ་བའི་ཕ་བཞི་ངོས་འཛིན་བྱས་ཡོད། དེ་ལྟར་བལྟས་ན་ཏཱ་ལའི་ཡིས་ཁྱིམ་ཚང་གཞན་གྱི་“བུ་ཕྲུག”བྱས་དྲག་ནས། ས་དེ་གར་“འདུ་ཤེས”དང་“རིག་གནས”གང་འདྲ་གྲུབ་ཡོད་མིན་ཐད་མནོ་བསམ་གཏོང་གི་མེད་པ་འདྲ། ཡིན་ན་ཡང་། ཁྱིམ་ཚང་གཞན་གྱི་བུ་ཕྲུག་བྱེད་འདོད་པ་ཕྱོགས་གཞན་ཞིག་རེད། གཞན་གྱི་བུ་ཕྲུག་བྱེད་ཐུབ་དང་མ་ཐུབ་དེ། མི་ཚོས་བུ་ཕྲུག་ཏུ་ཉར་འདོད་དང་མ་འདོད་ལ་བལྟ་དགོས། ད་ལྟའི་བར། སྨྱུག་འཛིན་པས་རྒྱ་གར་གྱི་རྡ་རམ་ས་ལའི་ས་ཁུལ་གྱིས་བུ་ཕྲུག་འདི་ཉར་འདོད་ཡོད་པའི་རྣམ་པ་སྟོན་ཡོད་ཚུལ་མཐོང་མ་མྱོང་བས། ཏཱ་ལའི་ཡིས་དེའི་དོན་དུ་ད་དུང་ཡང་མུ་མཐུད་འབད་བརྩོན་བྱ་དགོས།
སྨྱུག་འཛིན་པས་སེམས་རྩ་འཁོལ་པོའི་ངང་ནས་ཏཱ་ལའི་དང་ཁོ་བོའི་རོགས་པ་ཚོས་གླེང་གཞི་འདིའི་ཐད་ལ་མུ་མཐུད་ནས་གཏམ་གླེང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས། འདི་ལ་ལན་བརྒྱབ་དགོས་སམ།
༄༅།། ཏཱ་ལའི་ཡི་“རྒྱ་གར་གྱི་བུ་ཕྲུག”བྱེད་པ་ཞེས་པའི་འགྲེལ་བཤད་གསར་བར་ལྟ་བ།
སྤེལ་དུས། 2010-05-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། རྩོམ་པ་པོ། ཡེ་རྡོར།
༼ཡིག་གཟུགས་ཀྱི་ཆེ་ཆུང་། ཆེ། འབྲིང་། ཆུང་། ༽
སྨྱུག་འཛིན་པས་ཟླ་༣ཚེས་༣༡ཉིན་སྤེལ་བའི་《ཏཱ་ལའི་ནས་ཨུ་ཚུགས་ངང་“རྒྱ་གར་གྱི་བུ་ཕྲུག་” བྱེད་འདོད་པ》ཞེས་པའི་རྩོམ་ཡིག་ཏུ་ཏཱ་ལའི་ཡིས་“རྒྱ་གར་གྱི་བུ་ཕྲུག” བྱེད་འདོད་པའི་རྒྱུ་མཚན་གསུམ་ལ་དབྱེ་ཞིབ་དང་ཉེས་མཚང་དམར་རྗེན་དུ་བཏོན་ཡོད་པ་མ་ཟད། ད་དུང་ཏཱ་ལའི་ཡིས་“རྒྱ་གར་གྱི་བུ་ཕྲུག”བྱེད་པའི་རྒྱུ་མཚན་དེ་བས་ལེགས་པོ་ཞིག་ཤོད་པའི་རེ་བ་བྱས་ཡོད། དེའི་རྗེས་སུ་ཏཱ་ལའི་རང་ཉིད་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་། སྨྱུག་འཛིན་པས་བརྟག་པ་ལྟར་ན། དུས་སྐབས་འདིར་“བཙན་བྱོལ་བོད་གཞུང”གི་མགྲིན་ཚབ་པ་ཁོ་ནས་ཁོའི་ཆེད་དུ་རྒྱུ་མཚན་གསེད་བཀྲོལ་རེ་འགའ་བྱས་པ་ཕུད། ད་དུང་ཕྱི་རྒྱལ་དུ་ཡོད་པའི་ཁྲེན་མིང་འཛིན་པ་ཞིག་གིས་ཕལ་ཆེར་རང་གི་ཡོན་ཏན་ངོམ་པའི་གོ་སྐབས་མཐོང་བ་འདྲ་སྟེ། ཏཱ་ལའི་བླ་མས་རང་ཉིད་ནི་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་བརྗོད་པར་ཆོས་ལུགས་ཀྱི་འཁྱེར་སོ་དང་བཀའ་དྲིན་རྗེས་སུ་དྲན་པའི་རྒྱུ་མཚན་གཉིས་ཡོད་ཅེས་པའི་རྩོམ་ཞིག་སྤེལ་ཞིང་། རྩོམ་ཡིག་དེའི་ནང་ཏཱ་ལའི་ཡིས་རྒྱ་གར་གྱི་བུ་བྱེད་པ་ནི་ལུགས་དང་མཐུན་པའི་སྐོར་བརྗོད་ཡོད་པ་རེད། རྩོམ་ཡིག་འདི་སྤེལ་བ་ནས་བཟུང་ཏཱ་ལའི་རུ་ཚོགས་ཀྱིས་དེ་རིན་ཆེན་ནོར་བུ་ལྟར་བརྩིས་ནས་ཉི་མ་རེ་རེར་རང་གི་དྲ་བའི་མདུན་ངོས་སྟེང་གསལ་བོར་བཀོད་པ་རེད། སྨྱུག་འཛིན་པར་ཕངས་སེམས་སྐྱེ་བ་ཞིག་ནི་ཏཱ་ལའི་ཆེད་དུ་རྒྱུ་མཚན་གསེད་བཀྲོལ་བྱེད་པའི་མི་ནི་ཧ་ཅང་ཉུང་བ་དེ་རེད། ཡིན་ནའང་མ་མཐའ་ཡང་མི་གཅིག་བྱུང་སོང་བ་དེར་སྨྱུག་འཛིན་པས་ཀྱང་མུ་མཐུད་དུ་དེའི་སྐོར་ལ་ཅི་ཞིག་འབྲི་བའི་རྒྱུ་མཚན་ཞིག་རྙེད་སོང་། གལ་སྲིད་མུ་མཐུད་དུ་མ་བྲིས་ན་ཚང་མས་ཕྱི་རྒྱལ་རང་གི་ཕར་བརྩི་འདོད་པའི་“གཅེས་ཕྲུག”དེ་བརྗེད་འགྲོ་རྒྱུ་རེད།
ཁྲེན་མིང་འཛིན་པ་དེས་འདོད་པར། “རྒྱ་གར་གྱི་བུ་ཕྲུག”བྱེད་ཆོག་པའི་རྒྱུ་མཚན་ནི་བུ་ཕྲུག་དང་ཕྲུ་གུ་གཉིས་ནི་ཐ་སྙད་མི་འདྲ་བ་གཉིས་ཡིན་ཞིང་། སྤྱིར་བཏང་གི་གནས་ཚུལ་འོག་བུ་ཕྲུག་ནི་བསམ་བློའི་ཁྱབ་ཁོངས་སུ་གོ་བ་དང་། ཕྲུ་གུ་ནི་ཁྲག་རྒྱུན་དང་འབྲེལ་བ་ཡོད་པ་ཞིག་རེད། ཁོས་མུ་མཐུད་དུ་སྨྱུག་འཛིན་པར་འཁང་ར་བྱས་དོན་ལ། རྒྱ་གར་གྱི་ཕྲུ་གུ་ཞེས་བྲིས་པ་ནི་རྩོམ་སྟངས་ཐ་ཤལ་བ་ཞིག་ཡིན་པར་མ་ཟད། ད་དུང་ཆབ་སྲིད་ཀྱི་དམིགས་ཡུལ་ཧ་ཅང་ངན་པ་ཞིག་ཡོད་ཚུལ་བསྟན་ཡོད་པ་རེད། ཡིན་ནའང་ཁྲེན་མིང་འཛིན་པ་དེས་གཞི་རྩའི་དོན་དངོས་ཤིག་མ་མཐོང་བའམ་ཡང་ན་ཁོས་མ་ཤེས་པ་ཞིག་ནི་ཏཱ་ལའི་ཡིས་གཏམ་དེ་ནི་རྒྱ་གར་ནས་རྒྱ་གར་སྤྱི་ཚོགས་དང་སྨྱན་སྦྱོར་ཁག་ལ་བརྗོད་པ་ཡིན་པས། རྒྱ་ཡིག་གི་བུ་ཕྲུག་དང་ཕྲུ་གུ་གཉིས་ཀྱི་ཁྱད་པར་རྩ་བ་ནས་དབྱེ་བ་འབྱེད་མི་སྲིད་པ་རེད། རྒྱ་གར་སྨྱན་སྦྱོར་ཁག་གིས་སྤེལ་བའི་ཏཱ་ལའི་དབྱིན་ཡིག་གི་གཏམ་བཤད་ནི་འདི་ལྟར། “I am a son of India”, “I am the true son of India”ཞེས་པ་དེ་ཡིན་ལ། ཐད་བསྒྱུར་བྱས་ན་ང་ནི་རྒྱ་གར་གྱི་ཕྲུ་གུ་ཡིན། ཞེས་དང་། ང་ནི་རྒྱ་གར་གྱི་ཕྲུ་གུ་རྣལ་མ་ཞིག་ཡིན་ཞེས་པ་དེ་རེད། ཡང་དེང་རབས་རྒྱ་ཡིག་དཔེ་མཛོད་ལ་བལྟས་ན། “རྒྱ་གར་གྱི་བུ་ཕྲུག་”དང་“རྒྱ་གར་གྱི་ཕྲུ་གུ”གཉིས་ལ་ངོ་བོའི་སྟེང་དབྱེ་བ་མེད་པ་རེད། ཕར་བལྟས་ཚོད་ལ་ཁྲེན་མིང་འཛིན་པ་དེ་ཕྱི་རྒྱལ་ལ་ཕྱིན་རྗེས་དབྱིན་ཡིག་ལ་ཡར་ཐོན་མེད་པ་མ་ཟད། ད་དུང་རྒྱ་ཡིག་ཆུ་ཚད་ཀྱང་ཆེན་པོ་ལྷག་མེད་པས་རང་གི་མེས་པོ་བརྗེད་པ་རེད་ཅེས་བརྗོད་ཆོག
ཁྲེན་མིང་འཛིན་པ་དེས་ད་དུང་ཡིན་མདོག་བདེན་མདོག་ངང་འདི་སྐད། གལ་སྲིད་ཏཱ་ལའི་བླ་མས་རང་ཉིད་“རྒྱ་གར་གྱི་བུ་ཕྲུག”ཡིན་ཞེས་པ་ཁོ་ནར་ཁག་བཞག་ནས་“བོད་དོན”ལ་འགན་ཁུར་བའི་དབང་ཆ་མེད་ཅེས་བཤད་ན། མར་ཁེ་སི་དང་ལེ་ཉིན་རིང་ལུགས་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་ཧྭ་མི་རིགས་ཀྱི་ས་གཞི་ནས་སྐད་སྒྲ་འདྲ་མིན་སྒྲོག་དབང་ཅི་ཞིག་ཡོད་ཅེས་བརྗོད་འདུག དོན་དངོས་སུ་སྨྱུག་འཛིན་པས་《ཏཱ་ལའི་ནས་ཨུ་ཚུགས་ངང་“རྒྱ་གར་གྱི་བུ་ཕྲུག”བྱེད་འདོད་པ》ཞེས་པའི་རྩོམ་ཡིག་ནང་དེའི་སྐོར་ལ་ལན་བསྐྱོན་ཟིན་པ་སྟེ། གནའ་ནས་ད་བར། མིའི་རིགས་ཀྱི་རིན་ཐང་ལྡན་པའི་བསམ་བློ་དང་རིག་གནས་ཡོད་ཚད་ཚད་མི་འདྲ་བའི་སྒོ་ནས་རྒྱལ་ཁབ་དང་མི་རིགས་མི་འདྲ་བས་ལོངས་སུ་སྤྱོད་བཞིན་ཡོད་མོད། འོན་ཀྱང་རྒྱུ་མཚན་དེར་བརྟེན་ནས་བསམ་བློ་དེ་དང་རིག་གནས་དེ་དག་གི་འབྱུང་ཁུངས་སུ་གྱུར་བའི་རྒྱལ་ཁབ་དང་དེ་དག་ལོངས་སུ་སྤྱོད་མཁན་བར་ཕ་དང་བུའི་འབྲེལ་བ་འཛིན་མཁན་ད་སྔའི་བར་བྱུང་མྱོང་མེད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཉིད་བཙུགས་པ་ནས་ད་བར་དུ་མར་ལེ་རིང་ལུགས་ཀྱི་ཚན་རིག་གཞུང་ལུགས་ཀྱིས་མཛུབ་སྟོན་གྱི་དགོངས་པ་བྱས་ཡོད། ཡིན་ན་ཡང་གུང་ཁྲན་ཏང་གི་ཏང་ཡོན་ཚང་མས་སོ་སོ་རང་ཉིད་ཀྱི་མེས་རྒྱལ་ཀྲུང་གོར་སྤོབས་སེམས་སྐྱེས་པ་ལས། སུ་ཞིག་གིས་རང་ཉིད་མར་ལེ་རིང་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་པ་ལས་སོ་སོ་རང་ཉིད་ཀྱང་རྒྱལ་ཁབ་གཞན་གྱི“བུ་ཕྲུག”ཡིན་པར་ངོས་འཛིན་བྱེད་མཁན་མེད། ཏཱ་ལའི་ཡིས་གལ་སྲིད་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དང་ཀན་ཏིས་རིང་ལུགས་ཁོ་ནར་དད་པ་བྱས་པ་ཞིག་ཡིན་ན། ཕྲན་ལ་ཡང་དེ་ལ་བཀག་འགོག་བྱེད་དབང་ག་ལ་ཡོད། ཡིན་ན་ཡང་ཁོང་གིས་སོ་སོ་རང་ཉིད“རྒྱ་གར་གྱི་བུ་ཕྲུག” ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ན། ཀྲུང་གོའི་བོད་ལྗོངས་ཀྱི་གནད་དོན་ཐད་གཏམ་གང་བྱུང་ཤོད་པའི་དབང་ཆ་ག་ཡོད། འོ་ན་ཀྲུང་གོའི་བོད་ལྗོངས་མི་དམངས་ཀྱི་ཁེ་ཕན་དེ“རྒྱ་གར་གྱི་བུ་ཕྲུག”ཅིག་གིས་ཚབ་བྱེད་དམ། ཁྲེན་ཟེར་བའི་མི་ག་གེ་མོ་ཁོ་རང་ཏཱ་ལའི་ཡི་བསམ་བློར་དེ་འདྲའི་དད་པ་ཆེན་པོ་ཡོད་ན། ཁོ་རང་དང་ཏཱ་ལའི་གཉིས་ཀྱི་བསམ་བློའི་གཏོང་ཕྱོགས་ལྟར། ཁོ་བོ་རང་ཉིད་ཀྱང་“ཏཱ་ལའི་ཡི་བུ་ཕྲུག ”ཏུ་ཆགས་པ་རེད།
གསར་འགོད་པ་ལགས། Netherlands ནེ་ཐར་ལེནྚ་མ་རེད། Northern Ireland ནོར་ཐཱན་ཨ་ཡེར་ལེནྚ་རེད།
ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ༡༽ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཟེར་བའི་བསམ་ཚུལ་འདི་གང་འདྲའི་གལ་ཆེན་པོ་མི་འདུག་གམ། ཡིན་ནའང་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་སྡེ་ཚན་དུ་བཀོད་མི་འདུག རྒྱུ་མཚན་གང་ཡིན་ནམ། ནམ་རྒྱུན་དུས་བབ་ཟིན་བྲིས་ནས་ཟིན་བྲིས་གལ་ཆེ་ཁག་བསམ་ཚུལ་སྡེ་ཚན་དུ་འགོད་ཀྱི་འདུག ཡིན་ནའང་ད་ལན་མ་བཀོད་པ་དེ་ཡུལ་ཤུལ་མི་མང་ལ་བདག་སྤྲོད་བྱས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་གསལ་སྟོན། རྒྱ་ནག་གཞུང་གི་ངན་འཚང་ཐེར་འདོན་བྱས་པས་ཡིན་ནམ། ཡང་ན་རང་གི་དགའ་ཕྱོགས་ཆབ་བྲག་ལྷ་མོ་སྐྱབས་ལྟ་བུ་མ་ཡིན་པས་རེད།
བློ་རྒྱ་ནམ་མཁའི་ཁྱོན་ལས་ཡང་། ཡང་དག་དཔའ་བོ་ཁྱོད་ཉིད་ཏེ།
ཚིག་གསུམ་གཟུར་ས་མེད་པའི་མི། མི་བུ་རྣམས་ནི་དེ་ལྟར་མིན།
དངོས་གནས་ངོ་མཚར་སྐྱེས་སོང་། སྙིང་ཐགས་པ་ནས་མངོན་པར་བསྟོད་དོ། བྱམ་དང་སྙིང་རྗེ་རྩ་བར་གྱུར་པའི་ཐེག་པ་ཆེན་པོའི་ཆོས་ཉམ་སུ་ལན་མཁན་དང་རྗེས་སུ་འཇུགས་མཁན་ཡིན་ཞེས་ཁས་མཆེ་བའི་ང་ཚོ་བོད་པ་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་འདུགས་གོ།
གནས་ཚུལ་དེས་བྱང་སེམས་ཀྱི་ཕན་ཡོན་གསལ་སྟོན་བྱེད་ཀྱི་འདུག་ལ། མིག་ཞར་པ་གཅིག་གིས་དེ་ལྟར་བྱེད་ཐུབ་ན་མིག་ལྡན་གཅིག་གིས་ལེགས་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་བསླབ་བྱ་བཟང་པོ་ཐོབ་བྱུང། ཐུགས་རྗེ་ཆེ།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།
སྐྱེབ་བ་ཉམས་པ་མེད་པ་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག།
གཞན་ཕན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
བཟོད་སེམས་དཔའ་སྟོབས་སེམས་ལང་ཕྱག་འཚལ་ལོ། །
སྙིང་སྟོབས་ཅན་གྱི་དཔའ་བོ་རེད་
མི་བུ་དེའི་སྙིང་སྟོབས་བླ་མེད་ཀྱི་ཤེས་རབ་ལ་སྙིང་ནས་གུས་པ་བྱེད་ན་འོས།