འདི་ལོར་རྒྱ་གར་རྒྱལ་ཡོངས་སུ་མི་འབོར་ཞིབ་བཤེར་གྱི་ལས་རིམ་ཞིག་གནང་གི་ཡོད་ཅིང་། དེའི་ནང་དུ་བོད་མི་རྣམས་ཀྱིས་ཀྱང་ཆ་ཤས་ལེན་དགོས་པར་མ་ཟད། མི་འབོར་ཞིབ་བཤེར་གྲུབ་རྗེས་རང་ལོ་ ༡༥ སོན་པ་རྣམས་ལ་དམིགས་བསལ་ལག་དེབ་ ( Unique Identity Card ) རེ་གནང་རྒྱུ་ཡིན་འདུག ༧གོང་ས་མཆོག་གིས་ཀྱང་རྒྱ་གར་གྱི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བརྒྱངས་ཟིན་པ་མ་ཟད། ཁོང་གིས་ད་དུང་བོད་མི་རྣམས་ཀྱིས་འདི་ལ་ཆ་ཤས་ལེན་དགོས་པའི་བཀའ་སློབ་ཕེབས་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་འདི་གའི་གསར་འགོད་པས་ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་བཅར་ཏེ། བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ད་ལོ་རྒྱ་གར་གཞུང་གིས་ས་གནས་ཚང་མར་མི་འབོར་ཞིབ་བཤེར་ཞིག་གནང་གི་འདུག དེའི་ནང་དུ་བོད་མི་ཚོར་ཡང་འཛུལ་ཞུགས་བྱ་དགོས་ཀྱི་འདུག་ལ། མི་འབོར་ཞིབ་བཤེར་གྲུབ་རྗེས་དམིགས་བསལ་ངོ་སྤྲོད་ལག་ཁྱེར་ཅིག་བཟོ་གི་འདུག དེས་སྐྱབས་བཅོལ་ལག་དེབ་དང་དེབ་སེར་པོ། བཟའ་འབྲུའི་ལག་དེབ་སོགས་གང་བཟོ་གི་ཡོད་ཀྱང་། ངོ་སྤྲོད་ལག་དེབ་དེ་ཡོད་ཚེ་དཀའ་ངལ་ཡོད་ས་མ་རེད། དེར་བརྟེན་བོད་མི་ཚང་མས་མི་འབོར་ཞིབ་བཤེར་འདིར་ཆ་ཤས་ལེན་དགོས་ཀྱི་འདུག་ཅེས་གསུངས།
ཁོང་ལ་ངྷ་ས་ཁུལ་གྱི་བོད་མིར་མི་འབོར་ཞིབ་བཤེར་གནང་སྟངས་གང་འདྲ་ཡིན་མིན་བཀའ་འདྲི་ཞུས་པར་གསུངས་དོན། མི་འབོར་ཞིབ་བཤེར་བྱེད་མཁན་རྒྱ་གར་བ་རྣམས་ལ་སྐད་ཀྱི་གོ་བརྡ་མ་འཕྲོད་པ་དང་། མི་གཉིས་རེ་ས་ཆ་ཆ་བགོས་ཀྱིས་བསྐྱོད་སྐབས་མང་ན་ཉིན་རེར་ཁྱིམ་ཚང་བཅུ་ནས་བཅོ་ལྔ་ཙམ་ལས་ཚར་གྱི་མི་འདུག་ཟེར། དེ་སྔོན་ང་ཚོས་མི་འབོར་ཞིབ་བཤེར་སྐབས་ཉིན་བརྒྱ་དུས་གཅིག་ལ་བྱས་པ་རེད་ལ། ངྷ་ས་ལྟ་བུར་མཚོན་ན་མི་ ༤༥༠ ཙམ་ལ་མི་རེ་རེར་ཁྱིམ་ཚང་བཅུ་རེ་འཆར་འགོད་བྱས་ཏེ། མི་འབོར་ཞིབ་བཤེར་བྱས་པ་རེད་མོད། ཐེངས་འདིར་ཁོང་ཚོར་ཚོ་ཁག་རེ་རེར་མི་གཉིས་རེ་མ་གཏོགས་མེད་སྟབས། ཁོང་ཚོ་ལའང་དཀའ་ངལ་འཕྲད་ཀྱིན་འདུག་ལ། བོད་མི་མང་བོ་ཞིག་ཀྱང་ལྷག་བསྡད་ཡོད་ས་རེད། དེར་བརྟེན་ང་ཚོའི་ངོས་ནས་མི་འབོར་ཞིབ་བཤེར་བ་རྣམས་ལ་འདི་ནས་རོགས་པ་གང་དགོས་ཞུ་ཆོག་ཞུས་པ་ཡིན་ལ། བོད་མི་མི་འབོར་ཞིབ་བཤེར་ནང་ལྷག་ཡོད་པ་རྣམས་རྗེས་མ་ལས་ཁུངས་འདི་བརྒྱུད་ནས་སྙན་གསན་ཞུ་དགོས་ཞེས་གསུངས།
ཁོང་གིས་༧གོང་ས་མཆོག་གིས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བརྒྱངས་པའི་སྐོར་གསུངས་དོན། ད་ལོའི་མི་འབོར་ཞིབ་བཤེར་སྐབས་སྐུ་མདུན་བཞུགས་སྒར་ཁུལ་དུ་བཞུགས་ཡོད་པ་རེད་ལ། ཁོང་ཚོས་སྐུ་མདུན་ལ་སྙན་གསན་ཞུས་ཏེ་ཁོང་གིས་ཀྱང་དགའ་བསུ་གནང་བ་མ་ཟད། ཁོང་གིས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བརྒྱངས་འདུག དེར་བརྟེན་ང་ཚོའི་ངོས་ནས་འདི་ལ་གནད་འགག་ཆེན་པོར་མཐོང་གི་ཡོད་ལ། མི་མང་ལ་ཡིག་ངག་གཉིས་ཐོག་ནས་གསལ་འདེབས་བྱས་པ་ཡིན་ཟེར།
དེ་བཞིན་ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིའི་མི་འབོར་ཞིབ་བཤེར་འདིར་བོད་མི་ཚོ་མཉམ་ཞུགས་གནང་དགོས་པའི་རྒྱུ་མཚན་གལ་ཆེན་ཁག་ཅིག་འགྲེལ་བརྗོད་གནང་དོན། མི་འབོར་ཞིབ་བཤེར་གྲུབ་རྗེས་རང་ལོ་ ༡༥ སོན་པ་རྣམས་ལ་དམིགས་བསལ་ངོ་སྤྲོད་ལག་ཁྱེར་ ( Unique Identity Card ) ཞིག་གནང་རྒྱུ་ཡིན་པ་དང་། དེ་མིན་མི་འབོར་ཞིབ་བཤེར་ནང་མཚན་གཞུང་མ་འཁོད་ཚེ་མ་འོངས་པར་སྐྱབས་བཅོལ་ལག་དེབ་དང་བཟའ་འབྲུའི་ལག་དེབ་ ( R.C. and Ration Card ) སོགས་གནང་རྒྱུ་མིན་པ། ས་གནས་ཉེན་རྟོག་ལས་ཁུངས་ནས་གལ་ཆེའི་རྒྱབ་གཉེར་ཡིག་ཆ་དགོས་རིགས་རྣམས་ལ་ཡང་མི་འབོར་ཞིབ་བཤེར་ནང་མཚན་གཞུང་ཡོད་མེད་ཞིབ་འཇུག་བྱས་པ་བརྒྱུད་གནང་རྒྱུ་ཡིན་འདུག་ཅེས་གསལ།
ཡང་འབྲེལ་ཡོད་ཡིག་ཆ་དེའི་ནང་མི་འབོར་ཞིབ་འཇུག་སྐབས་སོ་སོའི་ལོ་རྒྱུས་དྲང་མོར་བརྗོད་དགོས་སྐོར་ནན་གྱིས་བརྗོད་འདུག འདིའི་ཐད་དུ་ངྷ་ས་བདེ་དོན་འགན་འཛིན་ལགས་ཀྱིས་གསུངས་དོན། མང་བོ་ཞིག་གིས་སྐྱབས་བཅོལ་ལག་དེབ་བཟོ་དུས་རྒྱ་གར་ནང་སྐྱེས་པའི་ཐོ་འགོད་བྱས་ཡོད་ནའང་། ནམ་རྒྱུན་ང་བོད་ནས་སྐྱེས་པ་ཡིན་ཟེར་གྱིན་པ་ལྟར་མི་འབོར་ཞིབ་བཤེར་སྐབས་ངེས་པར་དུ་སྐྱབས་བཅོལ་ལག་དེབ་ནང་གང་ཡོད་པ་དེ་གཞིར་བཟུང་ཐོ་འགོད་བྱ་དགོས་ཞེས་གསུངས།
ཐེངས་འདིར་༧གོང་ས་མཆོག་གིས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་ཡོད་པ་དང་། ཁོང་ཉིད་རྒྱ་གར་དུ་ལོ་ ༥༠ ལྷག་ལ་བཞུགས་སྟབས་མི་འབོར་ཞིབ་བཤེར་གྱི་ལས་རིམ་འདིའི་ནང་ཞུགས་རྒྱུར་སྤྲོ་བོ་བྱུང་ཞེས་གསུངས་འདུག་ལ། ཁོང་གིས་ད་དུང་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་ཚང་མས་འགེངས་ཤོག་འདི་བརྒྱངས་དགོས་པ་རེད། དེ་ལྟར་བྱས་ན་ཚང་མར་དམིགས་བསལ་ངོ་རྟགས་ཀྱི་འཛིན་བྱང་རག་གི་རེད་ལ། རྗེས་ཕྱོགས་མི་སྒེར་གྱི་ཡིག་ཆའི་ནང་དུ་འགོད་ཐུབ་གི་རེད་ཅེས་ལམ་སྟོན་ཡང་གནང་འདུག
དུས་བབ་ལགས།
བདེ་དོན་འགན་འཛིན་མ་རེད། དྷ་ས་ས་གནས་འགོ་འཛིན་རེད། (Tibetan Settlement officer, Dharamshala)
དོ་སྣང་བྱེད་དགོས་སར་མ་བྱེད་པར་ལུས་ནས་སྡོད་ཀྱི་འདུག བྱེད་མི་དགོས་སར་རམ་ཡང་ན་དོན་མེད་རྙོག་ཅན་རྣམས་ལ་ལག་པ་འཆང་རྒྱུ་དགའ་བ་དེ་འདྲ་ཅི་ཡིན་ནམ།
ཁག་མེད་ཀི། ཤེས་ཀྱི་ཡོད་ཀྱི་མ་རེད། དོ་སྣང་བྱེད་ཨ་
རྒྱ་གར་གྱི་ ( Unique Identity Card ) བཟོ་འདོད་ཡོད་ཀྱང་ཕྱི་རྒྱལ་ལ་ཡོད་ཙང་ག་རེ་བྱེད་དགོས་རེད།
བཙན་བྱོལ་བོད་མི་རྣམས་རྒྱ་གར་མི་འབོར་ཞིབ་བཤེར་ནང་འཛུགས་པ་ཡིན་ན་བཙན་བྱོལ་བོད་མི་རྣམས་རྒྱ་གར་གྱི་མི་སེལ་མི་ཆགས་སམ། ད་ཡོད་ཀྱི་བཙན་བྱོལ་བོད་མི་རྣམས་ལ་ལྟབས་བདེ་དང་བཟོ་ཡང་ཡོང་ཀྱང་ཕྱིས་སུ་བོད་མི་བཙན་བྱོལ་དུ་ཡོངས་མཁན་རྣམས་ལ་དཀའ་ངལ་གསར་པ་ཞིག་མི་ཕྲད་དམ།
བཙན་སྣོན་དྲག་པོས་མ་བཟོད།
རྒྱང་རིང་ལྷོ་མཐར་ཆགས་ཀྱང༌།
བཙན་སྣོན་གསར་པ་ཞིག་གི།
ཕེབས་སྒུག་བཞུས་ནས་སྡད་འདུག
ནོར། དེ་གཅིག་བཟོ་རོགས་གནང་། བཅོས། དེ་གཅིག་གསལ་པོ་བཟོ་རོགས་གནང་།
འབོད་སྐུལ་འདི་རྒྱ་གར་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མ་ལ་རེད་དམ་ཧི་མཱ་ཅལ་ནང་གི་བོད་མི་ཙམ་ལ་རེད། དེ་གཅིག་བཟོ་རོགས་གནང་། དྷ་ས་ཁུལ་ཙམ་མིན་པའི་མོད་མི་གནས་སྡོད་བྱ་ཡུལ་གྱི་ས་གནས་གཞན་དག་ལ་གོ་སྐབས་འདི་ཡོད་དམ་མེད།
ན་ནིང་གི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགྲུབ་འབྲས་ད་རུང་དྲིལ་བསྒྲགས་མི་བྱེད་དོན་ཅི་ཡིན། བཙན་བྱོལ་དུ་དགེ་འདུན་པ་མང་དྲགས་པས་མི་གྲངས་ཇེ་ཉུང་དུ་བྱིན་ཡོད་པ་མིན་ནམ།