གཟའ་སྤེན་པའི་དགོང་མོའི་འདུ་འཛོམས་ཤིག་གི་སྟེང་། བོད་པའི་ཕོ་གསར་གཉིས་ཀྱི་བར་རྒྱག་རེས་ཤོར་ཏེ། གཅིག་གི་བྲང་ཁར་གྲི་བཙུགས་སྟབས་བསད་ཡོད་འདུག
གནས་ཚུལ་ལྟར་ན། རང་ལོ་ ༣༠ ལ་སོན་པའི་ཐུབ་བསྟན་དར་རྒྱལ་ཟེར་བ་ཞིག་གིས་རང་ལོ་ ༢༣ ལ་སོན་པའི་བཀྲ་ཤིས་ཕུན་ཚོགས་ཟེར་བ་དེར་ཁོ་རང་གི་ལག་ཐོག་ཁ་པར་བརྐུས་པའི་ཉེས་འཛུགས་བྱས་སྟབས་འཁྲུག་པ་ཤོར་ཡོད་འདུག བཤད་ཚུལ་ལ་ཐུབ་བསྟན་དར་རྒྱལ་གྱིས་ཁོ་རང་གི་ལག་ཐོག་ཁ་པར་བརླག་པ་དེ་བཀྲ་ཤིས་ཀྱི་ལག་ནས་བརྙེད་ཡོད་འདུག དེ་ནས་རྒྱག་རེས་ཤོར་ཏེ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཕུན་བསྟན་དར་རྒྱལ་གྱི་བྲང་ཁར་གྲི་བཙུགས་ཡོད་འདུག
དོན་རྐྱེན་བྱུང་མ་ཐག་གྲོགས་པོ་ཚོས་ལམ་སེང་ཐུབ་བསྟན་དར་རྒྱལ་སྨན་ཁང་དུ་བསྐྱལ་ཡང་། རྨས་སྐྱོན་ལྕི་བར་བརྟེན་གཟའ་ཉི་མའི་ཞོགས་པའི་དུས་ཚོད་ ༡༢ སྟེང་གྲོངས་ཡོད་འདུག
གྱོད་དོན་བྱུང་ས་ནི་ལྡི་ལི་བོད་རིགས་གཞོན་ནུའི་ཁང་པའི་ཉེ་འཁྲིས་ཤིག་ཡིན་འདུག
བཀྲ་ཤིས་ཕུན་ཚོགས་གཟའ་ཉི་མའི་ཉིན་ཉེན་རྟོག་པས་འཇུས་ཤིང་། ཁོ་ལ་རྒྱ་གར་གྱི་ཉེས་དོན་རྩ་ཁྲིམས་དོན་ཚན་ ༣༠༢ ཀྱི་འོག་མི་གསོད་ཀྱི་ཉེས་པ་བཀལ་ཡོད་འདུག
ཐུབ་བསྟན་དར་རྒྱལ་ནི་བོད་ནས་འབྱོར་བ་ཞིག་ཡིན་པ་དང་། སྔོན་ཆད་མ་སུ་རིའི་སློབ་ཕྲུག་ཡིན་འདུག ད་སྐབས་ཁ་པར་གཏོང་སའི་ལས་ཁུངས་ཤིག་ན་ལས་ཀ་བྱེད་ཀྱིན་ཡོད་འདུག བཀྲ་ཤིས་ཕཱུན་ཚོགས་ནི་རྡོ་རྗེ་གླིང་ནས་ཡིན་འདུག བཤད་ཚུལ་ལ། ཐོག་མར་ཐུབ་བསྟན་དར་རྒྱས་ཀྱིས་བཀྲ་ཤིས་ཕུན་ཚོགས་ཀྱི་གདུང་ལ་ཁུ་ཚུར་གཞུས་ཡོད་པ་དང་། དེ་ནས་བཀྲ་ཤིས་ཕུན་ཚོགས་ཀྱིས་གྲི་ཞིག་བླངས་ཏེ་ཐུབ་བསྟན་དར་རྒྱལ་ལ་བཙུགས་ཡོད་འདུག
འདི་ནི་ད་ལོར་ལྡི་ལི་བོད་རིགས་གཞོན་སྐྱེས་ཚོའི་བར་འཁྲུག་འཛིང་ཤོར་ཏེ་མི་བསད་པའི་དོན་རྐྱེན་གཉིས་པ་དེ་རེད།
ཞབསའདྲེན་རང་རེད་་་་་་་འདི་དང་འདི་ལྟབུའི་རིགས་ཀྱིས་ནམ་ཡང་མཆེ་བ་ནང་མ་གཏོགས་ཕྱི་ལ་གཏོད་མི་ཤེས་ཀི་་་་་་ཁོ་ཚོ་ལྟ་བུའི་ནམ་ཡིན་ཡང་ང་་ཚོའི་སྤྱི་ཚོགས་ནང་ལ་བྱ་སྤྱོད་ངན་པས་རིགས་རྐྱང་རྐྱང་འཁྱེར་ཡོང་གི་འདུག།བསམ་བློ་ངནཔ་བྱ་སྤྱོད་ངན་པ།
དྲ་གྲོགས་ཚོ་འདི་བཞིན་ཐབས་སྡུག་གི་གནས་ཚུལ་གོ་དུས་ས་ཡོམ་ལས་འདས་ཤོར་བའི་སྤུན་ཟླ་རྣམས་ལ་བརྩེ་བ་ལྷག་པར་སྐྱེས་གི་ཡ།
ཐུབ་བསྟན་དར་རྒྱས་ཁྱེད་ཀྱི་གཏམ་བཟང་འཁྱེར་ནས་ཕྱིན་ཀྱང་ཆོག་མོད།
འོན་ཀྱང་གཏན་ངན་བཞག་ཏེ་ཅིའི་ཕྱིར་སོང༌།
ཁྱེད་ལ་འཇིག་རྟེན་འདིའི་ནང་ནས་སྙིང་རྗེ་མ་ཐོབ་ཀྱང་།
ཁྱེད་བོད་མི་ཞིག་ཡིན་པས་ངས་མ་ཎེ་ཚིག་གསུམ་གྱི་སྐྱེས་མ་བྱེད།
འོན་ཀྱང་ཁྱེད་ཀྱི་དོན་དུ་མྱ་ངན་སྐད་གཅིག་ཀྱང་བྱ་མི་འདོད།
ཅིའི་ཕྱིར་གདུང་རྩེ་ནང་དུ་སྟོན་མཁན་ལ་དུས་ནམ་ཡང་མྱ་ངན་མེད།
ཞེ་གདངས་དང་ཁོང་ཁྲོའི་ངང་རང་སྲོག་དོར་བས།
ཕྱི་མ་གཅན་ཟན་གཏུམས་དྲགས་ཅན་ཞིག་ཏུ་སྐྱེ་ངེས་པས།
བོད་རིགས་དང་བོད་མི་ལ་འཆེ་བ་མ་གདོན་རོགས།
དེ་ནི་ངས་རེ་བ་ཙམ་ཡིན།
སློང་མོ་བ་འབྲི་དུས་སློང་བ་བྲིས་འདུག ངོ་མ་ང་རང་ཉིད་ལ་ངོ་གནོངས་དགོས་པ་ཞིག་རེད། གཞན་ལ་ཞུ་དག་བྱེད་ཁུལ་བྱེད་བཞིན་རང་ལ་ཡིག་ནོར་དང་གདགས་ནོར་གྱི་ཁེངས་པ་མཐོང་དུས་་ཡིད་ཆད་ནི་ཞིག་རེད ། ཡིནའང་། བརྩེ་བསམ་ལ་ལྷོད་པ་མེད་ན ། ཞེ་འདངས་ཀྱི་རྒྱ་མཚོ་ལ་དཀྲུགས་པ་མི་སྲིད །
དྲ་གྲོགས་སློང་བ་ཁྱེད་ཀྱིས་འུ་ཚུགས་མ་བྱེད་རོགས །
རྒྱལ་བའི་བཀའ་དང་འགའ་བྲིས་ན་ཁྱེད་ཀྱི་སེམས་ལ་ཚོར་གང་འདྲ་ཞིག་སྐྱེ་གྱིན་འདུག འགའ་ཞེས་པའི་གོ་དོན་ཁ་ཤས་དང་རེ་ཟུང་སོགས་འཇུག
རྒྱལ་བའི་བཀའ་དང་འགལ་ཞེས་འབྲི་དགོས་ལོ་སྙིང་ཉེ་བའི་དྲ་གྲོགས་ལགས།
རང་གི་མི་ཚེ་རླག་ཅེས་པ་བྲིས་ན་ད་ལྟ་བའི་ཚིག་རེད་ རང་གི་མི་ཚེ་བརླགས་ཟིན་པ་འབྲི་དགོས་པའི་ད་ནས་བཟུང་དུས་གསུམ་གྱི་ཐད་ལ་སྐུ་ཉིད་ཀྱིས་ཐུགས་གཟབ་གནང་རོགས ། འདི་ལྟར་བྲིས་ན་ཁྱེད་ཀྱིས་བློ་ལ་འབབ་ས་ཨེ་རེད
ཨ་ཁ་ཁཁཁཁ་ དཔའ་བོ་འདི་ལྟ་བུ་བོད་རྒྱ་དམག་དང་བརྫིང་སྐབས་ཡོད་ན་ཕལ་ཆེར་བོད་རང་བཙན་ཤོར་གི་མ་རེད་ལ་ཁོ་རང་ཡང་བོད་རིགས་ཀྱི་དཔའ་བོ་ཞིག་ཆག་སྲིད། ཡིན་ན་ཡང་ད་ལྟ་སྟབས་མ་ལེགས་པ་ཞིག་ལ་ཁོ་རང་བོད་རིག་ཀྱི་ཞབས་འདྲེན་ཆགས་སོང་ དེ་འདྲའི་སེམས་སྐྱོ་བ་ལ་ལལལལལ
སྡུག་གྱོང་རེད། རྒྱག་མ་འཁྱོག་ན་འདི་འདྲ་རེད། འདི་ལྟ་བུའི་བྱ་ངན་ཡོད་མཁན་ཚང་མ་ཚར་ན་རེད། འདི་ལྟར་བྱས་ནས་རང་ཤི་ཐེབས་ན་བོད་པ་ཚང་ལ་གྱོང་ཞེ་དྲག་ཡོད་རྒྱུ་མ་རེད། རྒྱུ་མཚན་ནི་བྱ་ངན་སྤྱོད་ངན་གྱི་ལུགས་སྲོལ་རྙིང་དྲི་ཁ་བ་དག་ད་དུང་བསྡད་ཡོད་པས་ཡིན།
འདས་བོའི་ཆེད་དུ་ང་ཡང་ནང་པ་ཞིག་ཡིན་པའི་ཆ་ནས་ཚིག་པ་ཟ་ཞོར་དང་སྙིང་རྗེ་སྒོམ་ཞོར་ལ་ ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ། ཨྃ་མ་ཎྀ་པདྨེ་ཧཱུྃ།
ས་མཐའ་ནས་སྤུན་ཟླ་ནང་དམེས་བྱས་པ་དེ་ཡག་རྟགས་ཤིག་མ་རེད།
ད་ཡིན་ན་་་་་ཨ་་་་ཧ་་་བོ་་་་་ཚར་འདུག
shame on being a tibetan…
ཞི་བདེ་མེད་པའི་གསར་འབྱོར་་་་་་་་་ཧ་་་་་་་་ཧ་་་་་ཧ་་་་་ད་ཡིན་ན།
བོད་པ་འདི་ཚོ་རྒྱ་གར་བའི་མདུན་དུ་སྡར་མ་ཞིག་ཡིན་ཡང་ནང་ཁུལ་དུ་ཧ་ཅང་བུ་རྒོད་ཅང་ཅང་ཡིན། ཁྱོད་ཀྱིས་མོས་མཐུན་བྱེད་དམ།
ད་ཡིན་ན་ངོ་ཚ་བོད་པའི་ཞབས་འདེྲན་
གློ་པའི་རིགས་ནི་ཀ་དུས་ཡིན་ཡང་གློ་པ་ཡིན་སྟབས་ཧང་སང་དོན་མེད།
ཡ་ཡ། རྡར་མས་ལག་སྔ་བྱེད་ཟེར་བ་དེ་རེད། དོན་སྐྱེ་འདི་འདྲའི་ཆུང་ཆུང་ཞིག་གི་ཆེད་དུ་ཚེ་སྲོག་འཕྲོགས་ཟིན་འདུག དེང་སང་གི་བོད་པ་འདི་ཚོ་རྒྱ་གར་བ་ལ་ཐུག་ན་བརྙས་བཅོས་དང་རྡུང་བདེགས་སོགས་ཁུར་ལ། བོད་མི་ནང་ལ་ཕྲད་ཚེ་མི་གསོད་རྒྱུ་ལ་དོན་བདག་ཆེན་པོ་མི་དགོས་པ་འདི་མཚར།
འགྱོད་ལ་བཅོས་རོགས་ཞུ།
རྒྱལ་བའི་བཀའ་དང་འགའ། བོད་པའི་ཞབས་འདྲེན་ཞུ། རང་གི་མི་ཚེ་རླག ཕྱི་མ་ངན་སོང་སྐྱེ།
ཧ་ཧ་ད་ཡིན་ན་ཡོང་སོང་། བསམ་བློ་སྔོན་ལ་བཏང་ན་མཁས་པ། འགྱེད་པ་རྗེས་ལ་སྐྱེས་ན་ལྐུག་པ། བསྡད་དང་བསམ་མེད་མི་དེ་ཚོ་ལ་རྭ་ཅོ་རེ་དང་སྔ་མ་རེ་བཙུགས་ནས་བ་ཕྱུག་དང་མཉམ་དུ་གདགས་ཆོག
འབྱུང་འཁྲུགས་ཀྱིས་བརྒྱ་གྲོངས་པ་ལས། མི་འཁྲུགས་ཀྱིས་གཅིག་གསོད་པ་ཐབས་སྐྱོ་བ་རེད།
བེད་སྤྱོད་བྱེད་སྟངས་མ་ཤེས་ན། རང་ལ་དབང་བའི་དཔལ་འབོར་གྱིས་ཡང་རང་སྲོག་གཅོད་ཀྱིན་འདུག་་་་་་ འོ་་་་་་་་་་འོ་་་་་་་་་ ད་དུང་རྒྱ་གར་ཡུལ་ཚོའི་མདུན་གྱི་ངོ་ཚ་དེ་གང་ལ་འཇོག ་་་་་་ རེད་ཡ་་་་་ ནང་ལ་བསྐོར་ན་དཔའ་དང་དཔུང་བ་སྦོམ་པོ་འདུག་ཡ།
ར་ཅོ་མེད་པ་མ་ཏོག་གླང་རྒོག་རང་རེད།
ས་མཐའ་འདིར་སོ་སོར་སྡད་ས་ས་ཆ་ཙམ་ཡང་མེད་བཞིན་དུ་ད་དུང་
མི་དེ་ཚོ།
བུ་དཔའ་མས་མི་གསོད་རྡར་མས་གསོད།།
རྡར་མས་རྡར་དབྱུགས་བྱེད་ནས་གསོད།།
ཨོྃམཎིཔདྨེཧཱུཾ། ཡང་བོད་པ་གཅིག་ཉུང་དུ་སོང་ནི་རེད།
བོད་པའི་གོམས་གཤིས་ངན་པ་འདི་དག་ད་དུང་ཡང་འཇུག་སྒྲིལ་གྱི་མི་འདུག་ལ། དངོས་གནས་ཐབས་སྐྱོ་པོ་རེད། ནང་འཁོན་གྱིས་གསོད་རེས་བྱེད་པ་ནི་ཧ་ལམ་བྱེད་ཐབས་མེད་པ་ཞིག་ཡིན། ཕར་ཆེར་བོད་པས་གྲིས་བསད་པའི་མིའི་ནང་གི་བརྒྱ་ཆ་དགུ་བཅུ་བོད་རང་གི་མི་ཡིན་པ་རེད། ཧ་ལས་པའི་ཐབས་རྡུགསསསསསསསསསསསསསསསསསསསསསས
སྙིང་ལངས་མི་ཉན་ཡ། སྙིང་ལངས་ན་དོན་དག་འདི་འདྲ་འབྱུང་གི་རེད། སྙིང་རྩ་བ་ནས་ལངས་མི་ཉན། སྙིང་གི་མགོ་དགྱེ་ཙམ་ཡང་བྱེད་གི་མ་འཇུག ག་དུས་ཡིན་རུང་སྙིང་གི་མགོ་ནས་མར་གནོན་དགོས་པ་རེད།
༄༅།། ལྐུག་རྟགས་རེད་་་་་་་་་་་་་་་་་་་་་་་་་་་་་་་་
ངོ་མ་སྙིང་ལང་ནི་ཞིག་རེད
གྲི་ཕྱར་རེས་བྱས་ན་མཇུག་འབྲས་ཡག་པོ་ཞིག་གང་ནས་ཡོང་། ཉེ་ཆར་གངས་སྐྱིད་ནས་བོད་པའི་ཕོ་གསར་འགའ་དང་རྒྱ་གར་བ་རེ་ཟུང་གི་བར་དུ་རྒྱག་རེས་ཤོར་དུས་ཀྱང་། གང་ནས་ཁྱེར་ཡོང་མ་ཤེས་པའི་གྲི་ཞིག་བོད་པ་ཚོའི་ལག་ལ་ལྷུང་། དེ་ལ་བརྟེན་ནས་བོད་པ་དེ་ཚོ་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། དེ་དག་གི་ཁྲོད་ན་བཀའ་ཁྲི་མཆོག་གི་སྐུ་སྲུང་བའང་ཡོད། དེང་སྐབས་བཀའ་ཁྲི་མཆོག་ལ་སྐུ་སྲུང་བ་ཡོད་མེད་ཀྱང་མ་ཤེས། ཐབས་སྐྱོ་བོ་རེད།