གྲུབ་དབང་རྫོགས་ཆེན་དགོན་གཞིས་བྱེས་གཉིས་ཀྱིས་ཐེངས་འདིའི་སྐྱེ་རྒུ་མདོའི་གནོད་ཐེབས་ས་ཁུལ་ལ་བསྔོ་སྨོན་གསོལ་འདེབས་དང་རྒྱ་སྒོར་ཁྲི་ལྔ་བརྒྱ་དང་བཞི་བཅུ་ལྷག་གི་ཞལ་འདེབས་ཕུལ་ཡོད་འདུག
ཕྱི་ཚེས་ ༥ ཉིན་གྲུབ་དབང་རྫོགས་ཆེན་དགོན་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར། ཀོ་ལེ་གྷལ་གཞིས་ཆགས་ཁུལ་གྱི་དགོན་པ་ ༧ དང་གཞིས་གྲོང་༢༢ ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཐད་བདུན་ཚིག་གསུམ་པའི་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་ཡོད་པ་དང་།རྫོགས་ཆེན་རང་དགོན་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་མ་ཟད། བདུན་ཚིག་དག་ལ་དུས་ཚོད་ཟུར་གཅོད་ཀྱིས་ཀར་གླིང་ཞི་ཁྲོ་སོགས་གསུང་གིན་ཡོད་འདུག་ལ། བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་གྱི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོགས་ཀྱིན་ཡོད་པར་མ་ཟད། གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་ཧིན་སྒོར་འབུམ་ ༡ གི་ཞལ་འདེབས་དང་མ་འོངས་པར་རོགས་རམ་བྱ་རྒྱུ་དང་། རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེས་རྒྱ་སྒོར་ཁྲི་ ༦༠ ལྷག་གི་དངོས་རྫས་དང་སྐུ་དངོས་སུ་ཆེད་ཕེབས་གནང་ཡོད་ལ། སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་རྒྱ་སྒོར་ཁྲི་ ༥༡། སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ལགས་ཀྱིས་རྒྱ་སྒོར་ཁྲི་ ༢༤། མཁན་པོ་ཉི་རྒྱལ་ལགས་ཀྱིས་རྒྱ་སྒོར་ཁྲི་ ༢༡། སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ལགས་ཀྱིས་རྒྱ་སྒོར་ཁྲི་ ༡༦། སྤྲུལ་སྐུ་སྙན་གྲགས་ལགས་ཀྱིས་རྒྱ་སྒོར་ཁྲི་ ༡༤། སྤྲུལ་སྐུ་མགོན་པོ་ལགས་ཀྱིས་རྒྱ་སྒོར་ཁྲི་ ༡༣། སྤྲུལ་སྐུ་འཆི་མེད་རྡོ་རྗེ་ལགས་ཀྱིས་རྒྱ་སྒོར་ཁྲི་ ༥། སྤྲུལ་སྐུ་མཐུ་སྟོབས་ལགས་ཀྱིས་རྒྱ་སྒོར་ཁྲི་ ༣། སྨན་སྤྲུལ་དགེ་གྲགས་ལགས་ཀྱིས་ཧོང་ཀོང་སྒོར་ཁྲི་ ༩༨༧༠༠། རྫོགས་ཆེན་པའི་ཆོས་རྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་བསོད་ནམས་རབ་བརྟན་དང་གྲྭ་བཙུན་རྣམས་ཀྱིས་རྒྱ་སྒོར་ཁྲི་ ༡༠། མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་ ༡༢ བཅས་གྲུབ་དབང་རྫོགས་ཆེན་དགོན་གཞིས་བྱེས་གཉིས་ཀྱིས་བསྡོམས་ཏེ་ཞལ་འདེབས་རྒྱ་སྒོར་ཁྲི་ལྔ་བརྒྱ་བཞི་བཅུ
༥༤༠༠༌༠༠༠ ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད།
ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཐད་བོད་ནང་ཡོད་པའི་རྫོགས་ཆེན་མ་དགོན་གྱིས་ཕྱི་ཚེས་ ༡༦ ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ ༢༨༨༣། མི་སྐྱ་ ༣༠། སྨན་པ་ ༦ དང་སྨན་གཡོག་སོགས་རོགས་སྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆགས་བྱུང་ཡུལ་ཏུ་ཆས་ཏེ། ཉིན་བདུན་གྱི་རིང་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་རོགས་སྐྱོར་གང་ཡོད་གནང་ཡོད་པར་མ་ཟད། འདས་གྲོངས་སུ་ཕྱྱིན་པ་རྣམས་ལ་འཕོ་བ་དང་བསྔོ་སྨོན། བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ།གནོད་ཐེབས་ཤུལ་ལུས་མི་མང་ལ་མར་དང་རྩམ་པ། ཆུ་སོགས་ཟས་རིགས་དང་། རས་གུར།ཉལ་ཐུལ།ཉལ་གདན་སོགས་རྒྱ་སྒོར་ཁྲི་བཞི་བརྒྱ་ལྷག་གི་ཅ་དངོས་ཕུལ་ཡོད་འདུག་ལ།འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཀྱང་ཐེངས་འདིའི་གནོད་ཐེབས་མང་ཚོགས་ལ་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་གིས་རོགས་སྐྱོར་གནང་ཡོད་འདུག
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས།
ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།
དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
གྲུབ་དབང་རྫོགས་ཆེན་པ་ཞེས་གནའ་ནས་ད་བར་མཚན་སྙན་གྱིས་ཡངས་བའི་རྒྱལ་ཁམས་འདིར་ཁྱབ་པར་དེ་འདི་ལྟར་ལོས་ཡིན། ཐུགས་རྗེ་ཆེ་ཞེས་ཞུ།
སྡུག་སེམས་མཉམ་བསྐྱེད་ཀྱི་རྡོག་རྩ་གཅིག་ཏུ་སྒྲིག་པའི་ལས་འགུལ་ལ་རྗེ་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་ཡོངས་ནས་4.14 སྐྱེ་རྒུ་མདོའི་གནོད་ཚེ་ཕོག་སར་རམས་འདེགས་གནང་བ།
ཟླ་འདིའི་ཚེས་ལྔ་ཉིན་རྫོགས་ཆེན་དགོན་པའིམཁན་པོ་འཇམ་དཔལ་བསྟན་འཛིན་གྱིས་ཁྱབ་བསྒྲགས་གནང་བ་ལྟར་ན།
ཉེ་སྔོན་རང་གཞུང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་ཀོ་ལེ་གྷལ་གཞིས་ཆགས་ནས་ཀྱང་དགོན་པ་བདུན་དང་གཞིས་གྲོང་ཉེར་གཉིས་པོས་སྐྱེ་དགུ་མདོའི་ས་ཡོམ་གོད་ཆགས་དེར་བདུན་ཚིག་གསུམ་པ་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་ཡོད། རྫོགས་ཆེན་དགོན་ནས་ཉི་མ་དེ་དང་བསྟུན་རྒན་གསོ་ཁང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་མ་ཎི་གསོགས་སྒྲུབ་མཐར་བསྔོ་སྨོན་ཟབ་རྒྱས་གནང་ཡོད་པ་དང་། རྫོགས་ཆེན་དགོན་གཞུང་ནས་ཀྱང་ཀར་གླིང་ཞི་ཁྲོ་ཞལ་ཕྱེ་བྱས་ནས་བདུན་ཚིག་གསུམ་པ་དང་བཞིན་པ་ལེགས་གྲུབ་བྱས་ཡོད། སྤྱིར་སྤྱི་ཟླ ༤ ་༡༦ ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ནས་དབྱིན་ཇིའི་རྒྱལ་ས་ཨང་ལན་ནས་ཐུགས་གསོའི་འཚམ་འདྲི་ཅིག་ཕུལ་བ་ལྟར་དེ་རྗེས་ཧིན་སྒོར་ 100000 འབུམ་གཅིག་གི་ཞལ་འདེབས་དང་ད་དུང་རྗེས་ནས་ས་གནས་དེར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་རྒྱུའི་དགོངས་གཞི་ཤུགས་དྲག་ཡོད་རེད། དེ་བཞིན་རྫོགས་ཆེན་དགོན་རང་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་དང་ཁྱད་པར་བདུན་ཚིག་དག་ལ་དུས་ཚོད་ཟུར་གཅོད་བྱེད་ནས་ཀར་གླིང་ཞི་ཁྲོ་སོགས་གསུང་གྱིན་ཡོད། དེ་བཞིན་རྫོགས་ཆེན་པའི་ཆོས་རྒྱུད་བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་ནང་ཁུལ་ན་བཞུགས་པའི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོགས་ཀྱིན་ཡོད། ཁྱད་པར་བོད་ནང་ན་བཞུགས་པའི་རྫོགས་ཆེན་མ་དགོན་གྱིས་ཀྱིས་ཀྱང་ཚེས་བཅུ་དྲུག་ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ཉིས་བརྒྱ་གྱ་གསུམ་དང་མི་སྐྱ་སུམ་ཅུ། སྨན་པ་དྲུག་དང་སྨན་གཡོག་སོགས་རོགས་བསྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆགས་བྱུང་སར་འབྱོར་ནས་ཉིན་བདུན་གྱི་རིང་། འདས་གྲོང་དུ་སོང་བ་རྣམས་ལ་འཕོ་བ་དང་བསྔོ་སྨོན། ཐེང་དང་པོའི་ཉིན་བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ་དང་། ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་སོགས་བྱས། རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་དྲུག་དང་སྨན་གཡོག་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་བྱས། དེ་བཞིན་གནོད་ཐེབས་གསོན་པོ་མི་དམངས་རྣམས་ལ་ཙམ་པ། མར། ཆུ་སོགས་ཟས་རིགས་དང་། རས་གུར། ཉལ་ཐུལ། ཉལ་གདན་སོགས་ཀྱིས་རོགས་རམ་དོན་སྨིན་བྱས་པ་དང་། རྒྱ་སྒོར་ཁྲི་བཞི་བརྒྱ་ 4000 ལྷག་གི་བཅའ་དངོས་ས་འོག་ལས་བཏོན་ཏེ་དོ་བདག་སོ་སོའི་ལག་ལ་འཕྲོད་པར་བྱས། རྫོགས་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་གུར་དགའ། དེ་བཞིན་འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཞབས་འདེབས་སུ་ཕུལ་བ་རྣམས་བསྡོམ་པས་རྒྱ་སྒོར་ཁྲི་སུམ་བརྒྱ་ 3000 ལྷག་དང་། རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེ་ནས་རྒྱ་སྒོར་ཁྲི་དྲུག་ཅུ་ 600 ལྷག་གི་དངོས་རྫས་བསྣམ་ནས་ཐེངས་འདིར་སྐུ་དངོས་ཆེད་ཕེབས་གནང་བ་དང་། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ནས་རྒྱ་སྒོར་ཁྲི་ལྔ་བཅུ་ང་གཅིག 51 སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ནས་རྒྱ་སྒོར་ཁྲི་ཉེར་བཞི། 24 མཁན་པོ་ཉི་རྒྱལ་གྱིས་རྒྱ་སྒོར་ཁྲི་ཉེར་གཅིག 210,000 སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་སྒོར་ཁྲི་བཅུ་དྲུག 160,000 སྤྲུལ་སྐུ་སྙན་གྲགས་ནས་རྒྱ་སྒོར་ཁྲི་བཅུ་བཞི། 14 སྤྲུལ་སྐུ་མགོན་པོ་ནས་རྒྱ་སྒོར་ཁྲི་བཅུ་གསུམ། 13 སྤྲུལ་སྐུ་འཆི་མེད་རྡོ་རྗེ་ནས་རྒྱ་སྒོར་ཁྲི་ལྔ། 50 སྤྲུལ་སྐུ་མཐུ་སྟོབས་ནས་རྒྱ་སྒོར་ཁྲི་གསུམ། 03 སྨན་སྤྲུལ་དགེ་གྲགས་ནས་ཧོང་ཀོང་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་དང་། 98770 གཞན་ཁོང་གིས་ཧོང་ཀོང་ནས་མི་གྲངས་སྟོང་ལ་ཉེ་བས་ཐར་མདོ་ཞལ་འདོན་དང་སྨོན་ལམ་འཚོགས་འདུག། གཞན་ཡང་རྫོགས་ཆེན་པའི་ཆོས་རྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་ཀྱང་བསྟན་བདག་བསོད་ནམས་རབ་བརྟན་དང་གྲྭ་བཙུན་འགའ་ཆེད་ཕེབས་གནང་ནས་རྒྱ་སྒོར་ཁྲི་བཅུ་ 10 མི་མང་ལ་ལག་འགྱེད་བྱེད་འདུག མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་བཅུ་གཉིས། 12 གཞན་རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བས་གནས་ཚུལ་འདི་ཐོས་མ་ཐག་བསྔོ་བ་དང་སྨོན་ལམ་འཚོགས་འདུག ད་དུང་ཡང་ས་གནས་དེར་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་དང་མཆོག་གླིང་རོགས་སྐྱོར་ཚོགས་པ་དག་གཟིགས་སྐོར་ལ་ཕེབས་ཀྱི་འདུག་
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ནས་ཁྱོན་བསྡོམས་ཞལ་འདེབས་རྒྱ་ནག་སྒོར་མོ་ཁྲི་ལྔ་བརྒྱ་བཞི་བཅུ 5400 ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད་འདུག
གྲུབ་དབང་རྫོགས་ཆེན་དགོན་གྱི་འབྲེལ་མཐུད་པས།
སྤྱི་ལོ་ ༢༠༡༠་ ལོའི་ ཟླ་བ་ ༠༥་ པའི་ཚེས་༠༥ ཉིན།
སྔོན་བྱོན་གསར་རྙིང་མཁས་གྲུབ་སྐྱེས་ཆེན་བརྒྱ་ཕྲག་མང་པོའི་འབྱུང་གནས། སྡ་འགྱུར་གི་ཆོས་སྡེ་ཆེན་པོ་གྲུབ་དབང་རྫོགས་ཆེན་དགོན་པ་ཞེས་ལོ་རྒྱུས་ཀྱི་མཚན་སྙན་འཛམ་གླིང་ལ་ཡོངས་ལ་གྲགས་ཞིང་། སྔ་ཕྱིར་་བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་མཛད་རྗེས་རླབས་ཆེན་དུ་མ་བཞག་ཡོད་པ་དང་། བྱེ་བྲག་དུས་རབས་སྔ་མ་རྣམས་སུ་སྔ་འགྱུར་རྙིང་མ་དང་། དཔལ་ལྡན་ས་སྐྱ། འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ལ། མིང་དོན་མཚུངས་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་་བརྒྱ་དང་བཅོ་བརྒྱད་གསར་འཛུགས་ཀྱི་ཐུབ་པའི་མཐུན་རྐྱེན་གནང་མཛད་མྱོང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ད་ལྟ་ཡང་རྫོགས་ཆེན་ཤྲཱི་སིངྷ་བཤད་གྲྭ་ལ་མཁན་ཆེན་ཁྲི་བ་ཨོ་རྒྱན་རིག་འཛིན་སོགས་ཀྱིས་སྔར་བཞིན་འཆད་ཉན་མཛད་བཞིན་ཡོད་པར་ཐོས་པས་རྗེས་སུ་ཡི་རང་ཡོད།
དེང་སང་སོ་སོའི་དགོན་སྡེ་ཡར་རྒྱས་འགྲོ་སྐབས་ཆོས་སྡེ་གཞན་ལ་རོགས་སྐྱོར་བྱེད་རྒྱུ་ཕར་བཞག ཕྲག་དོགས་དང་འགྲན་སེམས་ཀྱིས་གཉའ་གནོན་དང་སྨ་འབེབས་ཁོ་ནར་བྱེད་བཞིན་ཡོད་པ་མཐོང་ཆོས་རེད།
དཔེར་ན་བོད་ཀྱི་བསམ་ཡས་དགོན་པ་དང་སྨིན་གླིང་དགོན་པ་ནི། སྔ་འགྱུར་རྙིང་མའི་གདན་ས་གཙོ་ཡིན་པས་དགོན་ལག་མང་པོ་ཡོད་ན་ཡང་། དེང་སང་ཕྱོགས་ཕན་ཚུན་བར་དཔལ་འབྱོར་འགྲན་བསྡུར་བྱས་ནས་སྒོར་མོ་སུ་མང་བལྟ་བ་ཁོ་ན་་ལས། སོ་སོའི་དགོན་ལག་ལ་རོགས་སྐྱོར་བྱེད་རྒྱུའི་བསམ་བློ་་ཙམ་ཡང་མི་འདུག་པས། འབྲེལ་ཡོད་ཁག་གིས་དགོན་པའི་གཙོ་འཛིན་དག་ལ་བཀའ་སློབ་དང་རེ་བསྐུལ་་གནང་འོས
དེ་བཞིན་རྒྱ་དམར་གྱི་སྲིད་ཇུས་ངན་པས་་བོད་ཀྱི་དགོན་སྡེ་མང་པོ་བལྟ་བསྐོར་བའི་བསྟི་གནས་ལྟ་བུ་བྱས་པས་ཆོས་ལ་་ཐོས་བསམ་སྒོམ་པ་ཅི་ཡང་བྱེད་རྒྱུ་མེད་པའི་གནས་སུ་ལྷུང་འདུག་པས། ཕྱོགས་ཀུན་ནས་རྒྱ་དམར་ཀྱི་སྲིད་ཇུས་ངན་པ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་སོ།
གོང་གི་རང་གི་མཆན་བུར་ཆད་པ་སྣོན་ཞོར་དུ། སྤྱི་ཟླ་ ༥ པའི་ཚེས་ ༢༧ ལ་ས་ག་ཟླ་བའི་ཚེས་༼༡༥༽བཅོ་ལྔ་འཁེལ་བ་ཡིན་སྟབས་རང་གིས་ཤེས་པའི་སྡིག་པ་སྣ་གཅིག་སྤོངས་ཐབས་དང་། དགེ་བ་སྣ་གཅིག་མེད་ནའང་གནང་ཐབས་ཞུ།
སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན༎
འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི༎
ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས༎
པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས༎
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ཁྱེད་རྣམ་པས་གཤམ་གྱི་གནས་ཆུ༹ལ་ཐོག་གཟིགས་འདོད་ཡོད་ཆེ༹། http://www.phayul.com and Ranyag Monasteryརྒྱུད་ནས་གནས་ཆུ༹ལ་ཆ་ཆ༹ང་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
དཔལ་སྡ་འགྱུར་གིྱ་ཆོས་སྡེ་ཆེན་པོྲ་གྲུབ་དབང་རྫོག་ཆེན་དགོན་གྱི་ཞལ་འདེབས་
གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན༎
འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི༎
ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས༎
པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས༎
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
རྫོགས་ཆེན་དགོན་སོགས་ནས་སྐྱེ་རྒུ་མདོའི་འཆི་གསོན་རྣམས་ཀྱི་ཆེད་དུ་ཞལ་འདེབས་གནང་བར་ཚང་མས་རྗེས་སུ་ཡི་རང་དང་ཆབས་ཅིག འདི་རིང་སྤྱི་་ཟླ་ ༥ པའི་ ༡༤ ནས་བོད་ཟླ་བཞི་པ་ས་ག་ས་ག་ཟླ་བའི་ཚེས་གཅིག་འགོ་ཚུགས་པ་ནས། སྤྱི་ཟླ་ ༥ པའི་ཚེས་ ༢༧ དང་། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལ་གནམ་གང་འཁེལ་བ་སོགས་དྲྭ་གྲོགས་རྣམས་ཀྱིས་ཐུགས་ལ་བཅངས་ནས་འགྲོ་སོང་ཆུང་ལ་ཕན་ཡོན་ཆེ་བའི་དམར་ཟས་དང་ཆང་སོགས་སྤོངས་ཐབས་ཡོང་བའི་དྲན་གསོ་དང་རེ་བསྐུལ་ཞུ།
ཐུགས་རྗེ་ཆེ་
རྩོམ་སྒྲིག་པ་ལགས། རྒྱ་སྒོར་ཁྲི་ལྔ་བརྒྱ་ཡིན་ན་གོང་གི་ཁ་བྱང་ནང་རྒྱ་སྒོར་ཁྲི་ལྔ་བྲིས་འདུག་པ་དེ་ནོར་བཅོས་གནང་རོགས།
་་་་་་་་་་གྲུབ་དབང་རྫོགས་ཆེན་དགོན་གཞིས་བྱེས་གཉིས་ཀྱིས་བསྡོམས་ཏེ་ཞལ་འདེབས་རྒྱ་སྒོར་ཁྲི་ལྔ་བརྒྱ་བཞི་བཅུ ༥༤༠༠༌༠༠༠ ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད། ་་་་
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་ཡོངས་ནས་4.14 སྐྱེ་རྒུ་མདོའི་གནོད་ཚེ་ཕོག་སར་རམས་འདེགས་གནང་བ།
ཉེ་སྔོན་རང་གཞུང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་ཀོ་ལེ་གྷལ་གཞིས་ཆགས་ནས་ཀྱང་དགོན་པ་བདུན་དང་གཞིས་གྲོང་ཉེར་གཉིས་པོས་སྐྱེ་དགུ་མདོའི་ས་ཡོམ་གོད་ཆགས་དེར་བདུན་ཚིག་གསུམ་པ་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་ཡོད། རྫོགས་ཆེན་དགོན་ནས་ཉི་མ་དེ་དང་བསྟུན་རྒན་གསོ་ཁང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་མ་ཎི་གསོགས་སྒྲུབ་མཐར་བསྔོ་སྨོན་ཟབ་རྒྱས་གནང་ཡོད་པ་དང་། རྫོགས་ཆེན་དགོན་གཞུང་ནས་ཀྱང་ཀར་གླིང་ཞི་ཁྲོ་ཞལ་ཕྱེ་བྱས་ནས་བདུན་ཚིག་གསུམ་པ་དང་བཞིན་པ་ལེགས་གྲུབ་བྱས་ཡོད། སྤྱིར་སྤྱི་ཟླ ༤ ་༡༦ ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ནས་དབྱིན་ཇིའི་རྒྱལ་ས་ཨང་ལན་ནས་ཐུགས་གསོའི་འཚམ་འདྲི་ཅིག་ཕུལ་བ་ལྟར་དེ་རྗེས་ཧིན་སྒོར་ 100000 འབུམ་གཅིག་གི་ཞལ་འདེབས་དང་ད་དུང་རྗེས་ནས་ས་གནས་དེར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་རྒྱུའི་དགོངས་གཞི་ཤུགས་དྲག་ཡོད་རེད། དེ་བཞིན་རྫོགས་ཆེན་དགོན་རང་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་དང་ཁྱད་པར་བདུན་ཚིག་དག་ལ་དུས་ཚོད་ཟུར་གཅོད་བྱེད་ནས་ཀར་གླིང་ཞི་ཁྲོ་སོགས་གསུང་གྱིན་ཡོད། དེ་བཞིན་རྫོགས་ཆེན་པའི་ཆོས་རྒྱུད་བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་ནང་ཁུལ་ན་བཞུགས་པའི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོགས་ཀྱིན་ཡོད། ཁྱད་པར་བོད་ནང་ན་བཞུགས་པའི་རྫོགས་ཆེན་མ་དགོན་གྱིས་ཀྱིས་ཀྱང་ཚེས་བཅུ་དྲུག་ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ཉིས་བརྒྱ་གྱ་གསུམ་དང་མི་སྐྱ་སུམ་ཅུ། སྨན་པ་དྲུག་དང་སྨན་གཡོག་སོགས་རོགས་བསྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆགས་བྱུང་སར་འབྱོར་ནས་ཉིན་བདུན་གྱི་རིང་། འདས་གྲོང་དུ་སོང་བ་རྣམས་ལ་འཕོ་བ་དང་བསྔོ་སྨོན། ཐེང་དང་པོའི་ཉིན་བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ་དང་། ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་སོགས་བྱས། རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་དྲུག་དང་སྨན་གཡོག་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་བྱས། དེ་བཞིན་གནོད་ཐེབས་གསོན་པོ་མི་དམངས་རྣམས་ལ་ཙམ་པ། མར། ཆུ་སོགས་ཟས་རིགས་དང་། རས་གུར། ཉལ་ཐུལ། ཉལ་གདན་སོགས་ཀྱིས་རོགས་རམ་དོན་སྨིན་བྱས་པ་དང་། རྒྱ་སྒོར་ཁྲི་བཞི་བརྒྱ་ 4000 ལྷག་གི་བཅའ་དངོས་ས་འོག་ལས་བཏོན་ཏེ་དོ་བདག་སོ་སོའི་ལག་ལ་འཕྲོད་པར་བྱས། རྫོགས་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་གུར་དགའ། དེ་བཞིན་འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཞབས་འདེབས་སུ་ཕུལ་བ་རྣམས་བསྡོམ་པས་རྒྱ་སྒོར་ཁྲི་སུམ་བརྒྱ་ 3000 ལྷག་དང་། རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེ་ནས་རྒྱ་སྒོར་ཁྲི་དྲུག་ཅུ་ 600 ལྷག་གི་དངོས་རྫས་བསྣམ་ནས་ཐེངས་འདིར་སྐུ་དངོས་ཆེད་ཕེབས་གནང་བ་དང་། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ནས་རྒྱ་སྒོར་ཁྲི་ལྔ་བཅུ་ང་གཅིག 51 སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ནས་རྒྱ་སྒོར་ཁྲི་ཉེར་བཞི། 24 མཁན་པོ་ཉི་རྒྱལ་གྱིས་རྒྱ་སྒོར་ཁྲི་ཉེར་གཅིག 210,000 སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་སྒོར་ཁྲི་བཅུ་དྲུག 160,000 སྤྲུལ་སྐུ་སྙན་གྲགས་ནས་རྒྱ་སྒོར་ཁྲི་བཅུ་བཞི། 14 སྤྲུལ་སྐུ་མགོན་པོ་ནས་རྒྱ་སྒོར་ཁྲི་བཅུ་གསུམ། 13 སྤྲུལ་སྐུ་འཆི་མེད་རྡོ་རྗེ་ནས་རྒྱ་སྒོར་ཁྲི་ལྔ། 50 སྤྲུལ་སྐུ་མཐུ་སྟོབས་ནས་རྒྱ་སྒོར་ཁྲི་གསུམ། 03 སྨན་སྤྲུལ་དགེ་གྲགས་ནས་ཧོང་ཀོང་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་དང་། 98770 གཞན་ཁོང་གིས་ཧོང་ཀོང་ནས་མི་གྲངས་སྟོང་ལ་ཉེ་བས་ཐར་མདོ་ཞལ་འདོན་དང་སྨོན་ལམ་འཚོགས་འདུག། གཞན་ཡང་རྫོགས་ཆེན་པའི་ཆོས་རྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་ཀྱང་བསྟན་བདག་བསོད་ནམས་རབ་བརྟན་དང་གྲྭ་བཙུན་འགའ་ཆེད་ཕེབས་གནང་ནས་རྒྱ་སྒོར་ཁྲི་བཅུ་ 10 མི་མང་ལ་ལག་འགྱེད་བྱེད་འདུག མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་བཅུ་གཉིས། 12 གཞན་རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བས་གནས་ཚུལ་འདི་ཐོས་མ་ཐག་བསྔོ་བ་དང་སྨོན་ལམ་འཚོགས་འདུག ད་དུང་ཡང་ས་གནས་དེར་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་དང་མཆོག་གླིང་རོགས་སྐྱོར་ཚོགས་པ་དག་གཟིགས་སྐོར་ལ་ཕེབས་ཀྱི་འདུག་
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ནས་ཁྱོན་བསྡོམས་ཞལ་འདེབས་རྒྱ་ནག་སྒོར་མོ་ཁྲི་ལྔ་བརྒྱ་བཞི་བཅུ 5400 ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད་འདུག
འདི་ཕྱི་གཉིས་ཀྱི་སྐྱབས་གནས་དག་ལ་སྐྱབས་སུ་མཆིའོ།
བཀུར་འོས་དུས་བབ་དྲ་ཚུགས་གསར་འགོད་པ་ལགས།
གོང་གི་གསར་འགྱུར་འདིིའི་ཁ་བྱང་འདོགས་སྟངས་དང་དཀྱུས་ཀྱི་བརྗོད་གཞི་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཤོར་འདུག་པས་ན། བསྐྱར་དུ་མྱུར་མོའི་སྒོ་ནས་བཟོ་བཅོས་རྒྱག་རོགས་ཡོང་བར་ཞུ་རྒྱུ་ལགས།