མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོག་ཁྲིམས་མེད་པ་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དུག་རྫས་ཀྱི་གནད་དོན་དང་འབྲེལ་བའི་བཙོན་པར་སྲོག་ཁྲིམས་གཅོད་པའི་ཁོངས་སུ་རྒྱ་ནག་སོཊ་རྒྱལ་ཁབ་ ༦ ཚུད་ཡོད་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བརྗོད་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་བྷི་བྷི་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ IHRA ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་། ལོ་རེར་འཛམ་གླིང་ཧྲིལ་པོར་ཉུང་མཐར་མི་ ༡༠༠༠ ལྷག་ལ་དུག་རྫས་བེད་སྤྱོད་ཀྱི་ནག་ཉེས་ཕོགས་ཏེ་སྲོག་ཐོག་ཏུ་གཏོང་བཞིན་ཡོད་ལ། ད་དུང་ཡང་ཨེ་ཤ་ཡ་དང་དབུས་ཤར་ཁུལ་གྱི་རྒྱལ་ཁབ་ ༣༢ ཙམ་གྱིས་དུག་རྫས་ཐོན་སྐྱེད་དང་དབོར་འདྲེན་བྱེད་མཁན་སྲོག་ཐོག་ལ་གཏོང་གིན་ཡོད་ལ།  དེ་དག་ནི་གཙོ་བོ་རྒྱ་ནག་དང་། ཨི་རན། སོ་ཌེ་ཨ་རབ། ཝེ་ཐི་ནམ། སིང་གྷ་པོར། མ་ལེ་ཤི་ཡ་བཅས་རེད་འདུག ན་ནིང་ལོར་ཨི་རན་གྱིས་མི་ ༡༧༢ ཙམ་ལ་སྲོག་ཁྲིམས་བཅད་ཡོད་ལ། མ་ལེ་ཤི་ཡས་ཀྱང་ཉུང་མཐར་མི་ ༥༠ ལ་སྲོག་ཁྲིམས་བཅད་ཡོད་འདུག རྒྱ་ནག་གིས་སྲོག་ཁྲིམས་གྱི་གྲངས་ཚད་སྦས་གསང་བྱས་པའི་སྟབས་ཀྱིས་ཁ་གསལ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། དབྱེ་ཞིབ་པས་ལོ་རེའི་རྒྱ་ནག་གི་སྲོག་ཐོག་ཏུ་གཏོང་བའི་གྲངས་ཚད་དེ་རྒྱལ་ཁབ་གཞན་ལས་མང་བར་ཚོད་དཔག་བྱེད་ཀྱིན་ཡོད་འདུག  སྙན་ཐོ་དེའི་ནང་མུ་མཐུད་དོན།  མ་ལེ་ཤི་ཡ་དང་སང་གྷ་པོར་གཉིས་ནི་དེ་སྔོན་སྲོག་ཁྲིམས་མང་བའི་རྒྱལ་ཁབ་རེ་ཆགས་ཡོད་ཀྱང་། ད་ལྟའི་གྲངས་ཚད་སྔོན་མ་དང་བསྡུར་ན་རྦད་དེ་ཉུང་དུ་ཕྱིན་ཡོད་ལ། ཝེ་ཐི་ནམ་གྱིས་ཀྱང་སྲོག་ཁྲིམས་གནད་དོན་ལ་བསམ་བློ་གཏོང་གིན་ཡོད་ཚུལ་སོགས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༢༡ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 2

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག

    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱིན་ཡོད་ན་ཡང་། མི་གཟུགས་སུ་ཡོད་པའི་རྒྱ་དམར་ཇག་གཞུང་གིས། རྒྱལ་ཡོངས་མི་དམངས་ལ་ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི་བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་གཏན་ནས་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས་ལ། བློ་སྣ་ཐུང་བའི་རྒྱ་དམར་ཇག་ཚོགས་གིས་རང་བྱས་རང་སྡུག་ཆེན་པོ་མྱོང་ངེས་ཡིན།

    སྙིང་རྗེའི་སྔོན་བརྡ།

    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད།

    གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་ཞིང་འགད་པའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  2. karma dorje says:
    ལོ་ 15 སྔོན།

    རྒྱ་ནག་ཧྥུ་ཅན་ཞིང་ཆེན་དུ་སློབ་ཕྲུག་ ༨ བསད་པའི་ཀྲིན་མེན་ཧྲིན་ཟེར་བའི་སྐྱེས་པ་དེ་སྲོག་ཐོག་ཏུ་བཏང་ཡོད་པས་ཁྱོན་བསྡོམས་མི་ ༩ བསད་པ་རེད། སྲོག་ཐོག་ཐབས་ཤེས་ནོར་བ་ཤེས་ནུས།
    ལོ་རྒྱུས་བསོད་པ་འདིས་ག་རེ་སྟོན་འདུག ཟེར་ན། མི་ངན་གྱིས་མི་ ༧ བསད། དེའི་ཐོག་ལ་འུབ་བཟོ་མ་བསྡུས་པའི་རྒྱ་ནག་གཞུང་ངན་གྱིས་མི་ ༡ བཅས་བརྒྱད་ཀྱི་སྒང་ལ་གཅིག་གསར་དུ་བསད་པས་ཁྱོན་བསྡོམས་མི་དགུ་བསད་པ་ནི། མིའི་ལོ་རྒྱུས་ཐོག་ཐབས་སྐྱོ་བའི་གནས་ཚུལ་མ་ཡིན་ནམ། འཛམ་གླིང་མི་འབོར་ཆེ་ཡང་སྐྱེ་སྒོ་བཀག་ཆོག་ཀྱང་། སྐྱེས་ཟིན་པའི་མི་གཅིག་ཀྱང་། སུ་ལ་ཡང་གསོད་རྒྱུའི་ཐོབ་ཐང་ཡོད་མ་རེད། སྲོག་ཁྲིམས་བཟོ་མཁན་ཁོང་རང་། རང་བཟོའི་ཁྲིམས་འོག་ལ་འཆི་དགོས་སྲིད་པ་ཡིན་པས་སྲོག་ཁྲིམས་ཡོད་པའི་རྒྱལ་ཁབ་ཚོས་གཟབ་ནན་བྱེད་དགོས། སྲོག་ཁྲིམས་མྱུར་དུ་མེད་པ་ཆགས་པའི་སྨོན་འདུན་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese