བློ་བཟང་སེང་གེ
ཉེ་དུས་བོད་ཀྱི་ས་ཁུལ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་སྐབས། ལུས་ལ་ནབ་བཟའ་དམར་པོ་མཆོད་པའི་དགེ་འདུན་པ་ཚོས། རང་ཉིད་ཀྱི་ལག་པ་དམར་རྗེན་ཁོ་ན་ལ་བརྟེན་ནས་ས་འོག་ནས་ཕུང་པོ་སྔོག་འདོན་བྱས་པ་དང། མི་མང་བཅིང་གྲོལ་དམག་གིས་དེང་རབས་འཕྲུལ་ཆས་ལག་ཏུ་བཟུང་རྒྱལ་དར་དམར་པོ་ཐོད་དུ་བཙུགས་ནས། ཕུང་པོ་སྔོག་འདོན་བྱས་པའི་ལས་དོན་རྣམས་སྣང་མེད་དུ་བཏང་སོང་ལ། རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོའི་ས་ཡོམ་དེ་ཁ་ལ་འཁྱེར་ཏེ་”རྒྱ་ནག་ནུབ་ཁུལ་གྱི་ས་ཡོམ་”ཞེས་འབོད་ནས། དོན་དུ་ལམ་ལུགས་དང་ལྡན་པའི་ཐོག་ནས་བོད་དེ་འཛམ་གླིང་འདིའི་ས་ཁྲ་ནས་རྩ་ཡལ་གཏོང་བའི་ཐབས་ལམ་འཚོལ་གྱི་ཡོད་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་སྐྱེ་རྒུ་མདོར་རྒྱ་ནག་གི་ནུབ་ཁུལ་ཞེས་འབོད་ནས། ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ལྟ་སྐོར་དུ་ཡོང་སྐབས། བོད་ཀྱི་ས་ཁུལ་ཕྱོགས་གང་ས་ནས་བོད་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱ་བཟུང་སྟེ། སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་བོད་རིགས་རྣམས་སྐྱོབ་ཆེད་དུ་འབྱོར་ཟིན་པ་རེད།
དེ་དང་བསྟུན་ནས་འཛམ་གླིང་གིས་བོད་ཀྱི་ས་ཆའི་སྐོར་ལ་རྒྱུས་མངའ་ཇི་ཙམ་ཡོད་མེད་ཀྱི་ཐད་ལ། ངས་གྷུའུ་གྷལ་ཏྲིར་ཌི་GOOGLE TRENDSདྲ་གནས་སུ་བོད་ཅེས་བརྒྱབ་སྐབས། བོད་ཀྱི་ས་ཆ་འདྲ་མིན་དང་གྲོང་ཁྱེར་ཁག སྐད་ཡིག་བཅས་ཐོན་གྱི་འདུག་ལ། དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་ལ་འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་དངོས་རྟགས་གསལ་པོ་ཐོན་གྱི་ཡོད་པ་མ་ཚད། མི་ལོ་༥༠ རྗེས་ནས་གཞིས་བྱེས་གཉིས་ཁ་བྲལ་སོང་ནས་དུས་ཡུན་དེ་ལྟར་སོང་ཡོད་ཀྱང། ས་ཡོམ་གྱི་གོད་ཆག་ཁྲོད་དུ་ལུས་པའི་བོད་མི་ཚོའི་དད་པ་གཡོ་བ་མེད་པའི་ཐོག་ནས་གནས་ཡོད་པ་རེད། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་དོ་སྣང་མུ་མཐུད་བྱེད་ཀྱི་ཡོད་པའི་མཚོན་བརྡ། གྷུའུ་གྷལ་དྲ་གནས་ཀྱི་རྩིས་རིས་སམ་ཐིག་རིས་graphs.བརྡ་མཚོན་(དམར་པོ་)དང་། ༧གོང་ས་མཆོག་གི་བརྡ་མཚོན་རྩིས་རིས་(སྔོན་པོ་)དེ་རེད། དམིགས་སུ་བཀར་ནས་༢༠༠༨ ནང་བོད་ཀྱི་གནད་དོན་ཐད་ལ་དོ་སྣང་རྒྱ་ཆེ་རུ་སོང་ཡོད་པ་རྣམས་གཤམ་དུ་རྩིས་རིས་ལ་གཟིགས།
འདི་དང་འབྲེལ་ནས་སྙན་པོ་མེད་པའི་གནས་ཚུལ་ཞིག་ཡོད་པ་ནི། ངས་གྷུའུ་གྷལ་ཏྲིར་ཌི་དྲ་གནས་ནང་”བོད་ཀྱི་ལས་འགུལ་”ཟེར་ནས་བརྒྱབ་སྟེ་འཛམ་གླིང་མི་མང་གིས་ཇི་ཙམ་དོ་སྣང་བྱེད་ཀྱི་ཡོད་མེད་འཚོལ་ཞིབ་བྱས་པས། བསམ་ཡུལ་ལས་འདས་པ་ཞིག་ལ་དྲ་གནས་དེའི་ལན་འདེབས་སྟོང་པ་རེད་འདུག སྟོང་པའི་ནང་དོན་ནི། སྤྱིར་འཛམ་གླིང་མི་མང་གིས་བོད་ཀྱི་ལས་འགུལ་དེ་གྷུའུ་གྷལ་དྲ་གནས་སུ་འཚོལ་ཞིབ་གྲངས་ཚད་ལོངས་བ་བྱེད་ཀྱི་མེད་པ་དང། དེ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་གྷུའུ་གྷལ་ཏྲིར་ཌི་དྲ་གནས་ནང་བོད་ཀྱི་ལས་འགུལ་གྱི་གསར་འགྱུར་འཇུག་འགོད་བྱེད་ཀྱི་མེད་པ་རེད། དེ་ནས་བཙན་བྱོལ་བོད་གཞུང་གི་སྐོར་དང། བཙན་བྱོལ་ནང་གི་བོད་ཀྱི་གྲོས་ཚོགས་ཁང། བཀའ་ཤག རང་བཙན། རང་བཙན་མཐུན་ཕྱོགས། རང་ཐག་རང་གཅོད། ཡང་ན་བདེན་པའི་ཨུ་ཚུགས་བཅས་དང། དེ་བཞིན་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་རླུང་འཕྲིན་ཁང་བཅས་ཡོངས་རྫོགས་དྲ་གནས་དེའི་ནང་སྟོང་རྐྱང་རེད་འདུག གཅིག་ཁོ་ན་གནས་ཡོད་པ་ནི་དབུ་མའི་ལམ་རེད་འདུག་པས། འདི་ནི་གྷུའུ་གྷལ་ཏྲིར་ཌི་GOOGLE TRENDSདྲ་གནས་ཇི་སྲིད་གནས་པའི་བར་དེ་སྲིད་དུ་གནས་རྒྱུ་ཡིན་པ་ལས། དེ་མིན་གྷུའུ་གྷལ་དྲ་གནས་དེ་ཇི་ཙམ་གནས་པའི་བར་བོད་ཀྱི་ལས་འགུལ་རྣམས་དྲ་གནས་དེའི་ནང་གནས་མི་ཐུབ་པའི་ཚོད་དུ་འདུག་པས། གཤམ་དུ་དྲ་གནས་ཀྱིས་རྩིས་རིས་སམ་ཐིག་རིས་graphs.ཀྱི་བརྡ་མཚོན་བསྟན་པ་ལ་གཟིགས། ཁྱེད་ཀྱིས་འཚོལ་ཞིབ་བྱེད་དགོས་པའི་མིང་ཚིག་བཙན་བྱོལ་བོད་གཞུང་དང། སྤྱི་འཐུས། རང་བཙན། བཀའ་ཤག་བཅས་དྲ་གནས་ཐོག་བརྒྱབ་སྐབས་འཚོལ་ཞིབ་རུང་བའི་རྩིས་རིས་ཀྱི་བརྡ་མཚོན་ཐོན་གྱི་མེད།
|
|
|
0
Tip: Use commas to compare multiple search terms.
|
|
|
Your terms – Tibetan government in exile, Chitue, Rangzen, Kashag – do not have enough search volume to show graphs.
|
བོད་པའི་སྤྱི་ཚོགས་ནང་ཆེས་གལ་འགངས་ཆེ་བའི་གནད་དོན་ཏེ། བཀའ་ཤག་དང་རང་བཙན་དྲ་གནས་འདིའི་ཐོག་འཚོལ་ཞིབ་ཀྱིས་དངོས་འགྱུར་ཡོང་བར་དཀའ་བའི་རང་བཞིན་དུ་གྱུར་ཡོད་པ་དེ་ནི། འཛམ་གླིང་འདིའི་ཐོག་ཏུ་འཚོལ་ཞིབ་བྱེད་མཁན་མེད་པའི་རྐྱེན་གྱིས་ཡིན་པ་དང། བོད་པའི་སྐོར་འཁོད་པའི་གནད་དོན་དེ་འབར་མ་དང་ཤར་ཏིར་ཀི་སི་ཐན་བཅས་ཀྱི་ལས་འགུལ་དང་མཚུངས་བསྡུར་བྱེད་སྐབས། རྒྱལ་ཁབ་དེ་དག་གི་དཀའ་སྡུག་ང་ཚོའི་ལས་དབང་དང་གཅིག་མཚུངས་རེད། དོ་སྣང་བྱེད་འོས་པ་ཞིག་ལ་པཱ་ལི་སི་ཐན་ནི་རྒྱལ་ཁབ་ཀྱི་ངོ་བོ་དང་མཱོ་ཧན་མ་དི་ཨ་བྷ་སི་Mohammad Abbas འགོ་འཁྲིད་ཀྱི་ངོ་བོ། ཡུལ་དེའི་འཛིན་སྐྱོང་མི་སྣ་ལས་གྲུབ་པའི་གཞུང་། པཱ་ལི་སི་ཐན་རང་དབང་མཐུན་ཟེར་བ་ཚོགས་པའི་ངོ་བོ། ཨིན་ཊི་ཧྤ་ཌཱ་Intifada ཞེས་པའི་ལས་འགུལ་རྣམས་ལ་ཆར་མཚོན་ན། གྷུའུ་གྷལ་ཏྲིར་ཌི་དྲ་གནས་ཀྱི་བརྡ་མཚོན་རྩིས་རིས་དེ་ཡུལ་དེའི་ནང་སྙན་གྲགས་ཆེ་བའི་གནས་རི་མཐོ་ཊིམ་པིལ་མཱན་ཊི་དང་དམའ་རི་གཤོང་ལ་བབས་པ་ལྟར་སྣང།པཱ་ལི་སི་ཐན་རང་དབང་མཐུན་ཚོགས་པ་འདི་དཔའ་ངར་ཆེ་བའི་ཕྱོགས་ཁག་བཅུ་དང་ཟླ་སྒྲིལ་པའི་ཚོགས་པ་ཡིན་པ་མ་ཟད། ཚོགས་པ་འདིའི་དྲག་སྤྱོད་དེ་ཧཱ་མཱ་སི་དང་ཁ་བྲལ་ཏེ། གོང་བུ་ཆིག་སྒྲིལ་གྱི་སྟོབས་ཤུགས་ལ་འཛམ་གླིང་མི་མང་གིས་དོ་སྣང་བྱེད་ཀྱི་ཡོད་པ་རེད། བོད་མི་ཚོས་ལས་འགུལ་གྱི་སེམས་འདུན་གསལ་བརྗོད་མ་ཐུབ་ནས་ལམ་ལྷོང་མ་བྱུང་བ་རེད་དམ། གཤམ་དུ་གཟིགས།
གལ་གནད་ཆེ་བའི་དྲི་བ་གཅིག་ཡོད་པ་ནི། བོད་མི་ཚོས། སྟོབས་དང་ལྡན་པའི་ཐོག་ནས་རང་ཉིད་ཀྱི་ལས་འགུལ་དེ་སྨྲ་བརྗོད་རང་དབང་གི་ཐོག་ནས་མགྲིན་དབྱངས་གཅིག་གྱུར་ཡོང་གི་ཡོད་དམ། གྷུའུ་གྷལ་དྲ་གནས་ཀྱིས་མི་འདུག་ཟེར་གྱི་འདུག དེ་ནི་ཚིག་གི་འབྱུང་ཁུངས་ནས་འགོ་རྙོག་གི་ཡོད་པ་དེ་གསལ་པོ་ཡིན། དེ་ཡང་བཙན་བྱོལ་བོད་གཞུང་ལ་མིང་ཚིག་མི་འདྲ་བ་སྣ་ཚོགས་སྦྱར་གྱི་ཡོད་པ་རེད། དཔེར་ན། བཀའ་ཤག་དང་དབུས་བོད་ཀྱི་འཛིན་སྐྱོང་ལྷན་ཁང། བོད་གཞུང་ལ་སོགས་པ་རེད། དེ་བཞིན་བཙན་བྱོལ་ནང་གི་ཁྲིམས་བཟོ་ལྷན་ཚོགས་དེ་སྤྱི་འཐུས་རེད་དམ་གྲོས་ཚོགས་རེད། ཡང་ན་བོད་ཀྱི་ལྷན་ཚོགས་རེད། བོད་རང་བཙན་རྩོད་པ་དེ་རྒྱལ་ཞེན་ཅན་དང་ནུས་སྟོབས་ལྡན་པ་ཞིག་ཡིན་རུང། ད་དུང་ཡང་གྷུའུ་གྷལ་དྲ་གནས་ནང་དུའང་ཉུང་ཉུང་ཡིན། ང་ཚོའི་ལས་འགུལ་འདིའི་མིང་བོད་རང་དབང་རེད་དམ། ཡང་ན་བོད་སྐྱོབས། བོད་དོན་ལས་འགུལ་ཁང། བོད་ནང་གི་རིག་གཞུང་གཅེས་སྐྱོང། ལྷག་དཀར་ལས་འགུལ་ལམ་ཡང་ན་བོད་རང་དབང་གི་ལས་འགུལ་རེད་དམ། ང་ཚོའི་ལས་འགུལ་གསལ་སྟོན་བྱེད་པའི་སྤྱི་ལ་ཁྱབ་པའི་མིང་ཚིག་རང་ཚུགས་ལྡན་པ་ཞིག་མེད་པའི་རྐྱེན་གྱིས། འཛམ་གླིང་སྤྱི་ཡོངས་ཀྱིས་ངོས་འཛིན་བྱེད་ནས་ང་ཚོའི་ཕྱོགས་སུ་ལས་དོན་སྒྲུབ་དཀའ་བའི་དཀའ་ངལ་འདི་ཡོང་གི་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་ང་ཚོའི་འཐབ་རྩོད་ཀྱི་འབོད་སྒྲ་དང་ལས་འགུལ་གྱི་མིང་རྣམས་འབྲེལ་མ་ཆགས་པ་དང་། འབོད་སྒྲ་གཅིག་གི་འོག་ནས་གཅིག་གྱུར་མ་བྱུང་བས་དྲ་གནས་ཀྱི་རྩིས་རིས་འོག་ཏུ་ཐོན་གྱི་མེད་པ་རེད། དེ་ཡང་གང་ཟག་བྱེ་བྲག་པའི་ཐོག་ནས་སྦྱོང་བརྡར་ཉུང་ངུ་ལས་མེད་པ་དང། དེའི་ཐོག་ནས་ཞིབ་ཚགས་མེད་པའི་ཐོག་ནས་དྲ་རྒྱ་དང་གསར་འགྱུར་བརྒྱུད་བསྒྲགས། དྲིལ་བསྒྲགས་ཀྱི་ཡིག་ཆ། ཟིན་བྲིས། གསར་འགྱུར་གྱི་རིགས། ཚོགས་པ་དང་སྡེ་ཚན་གྱི་ལས་རིམ་བཅས་འཇུག་འགོད་བྱེད་ཀྱི་ཡོད་པ་རེད། དངོས་དོན་འདི་དག་གཞིར་རྩར་བཟུང་ནས་ང་ཚོ་རྨོངས་གཉིད་ལས་སད་དགོས་པ་དང། ད་དུང་ཡང་ང་ཚོ་དུས་རབས་༢༡ པའི་ཆ་འཕྲིན་གསར་བརྗེའི་རྒྱ་མཚོ་ཆེན་པོའི་ནང་ལོ་ན་མ་སོན་པའི་བྱིས་པ་ཞིག་དང་མཚུངས་པ་ཡིན།
འོ་ན་ང་ཚོས་གང་བྱེད་ཐུབ་ཀྱི་རེད་དམ།
ང་ཚོས་མང་གཙོའི་ལམ་ལུགས་ཀྱི་འཕེལ་རིམ་འདིའི་ཐོག་ནས། བོད་མི་ཚང་མས་ཀླད་པ་དཀྲུག་ནས་བོད་པའི་ལས་འགུལ་འདི་ལ་འགྲེལ་བརྗོད་ཟབ་པ་དང། སྤྱི་ལ་ཁྱབ་པའི་དངོས་མིང་ཞིག་གཏན་འབེབས་བྱེད་དགོས་པ་སྙམ་ལ། གཏན་འབེབས་ཀྱི་བརྗོད་དོན་དེའི་འོག་ནས། བོད་མི་ཚང་མས་དྲིལ་བསྒྲགས་དང་གཏམ་བཤད། གསར་འགོད་གསལ་བསྒྲགས། དཔར་སྐྲུན་བཅས་ཀྱི་ཐོག་ལས་འགུལ་གང་ཞིག་གི་མིང་མ་ཎི་འདོན་འདོན་བྱས་ཏེ་གཅིག་གྱུར་ཡོང་དགོས། དེས་ན་གྲུབ་འབྲས་གང་ཡང་མེད་པའི་ནག་ཁུང་ནང་གི་རྩེད་མོ་རྩེས་པ་ལས། ང་ཚོའི་མཛུབ་མོ་དེ་རྒྱ་ནག་དབུས་གཞུང་གི་སྟེང་དུ་འཛུགས་དགོས་པ་དང་། དམིགས་སུ་བཀར་ནས་ལྟ་བ་མཁྲེགས་པའི་རྒྱ་ནག་གི་དཔོན་རིགས་དེ་དག་ལ་མཛུབ་མོ་འཛུགས་དགོས། ལས་འགུལ་གྱི་དོན་སྙིང་གཙོ་བོ་དང་རྩ་དོན་དང་འདྲ་བའི་རྣམ་པ་གསུམ་ནི། ཆིག་སྒྲིལ་དང་འཆར་འགོད། ལམ་ལུགས་དང་ལྡན་པ་བཅས་ཡིན་ཞིང་། དེ་འདྲ་བྱུང་ན་གཞི་ནས་དཀོན་མཆོག་འདྲ་བའི་གྷུའུ་གྷལ་དྲ་གནས་ཀྱིས། ང་ཚོའི་བོད་པའི་ལས་འགུལ་གྱི་ཡང་སྲིད་དེ་དོན་སྙིང་ལྡན་པའི་སྒོ་ནས་ངོས་འཛིན་བྱེད་ངེས་ཡིན་ལ། མཐའ་མཇུག་ཏུ་བཙན་བྱོལ་བོད་གཞུང་སྲ་བརྟན་ཐུབ་ཐབས་བྱེད་པ་ལ། བོད་ཀྱི་ལས་འགུལ་གསོན་གནས་ཐུབ་ཐབས་ལ་བསམ་གཞིག་བྱེད་དགོས་པ་དེའང་སྔ་མ་མེད་ན་ཕྱི་མ་ཡོང་ཐབས་མེད་པའི་གནས་སྟངས་ལྟར་ཡིན། གལ་སྲིད་བོད་མི་ཚོས་འཛམ་གླིང་སྟེང་གི་རྒྱལ་ཁབ་ཚོའི་རྒྱབ་སྐྱོར་དང་དོ་སྣང་འདྲེན་ཐུབ་པ་མ་བྱུང་ན། སྲ་བརྟན་དུ་གནས་ཡོད་པའི་བཙན་བྱོལ་བོད་གཞུང་དེ་ཉེན་ཁ་ཆེ་བའི་གནས་སུ་ལྷུང་སྲིད་དོ།
༧གོང་ས་མཆོག་གིས་ཡང་ནས་ཡང་དུ་བཀའ་ནན་པོ་ཕེབས་བཞིན་པ་གཅིག་ནི། “རེ་བ་བཟང་སར་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་”ཞེས་གསུངས་པ་དེ་རེད། དེང་སང་གི་གནས་བབས་ལྟ་བུར་ཆ་མཚོན་ན་ང་ཚོ་གྲ་སྒྲིག་གི་མདུན་དུ་སླེབས་མེད་པ་རེད། ང་ཚོས་གསལ་རྟོགས་ཐུབ་པ་ནི་༧གོང་ས་མཆོག་གིས་”ང་མེད་པའི་སྐབས་དང་མཚུངས་པར་ལས་དོན་རྣམས་གྲ་སྒྲིག་བྱེད་དགོས་”ཞེས་གསུངས་པ་བཞིན། གལ་སྲིད་སྐྱབས་བཅོལ་གྱི་དུས་ཡུན་རིང་༧གོང་ས་མཆོག་མ་བཞུགས་པའི་གནས་སྟངས་དེ་འདྲ་ཞིག་མངོན་དུ་འགྱུར་ཚེ། གྷུའུ་གྷལ་ཏྲིར་ཌི་དྲ་གནས་ཐོག་ང་ཚོའི་ཁྱབ་བསྒྲགས་ཆེ་ཤོས་ཀྱི་ལས་འགུལ་དེ་བརླགས་འགྲོ་བ་ཡིན་ཞིང་། དེས་ན་བོད་མི་ཚོར་ཕ་ཡུལ་བོད་གཅིག་ཁོ་ན་ཁྱབ་བསྒྲགས་ཀྱི་ཐབས་སུ་ལྷག་ཡོད་པ་རེད། དེ་ལྟར་ཡིན་རུང་ཕ་ཡུལ་བོད་ལ་དེང་སྐབས་རྒྱ་ནག་གཞུང་གིས་རྒྱུ་མཚན་སྣ་ཚོགས་ཀྱིས། ཁམས་སྐྱེ་རྒུ་མདོའི་གནད་དོན་བཞིན་”རྒྱ་ནག་ནུབ་ཁུལ་”ཟེར་བ་དང། དེ་བཞིན་”བོད་རང་སྐྱོང་ལྗོངས”ཟེར་བ་སོགས་མིང་ཚིག་སྣ་ཚོགས་བཟོས་ཡོད་པས། རྒྱལ་ཁབ་གཞན་ཁག་གི་ཕྱི་སྲིད་བློན་ཆེན་འགའ་རེ་མིང་ཚིག་དེའི་རྗེས་སུ་འབྲང་གི་ཡོད་པ་རེད།
རྒྱ་ནག་དབུས་གཞུང་གི་ཕྱོགས་ལྷུང་རིང་ལུགས་ཀྱི་ལྟ་བའི་ཐབས་ཇུས་དེས། འཛམ་གླིང་འདི་དང་རྒྱལ་ཁབ་ཁག ས་ཁུལ། དེ་བཞིན་བོད་ནང་དང། བཙན་བྱོལ་བོད་གཞུང་བཅས་ཡོངས་རྫོགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་དང། ཐབས་ཇུས་འདི་ལ་ཁ་གཏད་ཀྱི་འཐབ་ཇུས་དགོས་པས་ང་ཚོ་གང་ཟག་བྱེ་བྲག་པ་རེ་རེའི་ངོས་ནས་ནུས་པ་བཏོན་དགོས་པ་ལས། ནང་ཁུལ་གཅིག་གིས་གཅིག་ལ་མཛུབ་མོ་འཛུགས་རེས་བྱེད་པའི་དུས་ཚོད་མེད། ཡོངས་རྫོགས་ཀྱི་ནུས་པ་ཕྱོགས་གཅིག་ལ་སྤུངས་ནས་རྒྱ་ནག་དབུས་གཞུང་གིས་ཐབས་ཇུས་ལ་ཁ་གཏད་ལངས་པའི་དུས་ཡིན་པས། ང་ཚོ་ཕྱོགས་གཅིག་ལ་སྲ་བརྟན་ངང་ནས་ལངས་དགོས་པ་དང། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བོད་པའི་ལས་འགུལ་གྱི་ལངས་ཕྱོགས་གཅིག་ལ་བསྒྱུར་དགོས། ལངས་ཕྱོགས་དེ་འདྲ་ཞིག་མངོན་འགྱུར་ཐུབ་པའི་རྗེས་སུ་ང་ཚོར་འཛམ་གླིང་དབང་དུ་བསྒྱུར་བའི་འཆར་སྣང་དེ་ཡོང་ཆོག བོད་མི་ཡོངས་སུ་རྫོགས་པས་གཅིག་ལ་གཅིག་བརྟེན་གྱིས་གསར་གཏོད་དང་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ལས་དོན་བསྒྲུབ་ན།ང་ཚོའི་རང་དབང་འཐབ་རྩོད་ཀྱི་ངོ་བོ་ཡོངས་རྫོགས་མཚོན་ཐུབ་པའི་སྤྱི་ལ་ཁྱབ་པའི་མིང་ཚིག་རང་ཚུགས་ལྡན་པ་ཡོང་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།
བོད་ཀྱི་ལས་འགུལ་འདི་འདས་པའི་མི་ལོ་ལྔ་བཅུའི་རིང་གསོན་གནས་ཐུབ་པ་དེ་ཧ་ཅང་གི་དགའ་བ་སྐྱེས་དགོས་པ་ཞིག་དང། འདིའང་གཙོ་བོ་༧གོང་ས་མཆོག་དང་བོད་མི་རྒན་གྲས་རྣམས་ཀྱིས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཡིན། དེ་བཞིན་དུ་གལ་སྲིད་འཐབ་རྩོད་འདི་འབྱུང་འགྱུར་མི་ལོ་ལྔ་བཅུ་རིང་སྲ་བརྟན་དང་ནུས་ཤུགས་ལྡན་པའི་ངང་རྒྱུན་བསྲིང་ཐུབ་ན། ཧི་མ་ལ་ཡའི་ས་ཁུལ་འདི་མགོ་ལུས་སྙོམས་པའི་ཐོག་ནས། འབྱུང་འགྱུར་གྱི་མི་རབས་གཞོན་པ་ཚོར་རྩིས་སྤྲོད་བྱེད་ཐུབ་ངེས་ཡིན་ཞིང། ང་ཚོས་རང་ཉིད་ཀྱི་རང་དབང་གི་སྨྲ་བརྗོད་དེ་འབོད་སྒྲ་གཅིག་གི་འོག་ནས་གསོན་ཉམས་དོད་པ་དང། གནས་ལུགས་ལྡན་པའི་ཐོག་ནས་བེད་སྤྱོད་བྱེད་པ་ཡིན་ན། དེ་ནས་འཛམ་གླིང་གི་དོ་སྣང་དང་རྒྱབ་སྐྱོར་ང་ཚོའི་ཕྱོགས་སུ་འདྲེན་ཐུབ་པ་དང་། གྷུའུ་གྷལ་ཊིར་ཌི་དྲ་གནས་ཀྱི་རྩིས་རིས་སམ་ཐིག་རིས་དེ་བོད་པའི་ལས་འགུལ་གྱི་ཕྱོགས་སུ། རྩེ་རྣོ་བའི་བོད་མཐོ་སྒང་གི་རི་བོ་དང་མཛེས་སྡུག་ཡིད་དུ་འོང་བའི་རི་གཤོང་ལྟར་ཆགས་ངེས་ཡིན་ལ་ཆགས་འོས་པ་ཞིག་ཀྱང་ཡིན། དེ་ནས་བོད་དེ་བོད་མིའི་ཆེད་དུ་གནས་ངེས་ཡིན་ལ། སྐྱེ་རྒུ་མདོ་དེ་དངོས་གནས་”སྐྱེ་བ་དགུ་ལེན་” (སྐྱེ་དགུ་མདོར་ཞེས་འབྲི་ཚུལ་གཞན་གྱི་གོ་དོན་ཡིན་) པའི་སྐྱེ་རྒུ་ལ་མིང་ཚིག་གི་ཚོར་སྣང་ཡོད་པའི་ཐོག་ནས་དར་ངེས་ཡིན་ནོ། །
གྷུའུ་གྷལ་ཊིར་ཌི་དྲ་གནས་འདི་ནི་འཛམ་གླིང་ཐོག་ཧ་ཅང་དར་ཁྱབ་ཆེན་པོ་ཡིན་པ་དང། འཛམ་གླིང་མི་མང་གིས་གནད་དོན་གང་ལ་དོ་སྣང་ཤུགས་ཆེར་བྱས་ནས་གྲངས་ཚད་ངེས་ཅན་ཞིག་ནང་སླེབས་སྐབས། དྲ་གནས་འདིས་དང་ལེན་བྱས་ཏེ་འཛམ་གླིང་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས་དུས་གཅིག་ནས་མི་གྲངས་ས་ཡ་མང་པོས་ཀློག་ཐུབ་ཀྱི་ཡོད་པ་མ་ཚད། མི་སུ་འདྲ་ཞིག་གིས་གནད་དོན་གང་ཞིག་ཤེས་འདོད་སྐྱེས་པ་དང་དྲ་གནས་འདིའི་ཐོག་ཞིབ་ཕྲ་གནད་དོན་འཚོལ་ཆོག་ཆོག་ཡོད་པས། དྲ་གནས་འདི་ནི་འཛམ་གླིང་མི་མང་གི་གནད་དོན་སྟོན་པའི་ཐབས་ལམ་ཡག་ཤོས་སུ་བརྩིས་ནས། དཀོན་མཆོག་འདྲ་བའི་དྲ་གནས་ཞེས་འབོད་ཀྱི་ཡོད་པ་རེད།
ཁྱེད་རང་གི་ཆེས་དགའ་ཤོས་ཀྱི་བརྗོད་གཞི་དེ་གྷོའི་གྷལ་ཊིར་ཌི་དྲ་གནས་ཐོག་ཇི་ལྟར་ཐོན་གྱི་ཡོད་མེད་ལ་གཟིགས།
བཤད་སྒྲུབ་ལགས་ཀྱི་གསུང་པར་རྒྱབ་བསྐྱྱོར་ཡོད་
དྲ་གྲོགས་བཤད་སྒྲུབ་ལགས་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ང་ཚོའི་སྤྱི་ཚོགས་ནང་གང་ཟག་བློ་སྦུག་དོག་པོ་ཡོད་མཁན་རིམ་པ་བྱུང་སྟེ་དེང་དུས་ཅན་གྱི་སྤྱི་ཚོགས་སུ་བསྒྱུར་རྒྱུར་དཀའ་ངལ་རིམ་པ་འཕྲད་ཡོད། དཔེར་ན། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་སོགས་ལ་ཆིབས་བསྒྱུར་གནང་རྗེས་འཛམ་གླིང་གི་གནས་སྟངས་གསལ་པོ་མཁྱེན་རྟོགས་བྱུང་སྟེ་བོད་དེ་དེང་དུས་ཅན་དུ་བསྒྱུར་རྒྱུའི་ལས་འགུལ་རིམ་པ་སྤེལ་གནང་ཡོད་ཀྱང་འཕྱར་གྲུ་མཉམ་འདེགས་བྱེད་མཁན་ཚུལ་བཞིན་མ་བྱུང་སྟབས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཕུལ་སྐབས་བཀའ་སློབ་སྩལ་དོན་ ༼ གནས་སྐབས་རང་དོན་སྒྲུབ་ཕྱོགས་ཕྱོགས་ལྷུངས་ངོ་སྲུང་ལས། ཆབ་སྲིད་ཀྱི་བདེ་དོན་ད་མུས་བཞིན་ཡལ་ཡོལ་འབའ་ཞིག་གིས་འཁུར་དུ་མ་བླངས་ན་ཕུགས་དོན་མི་འགྲུབ་པ་མཐོང་གསལ་ལྟར། སླར་ཅི་དྲག་གི་འགྱོད་ཀྱང་ཕན་ཆ་མི་སྲིད་་་་༽ སོགས་གསུང་སྐད་ཤོར་བ་བཟོས་པ་རེད། དེ་དང་དེ་འདྲའི་གནས་ཚུལ་མང་པོ་བྱུང་ཡོད། བྱས་ཙང་ང་ཚོས་ལོ་མང་རེ་སྒུག་བྱས་པའི་ང་ཚོའི་གཞོན་སྐྱེས་འཛམ་གླིང་ནང་ངོས་འཛིན་ཡོད་པའི་ཤེས་ཡོན་ཅན། རང་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་དབང་དམངས་གཙོའི་ལུང་པའི་འགྲོ་ལུགས་ལྟར་རང་མོས་ཀྱིས་ལས་འགུལ་ནང་ཞུགས་མཁན་ཚོར་རྗེས་སུ་ཡི་རང་གི་ཐོག་ནས་དགའ་བསུ་ཞུ་རྒྱུ་ལས་མཐོང་ཆུང་ཁྱད་གསོད་དང་། ནག་མེད་ཉེས་འགེལ་སོགས་ཁུངས་ལུང་མེད་པའི་སྐད་ཆ་གང་བྱུང་མང་བྱུང་བཤད་ན་འོས་ཤིང་འཚམས་པ་མ་རེད་ལ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་དེ་བས་ཀྱང་མ་རེད། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་སྟངས་དེ་སྔ་དང་མི་འདྲ་བར་ཡར་རྒྱས་ཕྱིན་ཡོད་ཙང་མི་རེ་གཉིས་ཀྱིས་ལེགས་ཉེས་གང་བཤད་ཀྱང་ཕན་གནོད་འབྲེལ་གྱི་མ་རེད། ཡིན་ནའི་དེང་དུས་ཅན་དུ་བསྒྱུར་རྒྱུར་གོམ་པ་མདུན་སྤོས་བྱེད་མཁན་ཚོའི་སེམས་ཤུགས་བཅག་ཐབས་མ་བྱས་ན་ཡག་པོ་འདུག།
བློ་བཟང་སེང་གེ་གིས་བརྩམས་ག་གེ་མོ་བ་ཀྱིས་སྒྱུར་ཟེར་བ་ན་ཡག་བ་མིན་འགྲོ།་གཞན་བློ་སེང་གི་བོད་དེ་ཁ་ངོ་ར་ངོ་ཤེས་ཙམ་ཡིན་ཚང་མས་ཤེས་གསལ་རེད།་དཔེར་ན་འཇམ་ནོར་རྩོམ་འདྲ་པོ་བྱས་ལེན་པོ་ཡོད་རེད།་རང་ཉིད་ཀྱི་བོད་མི་ཤེས་བཞིན་ཏུ་བོད་ཡིག་རྩོམ་ཡིག་འབྲི་ཁུལ་བྱེད་པ་དེ་རྗེས་སུ་རང་འཚང་གཏོར་རྒྱུ་ཡིན་ཐེ་ཚོམ་ཡོད་པ་རེད།
ད་ལྟ་དྲ་ཁང་ཐོན་བཞིན་པའི་རྩོམ་ཡིག་སྙན་གྲགས་ཆེ་ཤོས་དེ་མཁས་དབང་བློ་བཟང་སེང་གེ་མཆོག་གི་གསུངས་རྩོམ་ཁག་རེད་འདུག། ད་དུང་ཁོང་རང་དངོས་སུ་བོད་མི་གནས་སྡོད་ས་གནས་ཁག་ལ་ཕེབས་ནས་བོད་དོན་སྐོར་ཞིབ་ཁྲ་བཀའ་མོས་གནང་བར་མཐོང་ཐོས་བྱུང་།
ཡིན་ཡང་དྲ་གྲོགས་རེ་གཉིས་ཅིག་གི་གནང་སྟངས་དེ་མཁས་དབང་ཁོང་མ་འོངས་བཀའ་བློན་ཁྲི་པའི་རྐུབ་ལྕག་རག་ཐབས་རེད་ཟེར་བར་དངོས་སུ་སྐྱོན་བརྗོད་དང་ཟུར་ཟ་གནང་མཁན་མི་ཉུང་བ་ཞིག་འདུག་། མ་གཞི་བོད་རིགས་སུ་རྟོགས་པའི་བོད་དང་འབྲུག་། ཧི་མ་ལ་ཡ་སོགས་སུ་སྔར་བྱུང་མ་མྱོང་བའི་ཤེས་ཡོན་ཅན་གྱི་མཚན་གནས་མཐོ་ཤོས་རག་མཁན་མཁས་དབང་ཁོང་ལ་བསྟོད་ཚིག་ཕུལ་མ་ཐུབ་ནའང་བོད་མི་རིགས་ཀྱི་ཁྱེད་དུ་ཕྱག་ལས་གནང་བར་སྐྱོན་བརྗོད་གནང་བར་ཡག་པོ་མ་རེད་སྙམ་བྱུང་། འཛམ་གླིང་ནང་ཆེ་མཐོང་ཡོད་པའི་བོད་རིགས་མཁས་དབང་ཁོང་འདྲ་པོ་ཞིག་བོད་པའི་སྤྱི་ཚོགས་ནང་ཕེབས་ཏེ་བོད་དོན་ཁྱེད་ཕྱག་ལས་གནང་བར་ངོ་མ་དགའ་འོས་པ་ཅིག་མིན་ན་ཁོང་རང་ལ་མཚོན་ན་ཨ་སྒོར་དང་ཧན་སྒོར་བརྗེ་བ་འདྲ་པོ་ཡིན་པ་དངོས་ཡོད་མ་རེད་དམ། དྲ་གྲོགས་ཚོ།
བཀུར་འོས་པའི་བློ་བཟང་སེང་གེ་ལགས། ཁྱོད་ཀྱི་བོད་ཡིག་ཐོག་བསམ་ཚུལ་
བཏོན་པ་ཐུགས་རྗེ་ཆེ། འོན་ཀྱང་བོད་མིའི་ནང་ཕྱིའི་རྒྱལ་ཁབ་དང་མི་མཚུངས་
པའི་གནོང་འགྱོད་མིང་པས་ལས་དོན་མང་པོ་ཞིག་དང་འཆར་གཞི་མང་པོ་ཞིག་མི་
མང་ལ་གོ་བ་ཆག་དཀའ་བ་དང་། བསམ་བློ་གཏོང་ཡུལ་ངོས་འཛིན་བྱེད་རྒྱུ་ཧ་ཅིང་
དཀའ་ངེལ་ཆེ་བར་བརྟེན། ཉིད་ཀྱི་བསམ་བློ་ཕྱིའི་མི་རིགས་དང་མཚུངས་པའི་
སེམས་ཤུགས་བསྐྱེད་རྒྱུ་རེ་བ་དང་འབྲེལ།དྲི་བ།ཁྱེད་མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་བ་ཡིན་ན་ཁྱོད་ལ་མའོང་བའི་ལས་དོན་བསྒྲུབ་ཕྱོགས་སུ་
འཆར་གཞི་གང་ཡོད་དང་། ཁྱེད་ཀྱི་དེ་གསལ་བྱེད་ཐུབ་དམ། དེ་ལྟར་བྱས་པ་ཡིན་
ན་མི་མང་གི་གང་བྱེད་དགོས་པ་དང་།གང་འོས་པ་གང་འདྲ་ཞིག་དགོས་པ་དང་།མའོང་བར་ཡང་ལས་དོན་འཐུས་ཤོར་ཡོད་མེད་སོགས་ལ་ཧ་ཅིང་ཕན་ཐོག་ཆེ་བར་མཐོང་།
དེ་ལྟར་དགོངས་པ་བཞེས་རོགས།
བཀུར་འོས་པའི་བློ་བཟང་སེང་གེ་ལགས།ཁྱོད་ཀྱི་བོད་ཡིག་ཐོག་བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ།འོན་ཀྱང་བོད་མིའི་ནང་ཕྱིའི་རྒྱལ་ཁབ་དང་མི་མཚུངས་པའི་གནོང་འགྱོད་མིང་པས་ལས་དོན་མང་པོ་ཞིག་དང་འཆར་གཞི་མང་པོ་ཞིག་མི་མང་ལ་གོ་བ་ཆག་དཀའ་བ་དང་།བསམ་བློ་གཏོང་ཡུལ་ངོས་འཛིན་བྱེད་རྒྱུ་ཧ་ཅིང་དཀའ་ངེལ་ཆེ་བར་བརྟེན།ཉིད་ཀྱི་བསམ་བློ་ཕྱིའི་མི་རིགས་དང་མཚུངས་པའི་སེམས་ཤུགས་བསྐྱེད་རྒྱུ་རེ་བ་དང་འབྲེལ།དྲི་བ།ཁྱེད་མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་བ་ཡིན་ན་ཁྱོད་ལ་མའོང་བའི་ལས་དོན་བསྒྲུབ་ཕྱོགས་སུ་འཆར་གཞི་གང་ཡོད།ཁྱེད་ཀྱི་དེ་གསལ་བྱེད་ཐུབ་དམ།དེ་ལྟར་བྱས་པ་ཡིན་ན་མི་མང་གི་གང་བྱེད་དགོས་པ་དང་།གང་འོས་པ་གང་འདྲ་ཞིག་དགོས་པ་དང་།མའོང་བར་ཡང་ལས་དོན་འཐུས་ཤོར་ཡོད་མེད་སོགས་ལ་ཧ་ཅིང་ཕན་ཐོག་ཆེ་བར་མཐོང་།དེ་ལྟར་དགོངས་པ་བཞེས་རོགས།
བློ་བཟང་སེང་གེ་ལགས་ཀློག་ཚར།
ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་༼ རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་ལ་རང་སེམས་དགའ་བས་བསྟོད་བསྔགས་དང་གུས་འདུད་ཞུ།
མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་སྐབས་སུ། བདག་གི་བསམ་ཚུལ་འདི་དག་ལ་ཐུགས་ཞིབ་ནན་པོར་གནང་ནས་ལག་བསྟར་ཐུབ་པ་མཛད་རོགས་ཞུ།
གལ་ཏེ་ཁྱེད་ཀྱིས་གལ་གནད་ཆེ་བའི་ཐབས་ཇུས་ལས་ཁང་འདི་དག་གསར་འཛུགས་བྱེད་མ་ཐུབ་ན། ཁྱེད་ཀྱིས་བཀའ་བློན་ཁྲི་བའི་གོ་ས་ཐོབ་ན་ཡང་། ཕན་ནུས་ཡོད་པའི་བོད་དོན་གྱི་བྱ་བ་རླབས་ཆེན་ཞིག་གཏན་ནས་སྒྲུབ་མི་ཐུབ།
བདག་གིས་ཡུན་རིང་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱས་པའི་་ཉམས་མྱོང་ལྟར་བསམ་ཚུལ་མདོར་བསྡུས་ཞིག་ཞུས་ན།
བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་ཨུ་ཚུགས་སྒོས་ཞུགས་ཐུབ་པ་བྱས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད།
ང་ཚོའི་བོད་གཞུང་འདི་ང་ཚོས་བདག་པོ་བྱེད་དགོས་པ་ལས། བོད་གཞུང་གི་མགྲོན་འབོད་དང་རོགས་སྐྱོར་ཁོ་ན་ལ་སྒུག་ནས་བསྡད་པས་ཕན་པ་ཅི་ཡང་མེད
དེར་བརྟེན་བདག་གིས་ཀྱང་མ་བསྐུལ་དང་བླང་གིས་འབད་བརྩོན་ཆེན་པོས་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད།
བདག་གི་ཤེས་རྟོགས་ལྟར་ན་ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བའི་ཛ་དྲག་གི་འོས་འགན་ཞིག་ཏུ་མཐོང་།
གལ་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་རྙིང་ཞེན་ཕྱོགས་རིས་ཀྱིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་། ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་། ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།
ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།
ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་ལེགས་པར་བྱས་ནས། བོད་གངས་ཅན་ལྗོངས་ཀྱི་རྒྱལ་ཁབ་དང་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།
ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཆ་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས། མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་འདིས་ཤེས་ཡོན་ཅན་གྱིས་གཙོས་པའི་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་། རྒྱུན་དུ་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?
ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ ཡང་མི་འདུག་པས་བོད་དོན་གྱི་་བྱ་བ་ཕན་ནུས་ལྡན་པ་ཞིག་སྒྲུབ་དཀའ།
དེས་ན་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་བོད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུབ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་༼ རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་ལ་རང་སེམས་དགའ་བས་བསྟོད་བསྔགས་དང་གུས་འདུད་ཞུ།
མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་སྐབས་སུ། བདག་གི་བསམ་ཚུལ་འདི་དག་ལ་ཐུགས་ཞིབ་ནན་པོར་གནང་ནས་ལག་བསྟར་ཐུབ་པ་མཛད་རོགས་ཞུ།
གལ་ཏེ་ཁྱེད་ཀྱིས་གལ་གནད་ཆེ་བའི་ཐབས་ཇུས་ལས་ཁང་འདི་དག་གསར་འཛུགས་མ་ཐུབ་ན། ཁྱེད་ཀྱིས་བཀའ་བློན་ཁྲི་བའི་གོ་ས་ཐོབ་ན་ཡང་། ཕན་ནུས་ཡོད་པའི་བོད་དོན་གྱི་བྱ་བ་རླབས་ཆེན་ཞིག་གཏན་ནས་སྒྲུབ་མི་ཐུབ།
བདག་གིས་ཡུན་རིང་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱས་པའི་་ཉམས་མྱོང་ལྟར་བསམ་ཚུལ་མདོར་བསྡུས་ཞིག་ཞུས་ན།
བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་ཨུ་ཚུགས་སྒོས་ཞུགས་ཐུབ་པ་བྱས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད།
ང་ཚོའི་བོད་གཞུང་འདི་ང་ཚོས་བདག་པོ་བྱེད་དགོས་པ་ལས། བོད་གཞུང་གི་མགྲོན་འབོད་དང་རོགས་སྐྱོར་ཁོ་ན་ལ་སྒུག་ནས་བསྡད་པས་ཕན་པ་ཅི་ཡང་མེད
དེར་བརྟེན་བདག་གིས་ཀྱང་མ་བསྐུལ་དང་བླང་གིས་འབད་བརྩོན་ཆེན་པོས་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད།
བདག་གི་ཤེས་རྟོགས་ལྟར་ན་ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བའི་ཛ་དྲག་གི་འོས་འགན་ཞིག་ཏུ་མཐོང་།
གལ་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་རྙིང་ཞེན་ཕྱོགས་རིས་ཀྱིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་། ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་། ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།
ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།
ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་ལེགས་པར་བྱས་ནས། བོད་གངས་ཅན་ལྗོངས་ཀྱི་རྒྱལ་ཁབ་དང་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།
ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཆ་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས། མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་འདིས་ཤེས་ཡོན་ཅན་གྱིས་གཙོས་པའི་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་། རྒྱུན་དུ་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?
ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ ཡང་མི་འདུག་པས་བོད་དོན་གྱི་་བྱ་བ་ཕན་ནུས་ལྡན་པ་ཞིག་སྒྲུབ་དཀའ།
དེས་ན་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་བོད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུབ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།
མཁས་དབང་བློ་བཟང་སེང་གེས་རྩོམ་ཡིག་སྦེལ་གནང་བར་ཐུགས་རྗེ་ཆེ་ཞུ། ངའི་དྲི་བ་འདིར་སུ་ཞིག་གིས་ལན་གནང་རོགས། བློ་བཟང་སེང་གེའི་རྩོམ་ཡིག་འདི་ཁོང་གིས་ཐད་ཀར་བོད་ཡིག་ཏུ་བྲིས་པ་རེད་དམ་ཡང་ན། དབྱིན་ཡིག་ནས་བོད་སྒྱུར་བྱས་པ་རེད། ཁོང་གིས་དབྱིན་ཡིག་ནང་རྩོམ་ཡིག་སྦེལ་བ་མཐོང་མྱོང་མོད། བོད་ཡིག་ཀྱང་འདི་འདྲ་ལེགས་པོ་ཞིག་མཁྱེན་ན་བསྟོད་པར་འོས་པའི་གནས་སོ།།
མིང་བརྡ་གཅིག་གྱུར་ལ་དོ་སྣང་བྱེད་རྒྱུ་ནི་གནད་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། བོད་ནང་གི་བོད་མི་ཚོས་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་མིང་བརྡ་གསར་བ་བཟོ་བཞིན་ཡོད་པ་བཞིན། བྱེས་སྡོད་བོད་མི་ཚོས་དབྱིན་ཡིག་དབྱིན་སྐད་ལས་མིང་བརྡ་གསར་བ་བཟོ་བཞིན་ཡོད་པས། ད་རུང་མུ་མཐུད་དུ་འདིར་ལྟར་སོང་ན་མི་འགྱངས་པའི་མ་འོངས་པར་བོད་ཀྱི་སྐད་བརྡ་ཁྲོད་དོན་གཅིག་མིང་གི་རྣམ་གྲངས་ཀྱི་ཐ་སྙད་རི་ཚོགས་འདྲ་ཞིག་སྤུངས་ངེས་རེད།
སྐད་བརྡ་འཕྲོད་མིན་ནི་བོད་མི་དབར་བསམ་བློ་བརྗེས་རེས་དང་འདང་བརྩེ་ཇེ་ཟབ་ཏུ་གཏོང་བར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་པས། ང་ཚོས་ཅིས་ཀྱང་དོ་སྣང་བྱེད་དགོས།
བློ་བཟང་སེང་གེ་ལགས།
ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློ་ཁྲི་བར་ཁྱེད་རང་འདེམས་ཐོན་ཡོང་བའི་རེ་བ་རྒྱག་མཁན་གྱིས་བོད་མི་མང་པོ་ཡོད་པས་ན། ཁྱེད་ཀྱིས་བོད་ཕྱི་ནང་གི་མིང་བརྡ་གཅིག་གྱུར་དང་ཆོལ་གསུམ་བོད་ཀྱི་སྤྱི་སྐད་ཞིག་ཆགས་པར་བོད་ནང་གི་བོད་མི་མཁས་དབང་ཚོ་དང་འབྲེལ་ལམ་བཙུགས་ཏེ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་བཟང་བོ་ཞིག་སྟོན་རྒྱུ་ཡོང་བར་ཤུགས་རྒྱག་རྒྱུ་རེ་བ་ཞུ།
གཞན་ཡང་བྱ་བ་ཅི་དང་གང་ཞིག་སྒྲུབ་རུང་སློབ་གསོ་གཏོང་བ་ཁོ་ན་ཙམ་མ་ཡིན་པར་འཆར་གཞི་ཡོད་པ་དང་དམིགས་ཡུལ་ལྡན་པའི་སྒོ་ནས་སྒྲུབ་ན་ལེགས
འབོད་སྒྲ་གཅིག་ནི། བོད་དང་བོད་མིའི་ངོ་རྟགས་སྲུང་སྐྱོབ། ཅེས་ལྟ་བུ་མི་དགོས་སམ།
་་་་་དྲ་གནས་འདིས་དང་ལེན་བྱས་ཏེ་འཛམ་གླིང་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས་དུས་གཅིག་ནས་མི་གྲངས་ས་ཡ་མང་པོས་ཀློག་ཐུབ་ཀྱི་ཡོད་པ་མ་ཚད། །་་་་་་་་་་
་་་་འབོད་སྒྲ་གཅིག་གི་འོག་ནས་གཅིག་གྱུར་མ་བྱུང་བས་དྲ་གནས་ཀྱི་རྩིས་རིས་འོག་ཏུ་ཐོན་གྱི་མེད་པ་རེད། །་་་་་
འཆར་ལོའི་ལོ་ཟླ་དེ་ནི་ཁྱོད་ཀྱི་བང་རྩལ་ངོམ་པའི་དུས་བཟང་ཡིན་པས། ང་ཚོ་གངས་ཕྲུག་ཕལ་མོ་ཆེའི་རེ་འདུན་ཡིན་ལ་ཡིད་ཆེས་ཀྱང་ཡོད།།
༄༅།། འཇིགས་བྲལ་ལགས
ཁུ་ཚུར་གཅིག་གིས་ཕྱོགས་གཅིག་ལ་རྡུང་བའམ་གཡུག་པ་ལས་ཁུ་ཚུར་གཉིས་ཀྱི་གཡུག་ན་མི་བཟང་ངམ།
བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ་དེའི་གནད་འགག་ནི་ཧ་ཅང་གལ་ཆེན་པོར་མཐོང་། དེ་དང་འབྲེལ་ནས་བསམ་ཚུལ་གང་དྲན་ཞིག་ཞུ་རྒྱུར།
བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ནི་བོད་མིས་དང་ཐོག་ནང་ཁུལ་ནས་བསྐྲུན་དགོས་པ་ཞིག་རེད། ད་ལྟ་ནང་ཁུལ་དབུ་མ་དང་རང་བཙན་སོགས་ཀྱི་འཐེན་རྩོད་དང་གཅིག
བཙན་བྱོལ་བོད་མི་སྤྱི་བྱིངས་མང་གཙོ་དང་བོད་དོན་ཆབ་སྲིད་གོ་རྟོགས་ཧ་ཅང་སྐྱོ་བ་དང་གཉིས།
སློབ་གྲྭའི་གཞོན་སྐྱེས་ཚོར་བོད་དོན་ཆབ་སྲིད་གོ་རྟོགས་སྤེལ་གྱི་མེད་པ་དང་། དོ་སྣང་བྱེད་མཁན་ལ་བྱུས་ཏོག་ཚ་པོའི་མིང་ཆད་ཕོག་པ་དང་གསུམ།
རྒྱལ་ཞེན་དང་ཤེས་ཡོན་ལྡན་པའི་བོད་པའི་གཞོན་རབས་པ་མང་ཆེ་བ་གཞུང་གི་ལངས་པྱོགས་ལ་འཐད་པ་མེད་པ་བཞི་སྟེ།
མདོར་ན་བོད་པའི་གནས་སྟངས་བོད་པས་ངོ་མི་ཤེས་པར་མུ་མཐུད་དུས་ཚོད་སྐྱེལ་བཞིན་ཡོད་པ་དེ་རེད།
ཧ་ཧ་ཧ་ཧ་བློ་བཟང་སེངྒེ་ལགས་ཀྱིས་དགོངས་ཚུལ་ངོ་མ་གྷུའུ་གྷལ་ཏྲིར་ཌི་GOOGLE TRENDSདྲ་གནས་སུ་བཙན་བྱོལ་སྲིད་གཞུང་བླུགས་ཐུབ་ཡིན་ན་རྒྱ་སྤྱིའི་རོགས་སྐྱོར་མང་པོ་ཐོབ་རབས་གསུང་པ་ཡིན་བཟོ་འདུག མ་འོངས་བོད་སྐྱོབ་རྒྱའི་ཐབས་ལམ་གསར་པ་དང་འཆར་འགོད་གསར་པ་འདྲ་གསུངས་གནང་ན་ལེགས་སྙམ།
google དང་google trends ཁྱད་པར་གང་འདྲ་རེད་གསུངས་རོགས་གནང་།
google ནང་བཙལ་ཐུབ་པ google trends ནང་མི་ཐུབ་པའི་གནད་དོན་གོང་དུ་གསུངས་བ་བཞིན་ཡིན་ནམ
ངས་དབུགས་ཐིངས་གཅིག་གི་ཀློག་པ་ཡིན། རྒྱུན་མཚན་གྱིས་གང་འདུག
ཁྱེད་ནི་ད་ལོ་ནས་བཟུང་ང་ཚོ་བོད་པ་ཚང་གི་མཐོ་སྒང་གི་མཁའ་དབྱིངས་སུ་འཕུར་བའི་བྱ་ཚོགས་ཀྱི་དབུ་ཁྲིད་གླག་རྒོད་དེ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།
ཁ་དྲོ།