མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་དངོས་སུ་འཛིན་བཟུང་བྱས་པ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

འབྲི་མཁན། དཔལ་ལྡན་རྒྱལ།

རྩོམ་པ་པོ་བཀྲ་རྒྱའམ་ཞོགས་དུང་དངོས་སུ་འཛིན་བཟུང་བྱས་སྐོར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་འདུག ཟླ་བ་བཞི་བའི་ཚེས་ ༢༣ ཉིན་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱལ་ལམ་ཞོགས་དུང་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པ་རེད་ལ།  ཟླ་བ་ལྔ་བའི་ཚེས་ ༢༨ ཉིན་ཁོང་དངོས་སུ་འཛིན་བཟུང་བྱས་པ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་ཡོད་སྐོར་དཔལ་ལྡན་རྒྱལ་གྱིས་ཁོང་གི་བུ་མོ་ཡེ་ཤེས་མཚོ་མོར་ཁ་པར་བརྒྱུད་བཅར་འདྲི་བྱས་པ་ཡིན།

དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་འཛིན་བཟུང་གྱི་ཡི་གེ་ཁྱེད་ཚོར་འབྱོར་ཡོད་པ་དེའི་སྐོར་ནས་བཤད་རོགས།


ཡེ་ཤེས་མཚོ་མོ། ཡི་གེ་དེ་ཟླ་བ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ་དུས་ཚོད་དྲུག་པའི་ཐོག་ཨ་མ་དང་ངེད་གཉིས་འཛིན་བཟུང་ཡི་གེ་ལེན་ཏུ་ཤོར་ཟེར་བ་བཞིན་ཉེན་རྟོག་ཁང་དུ་སོང་དུས་སྤྲད་བྱུང་།

དཔལ་ལྡན་རྒྱལ། ཡི་གེ་དེའི་ནང་ག་རེ་བཀོད་འདུག


ཡེ་ཤེས་མཚོ་མོ། ཡེ་གེ་དེའི་ནང་ཁོང་ཚོས་(རྒྱ་གཞུང་)བཤད་བཞིན་པའི་ཉེས་བ་སྔོན་མ་ནང་བཞིན་རེད། “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་ཟེར་པ་དེ་རེད། སྔོན་ལ་བཀག་སྐྱིལ་བྱེད་སྐབས་སྤྲད་པའི་ཡེ་གེ་དང་ཕལ་ཆེར་གཅིག་མཚུངས་རེད། མི་འདྲ་ས་ནི་གྱོད་དོན་འདི་ཁྲིམས་དཔྱོད་ཁང་ལ་སྤྲད་པ་དང་ཁྲིམས་དཔྱོད་ཁང་གིས་དོ་དམ་བྱེད་བཞིན་ཡོད་ཅེས་པ་དེ་རེད། 
དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་གང་དུ་ཡོད་མེད་ཤེས་སམ།
ཡེ་ཤེས་མཚོ་མོ། ཟི་ལིང་གྲོང་ཁྱེར་གྱི་བཀག་སྐྱིལ་ཁང་དང་པོའི་ནང་བཀག་ཡོད་པ་ཡི་གེ་སྔོན་མའི་ནང་བཀོད་ཡོད་པ་ནང་བཞིན་བཀོད་འདུག

དཔལ་ལྡན་རྒྱལ།  ཁྲིམས་དཔྱོད་ཁང་ལ་རྩིས་སྤྲད་བྱས་ཡོད་ན་ཁྲིམས་ཐོག་ལ་འགྲོ་དགོས་པ་ཨེ་རེད།


ཡེ་ཤེས་མཚོ་མོ། རེད། ཁྲིམས་ཐོག་ལ་འགྲོ་དགོས་པ་རེད་ཟེར།  ཁྲིམས་ལྟར་ན། དངོས་སུ་འཛིན་བཟུང་བྱས་པའི་ཡི་གེ་ངའི་ཨ་ཕ་ཁྲིད་པའི་ཉིན་མོ་ནས་བཟུང་ཉིན་གྲངས་ ༣༧ གྱི་ནང་ཚུད།  ཁྱིམ་ཚང་གི་ལག་ཏུ་སྤྲོད་དགོས་ཟེར་བ་ལྟར། ང་ཚོས་དེ་ཡང་འབྱོར་གྱི་མ་རེད་བསམ་ནས་སེམས་ཁྲལ་བྱས་པ་ཡིན། འོན་ཀྱང་ཆེས་མཐའ་མཇུག་གི་ཉིན་མ་སོ་བདུན་པར་འཛིན་བཟུང་ཡི་གེ་ང་ཚོར་འབྱོར་ སོང་། ཁྲིམས་ཁང་ལ་ག་དུས་སྤྲོད་རྒྱུ་རེད་ཅེས་དྲིས་པར་ད་ལྟ་ཁྲིམས་དཔྱོད་ཁང་དུ་ཡོད། ཟླ་གཉིས་ཀྱི་རྗེས་སུ་ཁྲིམས་ཁང་ལ་རྩིས་སྤྲོད་དགོས་རེད་ཟེར།


དཔལ་ལྡན་རྒྱལ། ཁྲིམས་ཁང་དུ་འགྲོ་དགོས་དུས་ཁྱེད་རང་ཚོའི་ངོས་ནས་ཁྲིམས་རྩོད་པ་བཙལ་གྱི་ཡོད་དམ།


ཡེ་ཤེས་མཚོ་མོ། ཁྲིམས་རྩོད་པ་བཙལ་རྒྱུ་ཡིན། ཁྲིམས་རྩོད་པ་བཙལ་ཆོག་གམ་ཅེས་དྲིས་པར་བཙལ་ཆོག་ཀྱང་གསལ་བོ་ལབ་ཀྱི་མི་འདུག་ལ། བཙལ་མི་ཆོག་ཀྱང་གསལ་བོ་བྱས་ནས་ལབ་ཀྱི་མི་འདུག་མོད། ངེད་ཚང་གི་ངོས་ནས་ཁྲིམས་རྩོད་པ་འཚོལ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད།

དཔལ་ལྡན་རྒྱལ། ཁྱེད་རང་གི་ངོས་ནས་ཨ་ཕར་སེམས་ཁུར་ཆེ་ཤོས་ག་རེ་ཡིན།


ཡེ་ཤེས་མཚོ་མོ། ཨ་ཕའི་བདེ་ཐང་གི་སྐོར་ལ་ངེད་བཟའ་ཚང་ཧྲིལ་བོར་སེམས་འཁུར་ཡོད། བཀག་སྐྱིལ་ཁང་དང་པོའི་ནང་ཡོད་ཟེར་གྱི་ཡོད་པ་རེད་མ་གཏོགས་དངོས་སུ་དེར་ཡོད་ མེད་ཀྱང་གསལ་བོ་མི་ཤེས་ལ། སྐད་ཆ་དང་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ཁོང་གི་གཟུགས་གཞིའི་བདེ་ཐང་དང་གཅར་རྡུང་གཏོང་གི་ཡོད་མེད་ཐད་ཧ་ཅང་གི་སེམས་ འཁུར་ཡོད།


དཔལ་ལྡན་རྒྱལ། ཁྱེད་གྱི་ཨ་ཕའི་ཕ་མ་རྒན་རྒོན་གཉིས་ག་འདྲ་འདུག


ཡེ་ཤེས་མཚོ་མོ། སྤོ་སྤོ་དང་རྨོ་རྨོ་གཉིས་ངར་བ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག སྤོ་སྤོ་ལོ་ ༨༠ རེད། ཉིན་རྒྱུན་སེམས་ཁྲལ་བྱེད་ཀྱི་མེད་ཟེར་ན་ཁག་པོ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག

དཔལ་ལྡན་རྒྱལ། བཀའ་དྲིན་ཆེ། རྗེས་ཕྱོགས་འབྲེལ་བ་བྱེད་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 30

  1. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    དྲ་འབུ་ཚོར་ཕྱོགས་ཞེན་དང་འཐེན་འཁྱེར་རེ་ལས་རྩོམ་པ་པོའི་བདེ་སྡུག་དང་བསམ་བློ་ངོ་མ་དེ་གླེང་མཁན་མི་འདུག

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    བཙན་པོའི་བུ་ སྐབས་འདིར་བདག་གིས་འདི་ལྟར་བྲིས་པ་ཡོད། ༼གང་ལྟར་ཡང་ཞོགས་དུང་བཙོན་འཇུགས་བྱས་པ་འདི་བློ་ཕན་པའི་གནས་ཞིག་ཡིན་ཕྱིར། གདུང་སེམས་མཉམ་སྐྱེད་འོག་ཁོང་ཀློད་གྲོལ་འོངས་ཐབས་ཞིག་ཡོན་ན་རོགས་རམ་བྱེད་དགོས།༽ཞེས་འབོད་བསྐུལ་ཞུས་ཡོད། འོན་ཀྱང་ཞོགས་དུང་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་ཨ་མདོ་བ་དགེ་འདུན་ཆོས་འཕེལ་མཉམ་དུ་བཞག་འོས་པའི་མཁས་དབང་ཞིག་ཡིན་པར་རྩ་བ་ནས་ཁས་མི་ལེན།
    དངོས་གནས་བཤད་ན་རང་གི་འཚོ་གནས་བཙལ་ཆེད་དེབ་ཁ་ཤས་བཟོས་རྗེས་བོད་མི་མང་པོ་ཁོས་ལྟ་བ་ལ་མ་དགའ་ནས་དེབ་ཉོ་མཁན་མ་རྙེད་པར། ད་གཟོད་བོད་དོན་དང་འབྲེལ་བའི་དེབ་པར་སྐྲུན་བྱས་དེ་བཙོང་བ་པ་རེད། འོན་ཀྱང་བོད་མི་ཞིག་འཛིན་བཟུང་བྱས་པའི་ཆ་ནས་རོགས་བྱེད་ཡུལ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།
    བདག་གིས་བསམ་ན་ཞོགས་དུང་སུས་ཀྱང་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་མ་རེད།
    གལ་སྲིད་མི་ཞིག་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་ཡིན་ན། བཙན་པོའི་བུ་ཟེར་ཁོད་ཀྱི་ཅི་བྱེད་ཐུབ ཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  3. བཙན་པོའི་བུ། says:
    ལོ་ 15 སྔོན།

    སྐར་མདའ་ཟེར་བའི་བསམ་མེད་ཁྱོད། གལ་ཏེ་སྐུ་ཞབས་ཞོགས་དུང་ལགས་ཀྱི་ལྟ་བའི་ཆ་ནས་ཁྱེད་ལ་མི་མཐུན་པ་དང་སྣང་བར་མི་འགྲོ་བ་དེ་འདྲ་ཡོད་སྲིད་ཀྱང་། ཁོང་ནི་ད་སྐབས་མི་རིགས་ཀྱི་ཆེད་དུ་རང་གི་ཆུང་མ་དང་བུ་ཕྲུག་རྣམས་ཀྱང་བཞག་ནས། རྒྱ་དམར་གྱི་བཙོིན་དུ་བཀག་ཉར་དང་སྡིགས་སྦྱོང་མནར་གཅོད་མྱོང་གི་ཡོད་ན་ཡང་། མྱི་ངན་བསམ་མེད་སྐར་མདའ་ཟེར་བའི་ཁྱོད་ཀྱིས། ང་ཚོ་བོད་པ་ཚང་གི་སྟེང་ལ་རོག་ཐོག་རྟ་རྒྱུགས་བྱེད་ཀྱིན་འདུག་པས། གཞུག་ཕྱོགས་ཅི་ནས་ཀྱང་ཁ་ཚོད་ཡོད་ལས་ཚིག་ཚོད་མ་བཤད་རོགས་ཞུ་འདུན་ཡིན། ཁྱོད་ཀྱིས་བཤད་ན། ‘‘གང་ལྟར་ཡང་ཞོགས་དུང་བཙོན་འཇུགས་བྱས་པ་འདི་བློ་ཕན་པའི་གནས་ཞིག་ཡིན་ཕྱིར།” སྐར་མདའ་ལགས། ངས་ཁྱོད་ལ་དྲི་བ་འདྲི་དོན། སྐུ་ཞབས་ཞོགས་དུང་ལགས་བཙོན་དུ་བཅུགས་པ་དེས་ཁྱོད་ཀྱི་བློ་ལ་ཅི་ཞིག་ཕན་སོང་། གལ་ཏེ་ཁྱོད་ནི་མི་སེམས་ཡོད་མཁན་ཞིག་ཡིན་ན། ཁོང་གི་སྟེང་ལ་འདི་འདྲའི་བསམ་པ་ནག་པོ་ཞིག་འཛིན་དོན་ཨེ་ནམ།
    གལ་ཏེ་ཁྱེད་ཀྱིས་བོད་ཡིག་མ་ཤེས་པར་འབྲི་ནོར་བཏགས་ནོར་བྱས་པ་ཡིན་ན། འོ་ན། གོང་དུ་ཁྱེད་ཀྱིས་ ‘‘རྡ་སའི་བོད་ཡིག་ཡག་པོ་མི་ཤིས་མཁན་རྣམས་དང་དམར་སྲུང་རུ་ཁག་གི་བསམ་བློ་རེད།” རེད་ཅེས་བོད་ཡིག་མི་ཤེས་མཁན་རྣམས་ལ་ཡང་ཚི་མཚོན་བཏབས་འདུག
    གལ་ཏེ་ངས་ལྟ་ཚུལ་ནོར་མེད་མ། སྐུ་ཞབས་ཞོགས་དུང་ལགས་རྒྱ་ནག་ལ་མཁོ་སྤྲོད་བྱེད་མཁན་དེ། སྐར་མདའ་ཟེར་བ་དེ་ཡིན་ཚོད།

    Reply
  4. སྐར་མདའ། says:
    ལོ་ 15 སྔོན།

    རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་། ཨ་མདོ་བ་དགེ་འདུན་ཆོས་འཕེལ། འདི་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ལ་བྱང་ཆུབ་པའི་རྕོམ་པོ་ཞིག་རེད། དཔལ་དོན་འགྲུབ་རྒྱལ་ནི་བོད་ཀྱི་ལོ་རྒྱུལ་ལ་མཁས་ཤིང་དེང་རབས་སྔོན་ཐོན་གྱི་ལྟ་ལའང་བཅུད་ལེན་སྙིགས་འདོར་བྱེད་ཐུབ་བའི་རྩོམ་པ་པོ་ཞིག་རེད།
    ཞོགས་དུང་ལ་མཚོན་ན་མར་ལེ་རང་ལུགས་ཀྱི་ལྟ་བ་ཁྲལ་ཁྲོལ་ཞིག་གོ་ལོ་དང་ཐོས་ལོ་ཡོད་ཐོག་དེ་བོད་ཡིག་གི་ཐོག་ལ་འབྲི་ཐུབ་པའི་སུམ་རྟགས་དག་གསུམ་སོགས་ཀྱི་ཆ་སྐྱེན་ཙམ་ཚང་བའི་རྩོམ་པ་པོ་ཞིག་རེད།
    རྡ་སའི་དམར་སྲུང་རུ་ཁག་གི་རྣ་བ་ལ་ཞོག་དུང་གི་ལྟ་བ་འདི་ཧ་ཅིང་སྙན་པོ་དང་། སེམས་ནང་ལ་ཧ་ཅིང་མཐོང་ཆེན་བྱེད་ཡུལ་ཞིག་ཆགས་ཡོད། འོན་ཀྱང་ལྟ་བ་འདི་ནི། དེང་རབས་གཞོན་སྐྱེས་ཀྱི་བསམ་བློ་སྔོན་ཐོན་ཞིག་མ་ཡིན་པར། འདས་པའི་དུས་ཀྱི་མར་ལེ་རངས་ལུགས་ཀྱི་ལྟ་བ་གཞིར་བཞག་ཐོག བོད་མི་ཕྱོགས་ཡང་གཡེམ་རྒྱུགས་མཁན་ལ་མཛའ་བའི་ཚིགས་ཁ་ཤེས་རེ་གསར་དུ་བསྣན་ནས་བྲིས་པ་ཞིག་ཡིན་པ་ངོས་ཟིན་དགོས།
    གང་ལྟར་ཡང་ཞོགས་དུང་བཙོན་འཇུགས་བྱས་པ་འདི་བློ་ཕན་པའི་གནས་ཞིག་ཡིན་ཕྱིར། གདུང་སེམས་མཉམ་སྐྱེད་འོག་ཁོང་ཀློད་གྲོལ་འོངས་ཐབས་ཞིག་ཡོན་ན་རོགས་རམ་བྱེད་དགོས། དེ་མིན་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་ཨ་མདོ་བ་དགེ་འདུན་ཆོས་འཕེལ་སོགས་དང་མཉམ་པའི་མཁས་དབང་ཞིག་ལ་ངོས་འཛིན་བྱེད་པ་འདི་ནི། རྡ་སའི་བོད་ཡིག་ཡག་པོ་མི་ཤིས་མཁན་རྣམས་དང་དམར་སྲུང་རུ་ཁག་གི་བསམ་བློ་རེད།

    Reply
  5. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ཞོགས་དུང་ལགས།ཁྱེད་ལ་རྒྱ་ནག་གིས་གཅར་རྡུང་དང་བརྙེས་བཅོས་ག་ཚོད་བཏང་ཡང་།དེ་ནི་ཁྱེད་ཉིད་བཙོན་ཁང་དུ་མ་འཛུལ་བའི་སྔ་ཉིན་ནས་ཤེས་ཡོད་ལ།དེ་ནི་ཁྱེད་ཀྱིས་བདམས་ཟིན་པའི་ལམ་ཁ་ཞིག་རེད་ཅེས་བཤད་ན་མི་འགྲིག་པ་མེད་མོད།ངས་ཁྱེད་ལ་གསལ་འདེབས་ཤིག་ཞུ་རྒྱུ་ནི།རྒྱའི་བཙོན་འོག་དམྱལ་ཁམས་བཅོ་བརྒྱད་ལས་སྡུག་ཀྱང་འཛུལ་ལ་སྡོད།ཕྱི་ལ་གཏན་ནས་མ་འབུད།ཤེས་ཡོན་པ་དང་བསམ་བློ་བ་སུ་ཡིན་ཡང་།ཁྱེད་ཀྱི་ལེགས་བཤད་དག་ལས་ཁྱེད་དངོས་སུ་མཇལ་ཐུབ་ཀྱང་།དེ་ལས་ལྡོག་པའི་མི་ངན་ཅོལ་ཆུང་ཚོས།ཁྱེད་ཕྱིར་བུད་ན་སྔོན་མ་མེས་པོ་ཚོས་གྱོན་མྱངས་པའི་ལྷ་འདྲེ་གདོན་བགག་གི་ཞྭ་རིང་ལས་ཐུ་བ་ཞིག་འགེབ་ས་རེད།ད་ལྟ་ནས་དྲ་ཚིགས་དང་གསར་ཤོག་སོགས་ཕྱོགས་གང་སར་བཟོ་བཞིན་འདུགམི་རིགས་ཟེར་བ་ཞིག་གི་ཁྱེད་དུ་ཁྱེད་ཀྱིས་བསམ་བློ་ག་འདྲ་བཏང་ཡང་མཐར་ཐུག་འགྲོ་ས་དེ་མི་ངན་འགའ་ཞིག་གི་ལག་འོག་ནས་འགྲོ་དགོས་པ་རེད།དཔེར་ན།དགེ་ཆོས་དང་།དོན་གྲུབ་རྒྱལ་འདི་དག་ལྟར་འགྲོ་དགོས་ན་ངོ་མ་ཡིད་ཕང་བ་ཞིག་རེད།ཁོང་ཚོ་ཡང་མི་ངན་འགའ་ཞིག་གིས་ཞྭ་མི་བཟོས་བབའི་རྐྱེན་གྱིས་འགྲོ་སོང་བ་ལས་བོད་མི་མང་གཏན་ནས་མ་ཡིན་ནོ།ཤེས་པར་ཅེས་དྲ་འབུ་དང་ང་བླ་མ་དག།།

    Reply
  6. གནས་ཚང་། says:
    ལོ་ 15 སྔོན།

    བཙན་པོ་འདི་བླུན་པོ་ཞིག་མིན་ན། དབུ་གོང་ས་ནས་མར་ལེ་རིང་ལུགས་ཆགས་ཟིན་པའི་དེ་རིང་། དམར་སྲུང་དམག་མི་ཡིན་ད་ཡིན། ཧ་ལམ་ཁྱོད་རང་ལ་རྗེས་ལུས་ཐེབས་ཤག ཨུ་ཚུགས་བསྐྱོན་རོགས་ཞུ་འདུན་བྱུང་སོང་།

    Reply
  7. བཙན་པོ་ says:
    ལོ་ 15 སྔོན།

    དུག་ཚེར་ལགས། ངས་བཤད་པའི་ཚིག་ལས་དོན་ལ་སོ་གིས་ཆོད་གི་ཡོད་ས་མ་རེད།
    ཁྱེད་ཚོས་ཞོགས་དུང་འདི་ས་འབྲི་རྡོ་འབྲི་བྱེད་བཞིན་ཡོད་པས།་དེ་ནི་་ཕྱོགས་སུ་ལྷུང་བ་ཞིག་ཡིན་པས་ཕྱོགས་དུང་འདི་བྲིས་བ་ཡིན།
    ཁྱེད་ཀྱིས་ཡི་གེ་ཐིག་ཕྲེང་གཉིས་བྲིས་བའི་ནང་དག་ནོར་དང་དོན་མེད་པའི་ཡི་གེ་དེ་དག་ལ་འགྲེལ་བྱེད་རེ་བྱས་ནས་ཁྲེལ་དགོད་གནང་རོགས།
    ཁྱེད་ཀྱི་གསུང་འདི་རེད།
    བློ་བཟང་ཐུབ་བསྟན་ཟེར་བས ཞོགས་དུགི་བསམ་བློ་ངོ་མ་གཏན་ནས་གོ་མི་འདུག
    ཞོགས་དུང་མིང་ཙམ་ཡང་དག་ཆ་འབྲི་མི་ཤེས་འཁན་ཞིག་གིས ཁོང་གི་བསམ་བློ་ལ་དཔྱད་པ་བྱེད་འདོགས་སྟོན་ཡོང་དུས་ང་རང་དབང་མེ་དཔར་ཁྲེལ་རྒོད་ཤོར་གི་་་་ཟེར། ༡ ཟེར་བས ཞོགས་དུགི་་་་ཟེར་བ་དང་་་་་་་མེ་དཔར་་་་་་ད་དུང་་་་
    འཁན་་་ཟེར་བ་འདི་དག་གི་དོན་དག་ཅི་རེད། འདི་དག་ད་དུང་བོད་སྐད་ནང་མིང་དུ་གྲུབ་མེད་བ་འདྲ།
    ༢ དེ་མིན་་་་་་བྱེད་འདོགས་སྟོན་ཡོང་དུས་་་་བསྟན་ཡོང་དུས་ཟེར་དགོས། ཁྲེལ་རྒོད་ཟེར་བ་འདི་ཡང་ཡོངས་གྲགས་དགོད་འདི་ཡིན།
    གཞན་ལ་དག་བྱེད་པ་ལ་རང་ལ་ཡང་དག་ཆ་དགོས་ནི་རེད་ལོ།

    Reply
  8. བཙན་པོ་ says:
    ལོ་ 15 སྔོན།

    དུག་ཚེར་ལགས། ངས་བཤད་པའི་ཚིག་ལས་དོན་ལ་སོ་གིས་ཆོད་གི་ཡོད་ས་མ་རེད།
    ཁྱེད་ཚོས་ཞོགས་དུང་འདི་ས་འབྲི་རྡོ་འབྲི་བྱེད་བཞིན་ཡོད་པས།་དེ་ནི་་ཕྱོགས་སུ་ལྷུང་བ་ཞིག་ཡིན་པས་ཕྱོགས་དུང་འདི་བྲིས་བ་ཡིན།
    ཁྱེད་ཀྱིས་ཡི་གེ་ཐིག་ཕྲེང་གཉིས་བྲིས་བའི་ནང་དག་ནོར་དང་དོན་མེད་པའི་ཡི་གེ་དེ་དག་ལ་འགྲེལ་བྱེད་རེ་བྱས་ནས་ཁྲེལ་དགོད་གནང་རོགས།
    ཁྱེད་ཀྱི་གསུང་འདི་རེད།
    བློ་བཟང་ཐུབ་བསྟན་ཟེར་བས ཞོགས་དུགི་བསམ་བློ་ངོ་མ་གཏན་ནས་གོ་མི་འདུག
    ཞོགས་དུང་མིང་ཙམ་ཡང་དག་ཆ་འབྲི་མི་ཤེས་འཁན་ཞིག་གིས ཁོང་གི་བསམ་བློ་ལ་དཔྱད་པ་བྱེད་འདོགས་སྟོན་ཡོང་དུས་ང་རང་དབང་མེ་དཔར་ཁྲེལ་རྒོད་ཤོར་གི་་་་ཟེར། ༡ ཟེར་བས ཞོགས་དུགི་་་་ཟེར་བ་དང་་་་་་་མེ་དཔར་་་་་་ད་དུང་་་་
    འཁན་་་ཟེར་བ་འདི་དག་གི་དོན་དག་ཅི་རེད། འདི་དག་ད་དུང་བོད་སྐད་ནང་མིང་དུ་གྲུབ་མེད་བ་འདྲ།
    ༢ དེ་མིན་་་་་་བྱེད་འདོགས་སྟོན་ཡོང་དུས་་་་བསྟན་ཡོང་དུས་ཟེར་དགོས། ཁྲེལ་རྒོད་ཟེར་བ་འདི་ཡང་ཡོངས་གྲགས་དགོད་འདི་ཡིན།
    གཞན་ལ་དག་བྱེད་པ་ལ་རང་ལ་ཡང་དག་ཆ་དགོས་ནི་རེད་ལོ།

    Reply
  9. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    རང་དབང་ཡ་ཡ། ངོ་མ་བོད་མིའི་ལས་དབང་འདི། དུས་ནམ་ཞིག་ལ་བོད་མི་ཚོ་རང་དབང་གི་ཉིན་མ་ཤར་བ་ཡིན་ན་རྒྱ་གཞུང་གིས་བཤད་བཞིན་པའི་ཡར་རྒྱས་ཟེར་བ་དེ་མེད་ན་ཁྱད་མི་འདུག གཞིས་བཞུགས་བོད་མི་ཚོ་རྒྱ་གཞུང་གི་བྱེད་སྟངས་འདི་ཚོ་དངོས་ནས་བཙན་པའི་དབང་ཡོད་རང་རེད། ད་ང་ཚོས་ག་རེད་བྱེད་ཐུབ་ཀྱི་རེད།

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཁྱེད་ཅག་གི་འུར་སྐད་རྒྱབ་པའི་འབྲས་བུ་རེད

    ད་དུང་ཚོད་མ་བཟོང་ན
    ཁོང་ཚེ་བཙོན་དུ་

    Reply
  11. དུག་ཚེར། says:
    ལོ་ 15 སྔོན།

    བློ་བཟང་ཐུབ་བསྟན་ཟེར་བས ཞོགས་དུགི་བསམ་བློ་ངོ་མ་གཏན་ནས་གོ་མི་འདུག

    Reply
  12. དུག་ཚེར། says:
    ལོ་ 15 སྔོན།

    ཞོགས་དུང་མིང་ཙམ་ཡང་དག་ཆ་འབྲི་མི་ཤེས་འཁན་ཞིག་གིས ཁོང་གི་བསམ་བློ་ལ་དཔྱད་པ་བྱེད་འདོགས་སྟོན་ཡོང་དུས་ང་རང་དབང་མེ་དཔར་ཁྲེལ་རྒོད་ཤོར་གི

    Reply
  13. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    རྒན་ཞོགས་དུང་ལགས་ཁྱེད་འཛིན་བཟུང་བྱས་པ་ནས་བཟུང་བདག་གི་རེ་བ་ཆེན་པོ་ཞིག་དོར་དགོས་བྱུང་
    ང་ཚོའི་བོད་མི་རིགས་ཀྱི་ཆེད་དུ་ཀླད་སྙིང་གི་ལྟ་བ་ནང་ཆོས་རྩ་གཏོར་བྱེད་བསམ་རུང་ཁྱེད་ལ་བར་ཆད་འདི་
    འཕྲད་ཀྱི་རེད་བསམ་བསམ་མ་བྱུང་ རང་རེ་བོད་མི་རྣམས་མིག་མེད་པའི་གང་ཟག་ཞིག་གི་རྗེས་སུ་རང་ཉིད་མི
    བཙུམ་ནས་འགྲོ་མཁན་ཤ་སྟག་རེད་ ཚ་མདའ་མྱུག་ལགས་ང་ཚོའི་ད་ཁྱེད་ལ་སྐྱབས་བཅོལ་གྱི་ཡོད་
    ཀླད་སྙིང་བོད་མི་རྣམས་ལ་ཞོགས་པ་དུང་ཞིག་བཏང་ནས་ཡར་དཀྲོག་རོགས་

    Reply
  14. བཙན་པོ་ says:
    ལོ་ 15 སྔོན།

    ཕྱོགས་དུང་གི་རྒྱབ་སྐྱོར་བ་རྣམ་པ། ཁྱེད་ཚོ་ཁ་སང་གྱེན་ལོགས་ཕྱོགས་ཁག་ཡིན་ད་ལ། ཁྱེད་ཚོ་དེ་རིང་དམར་སྲུང་དམག་མི་ཆགས་འདུག་ག ངོ་མ་གསར་བརྗེ་བ་ཟེར་བ་རེད། ཕྱོགས་དུང་ལ་བོད་ཀྱི་དཔའ་བོ་དཔའ་མོ་ཚོ་དང་གཅིག་མཚུངས་ཀྱི་རྒྱབ་སྐྱོར་དང་ལྟ་ཚུལ་ཡོད། ཁོ་ལ་དམིགས་གསལ་གི་ཅང་མེད། ཁོ་བཙོན་འཇུག་བྱས་པར་བློ་ཕམ་ཡོད། ཡིན་ནའང་ཁོའི་རྩོམ་བྲིས་མང་ཆེ་བ་ལོགས་བཤད་རེད། དེ་ཕྱིར་ཁོའི་ལྟ་ཚུལ་ལ་མོས་མཐུན་མེད།གནམ་ས་གོ་འབྱེད་ནང་ཁོའི་བསམ་བློར་འགྱུར་ལྡོག་མང་ཙམ་སོང་འདུག ཁོའི་སྐོར་ལ་རྩོམ་རེ་འབྲི་བསམ་ཡོད། ཁོ་བཙོན་ལ་འགྲོ་བ་ལ་བོད་ནང་ལ་འང་ངན་ཁག་ཡོད་པ་རེད། ༡ སྤྱིར་ཕྱོགས་དུང་མི་དྲང་བོ་ཞིག་ཡིན་པས།ཁོའི་ཉེ་འཁོར་གྱི་གྲོགས་པོ་ཡིན་ཟེར་མཁན་ཚོས་ཁོ་ལ་ཕུ་བརྒྱངས་ནས་ཁོ་མདུང་མགོ་ཅུང་ཙམ་བྱས་ཡོད་པ་རེད་ཟེར།
    ༢ བླ་རྒན་རྣམས་གཙོ་བར་འགྱུར་བའི་ཁོའི་ལྡོག་ཕྱོགས་པ་ཚོས་༢༠༠༨་ལོའི་ཞི་རྒཽལ་ཆེན་མོའི་རྗེས་སུ་ཕྱོགས་དུང་ལ་ངོ་འཚང་མང་པོ་དྲིས་ཡོད་པ་རེད། ཕྱོགས་དུང་གང་ལ་འགྲོ་སོང། ཕྱོགས་དུང་གཉིད་ཁུག་སོང་ས་རེད་ཟེར་བ་སོགས་བཤད་ནས་ཁོ་འདུག་མི་བདེ་བ་བཟོས་པ་རེད།

    Reply
  15. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    ཨ་ཤུ་རེ་ཁོ་ངོ་མ་ཡིད་ཕངས་བ་ཞིག་རེད་ཡ།

    Reply
  16. གནས་ཚང་། says:
    ལོ་ 15 སྔོན།

    ད་མང་བོ་བཤད་ནས་མ་འདུག དངོས་གནས་ལས་ཀ་ལས་ཀི་ཡིན་ན། ཞོགས་དུང་མྱུར་སྐྱོབ་ཚོགས་ཆུང་ཞིག་བཙུགས་ནས་གོ་སྐབས་ཡོད་ཚད་མ་ཤོར་བའི་ལམ་ནས་རྒྱལ་སྤྱིའི་གནོན་ཤུགས་ཐད་ཀར་རྒྱ་ནག་ལ་བརྒྱུད་སྤྲོད་བྱེད་ཐུབ་པ་ཞིག་ལ་བརྩོན་གལ་ཤིན་ཏུ་ཆེ། དེ་ལྟའི་འབྲས་བུས་ད་གཟོད་བོད་ལའང་ཕན་ཆེན་པོ་ཐོགས་པར་འདོད། དེ་འདྲ་ཞིག་རེད་དམ།

    Reply
  17. རང་རྟོན། says:
    ལོ་ 15 སྔོན།

    བསང་ཆུ་འབྲུག་བྷེས་བཤད་པ་ངོ་མ་རེད།
    འདི་ནི་འུ་ཚང་གི་གྱོང་གུད་ཆེན་པོ་ཞིག་ཡིན་པས་ཁོང་གི་གསུང་རྩོམ་དག་ཡིག་རིགས་འདྲ་མིན་ནང་བསྒྱུར་དེ་ཁྱབ་བསྒྲགས་བྱེད་རྒྱ་ཧ་ཅང་གལ།

    Reply
  18. lotsok says:
    ལོ་ 15 སྔོན།

    སྒོར་མོ་མང་པོ་དགོས་རྒྱུ་རེད་ཡ།

    Reply
  19. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ད་རེས་བོད་གངས་རིའི་ལྗོངས་ཀྱི་མི་བུ་རུས་པ་ཅན་སྐུ་ཞབས་ཞོགས་དུང་ལ་གཏད་པའི་དབང་བསྒྱུར་བའི་མདུང་རྩེ་འདི་ནི། སྐུ་ཞབས་ཁོང་ལ་གཏད་པ་གཅིག་གོ་མ་ཡིན་པར་བོད་ཀྱི་ཤེས་ཡོན་པའི་སྟེང་ལ་བསྐོར་བའི་སྦྱུལ་གསོད་ན་སྦྱུལ་མགོ་རྙེད་དགོས་པའི་སྲིད་ཐབས་ཤིག་རེད་འདོད།

    Reply
  20. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་གཉམ་ལྕགས་ལགས། ཀུང་སློང་གི་ཆ་ནས་བཙན་བྱོལ་བོད་མིའི་ཕྲོད་ལྷག་བསམ་གྱིས་རྒྱབ་སྐྱོར་བྱེད་ཡོད་ཅིང༌། ལས་འགུལ་སྤེལ་སྟངས་ཐབས་ཇུས་ཀྱི་ཆ་ནས་ང་ཚོའི་འགྲིག་གི་མེད་པ་གསལ་པོ་རེད། གལ་སྲིད་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་རྒྱལ་སྤྱིའི་རང་བཞིན་གྱིས་ངོས་འཛིན་ལྡན་པའི་མི་སྣ་བཟོ་ཐུབ་ན་ང་ཚོའི་འཇོན་ཐང་་དང་དགོས་རྒྱུ་དེ་རེད་མོད། དེ་ལྟར་ཐུབ་ཀྱི་མེད་པ་གསལ་པོ་རེད། གང་ཡིན་ཟེར་ན་ཆབ་སྲིད་ཀྱི་དོན་རྐྱེན་འོག་རྒྱ་དམར་གྱིས་སྲོག་ཐོག་བཏང་བ་དང་གཏོང་རྒྱུ་བསྡད་པ་གང་མང་ཡོད་རེད། དེ་ལྟར་འཇོན་གྱི་ཡོད་ན་འདྲ་མཉམ་གྱི་དགོས་པ་རེད་བསམ་གྱི་འདུག

    Reply
  21. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་དུ་སྨྱུ་གུས་བཤད་པ་དེ་ཧ་ཅང་གིས་བདེན། ཞོགས་དུང་ཁོང་གིས་ཀྱང་”ནམ་ཞིག་ཕྱི་རང་དབང་གི་རྒྱལ་ས་ཟིན་ཀྱང་ནང་རང་དབང་གི་རྒྱལ་ས་ཟིན་མེད་ཚེ་སྔར་བཞིན་སྒེར་གཅོད་ཡིན་པ་གཅིག་མཚུངས་ཡིན”ཞེས་གསུང་ཡོད། དེའི་སྟབས་ཀྱིས་ཁོང་གི་དགོངས་པ་བཞིན་ང་ཚོའི་མང་ཚོགས་ཀྱི་ཁྲོད་དུ་ཁོང་གི་བསམ་བློའི་རྒྱབ་ལྗོངས་ལ་གོ་རྟོགས་ཐོབ་རྒྱུ་གལ་ཆེ་བ་དེ་རེད། ད་འགྲིག་མ་སོང་། ཁོང་བཟུང་སོང་ཟེར་ནས་འདུག་པ་ལས་ཁོང་གི་རླབས་ཆེ་བའི་བསམ་བློའི་ལངས་ཕྱོགས་ལ་སློབ་སྦྱོང་བྱས་ནས་མི་མང་བྱིངས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེ་བ་འདུག་སྙམ།

    Reply
  22. གནམ་ལྕགས། says:
    ལོ་ 15 སྔོན།

    ངག་དབང་རབ་རྒྱས་ལགས། ཞོགས་དུང་གློད་སོང་ན་མི་འདོད་མཁན་གཅིག་ཀྱང་མེད། གསར་འགོད་པ་དག་དང་ལས་འགུལ་བ་དག་གིས་འདི་ལྟར་བྱས་པའང་གློད་ཐབས་ཀྱི་རེ་བ་ཞིག་ཡིན། ད་བཟུང་ནི་བཟུང་ཚར་བ་རེད། ང་ཚོའི་རང་དབང་ལུང་བ་ནས་ལས་འགུལ་འདྲ་མིན་སྤེལ་ནས་ཁོང་རྒྱལ་སྤྱི་རང་བཞིན་ཅན་གྱི་མི་སྣ་ཞིག་ཆགས་སུ་འཇུག་རྒྱུ་དེ་རེད། དེ་ལྟར་བྱུང་ན་དགྲ་ནག་གི་ཕྱོགས་གང་འདོད་འདོད་བྱེད་མི་ཐུབ་པ་མ་ཟད། ང་ཚོས་ཞོགས་དུང་ཁོང་ཚོའི་ལག་ནས་འཕྲོག་ཐུབ་པའི་རེ་བའང་ཡོད། དཔེར་ན་ཨ་ནེ་ངག་དབང་སངས་གྲོལ་དང་ཕུན་ཚོགས་ཉི་སྒྲོན། རྟ་ནག་འཇིགས་མེད་བཟང་བོ། ངག་དབང་ཆོས་འཕེལ་སོགས་ལྟ་བུ་རེད། དེ་ལྟ་བུ་ཞིག་བྱུང་ན་དེ་དུས་ང་ཚོས་འཇོན་ན་ཞོགས་དུང་གང་ལ་འཇོག་འཇོག་རེད། རེ་བ་དེ་འདྲ་རེད།

    Reply
  23. སྨྱུ་གུ། says:
    ལོ་ 15 སྔོན།

    དང་པོ། སྐུ་ཞབས་ཞོགས་དུང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གུས་འདུད་དང་ཁོང་བཀུར་འོས་བསྔགས་ཆོག་གི་ཡུལ་དུ་ངོས་འཛིན་ཞུ་རྒྱུ་ཡིན།
    གཉིས་པ། རྩོམ་པ་པོ་ཁོང་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གསུམ་པ། ཞོགས་དུང་བཙོན་ནས་གློད་ཐབས་བྱེད་གལ་ཆེ་བ་ཙམ་མ་ཟད། ཞོགས་དུང་གི་བསམ་བློའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱས་ནས་མང་ཚོགས་ཀྱི་གོ་རྟོགས་སད་ཐབས་སུ་འབད་བརྩོན་བྱེད་དགོས།
    བཞི་པ། ཞོགས་དུང་གིས་མཚོན་པའི་རྒྱལ་གཅེས་པ་ཚོར་སྟོབས་ཤུགས་ཆིག་སྒྲིལ་གྱི་རོགས་རམ་བྱེད་དགོས།
    ལྔ་པ། ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་ལོ་རྒྱུས་གསར་པའི་གླེགས་བམ་ལྗིད་པོ་ཞིག་འབྲི་རྒྱུར་ཧུར་བརྩོན་བྱེད་དགོས།

    Reply
  24. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    ངའི་བལྟ་ཚུལ་བྱས་ན། བཙན་བྱོལ་ནང་སྔ་ཕྱིར་ཞོགས་དུང་གི་རྩོམས་ཡིག་དང་ཁོང་གི་སྙིང་སྟོབས་ལ་ཡི་རང་དང་བསྟོད་བསྔགས་བྱས་ཆེ་དྲགས་པའི་རྐྱེན་གྱིས་ཞོགས་དུང་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཆད་གི་གནས་སྟངས་འདི་ཤར་བ་རེད། དེ་སྔོན་གནས་ཚུལ་འདི་འདྲ་ཐེངས་མང་ལྷགས་མྱོང་ཡོད་པ་རེད། བོད་ནང་བོད་མི་ག་གེ་མོ་བ་ཞིག་ཐོག་མར་འཛིན་བཟུང་བྱེད་སྐབས་བཙན་བྱོལ་ནང་གདེང་འཇོག་བྱེད་རྒྱུ་ཆེས་མང་དྲགས་ཏེ། ད་ཕན་བཙོན་འཇུག་གི་ཁྲིམས་ཆད་ཕོགས་པ་ཉུང་ཉུང་ཞིག་མ་རེད། ཞོགས་དུང་ལྟ་བུ་ཤེས་ལྡན་དང་སྔོན་ཐོན་གྱི་བསམ་བློ་བ་ཁོང་བཙོན་འཇུག་ཁྲིམས་ཆད་ཕོགས་པ་བློ་ཕམ་གྱི་རང་བཞིན་དང༌། ང་ཚོ་ཁོང་གང་མྱུར་གློད་བཀྲོལ་ཡོང་བ་ཐབས་ཤེས་དང་འབད་བརྩོན་བྱེད་དགོས།

    Reply
  25. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ང་ཚོའི་བོད་ཕྱི་ནང་གཉིས་ ནས་ཞོགས་གཙོས་བོད་ནང་གི་ཤེས་ཡོན་པ་ཚོ་གློད་ཐབས་ཀྱི་ལས་འགུལ་མཚམས་མི་ཆད་པར་ སྤྲེལ་དགོས་འདུག བནས་ཚུལ་གང་ཡིན་ཀྱང་གོ་མ་ཐག་ཚ་ཚ་འུར་འུར་འདྲ་བྱེས་རྗེས་འཇགས་འགྲོ་བ་འདི་ཡག་ པོ་མི་འདུག ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཀྱང་མགོ་ཁྲིད་དེ་ཡང་ནས་བསྐྱར་དུ་ལས་ འགུལ་སྤེལ་ན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ལའང་ཡང་ཡང་སྙན་ཞུ་དང་རྒྱབ་ སྐྱོར་རེ་སྐུལ་ཞུ་དགོས་ཀྱི་འདུག
    ལས་འགུལ་ལ་ས་མཚམས་ཡོད་ཀྱི་མ་རེད། ཁྲིམས་རྩོད་པ་འཚོལ་དགོས་ན་འགྲོ་སོང་ཆེན་པོ་ཡོད་ཤག་ལ། ང་ཚོས་དེའི་ཐད་ལ་ཞལ་འདེབས་ཕུལ་ནའང་ཆིག་གི་རེད་སྙམ། གང་ལྟར་ཕྱོགས་གང་ཐད་ནས་སྣ་མང་རང་བཞིན་གྱི་ལམ་ནས་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་རེད།

    Reply
  26. གནམ་ལྕགས། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་འཛིན་བཟུང་བྱས་རྗེས། འབྲོག་པ་འགའ་རེས་མར་ཕྱུར་རྩམ་གསུམ་རེ་འཁུར་ནས་བྲོ་བསྐྱལ་དུ་ཟི་ལིང་ལ་སླེབས་འདུག་པའི་སྐོར་གྱི་གནས་ཚུལ་རེ་ཐོས་རྒྱུ་འདུག གནས་ཚུལ་དེ་ནི་ཅུང་དགའ་འོས་པ་ཞིག་རེད་ཨང་།

    Reply
  27. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་ཞོ་གདུང་གི་བདེ་སྐྱར་དཔར་བྱས་ནས་མང་པོ་བཀྲམ་སོང་བྱས་ཙམ་དེའི་རྐྱེན་གྱིས་ཁོང་ལ་རྒྱ་དམར་གྱིས་གསང་བ་ཕྱིར་སྒྲགས་བྱེད་མཁན་གྱིས་ཉག་ཉེས་བཀལ་ངེས་ང་ཚོར་མཚོན་ན་ཞོ་གདུང་མཁས་པ་དང་ཁོང་གི་བརྩམ་ཆོསརྣམས་ལ་རིན་ཐང་སྔར་སར་ནས་མ་ཤེས་པ་ངོ་ཚ་སྐྱེ་གཞི་ཞིག་རེད།

    Reply
  28. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    ད་མ་བཟང་ཐ། བོད་ཀྱི་ཤེས་ལྡན་དང་འབྱོར་ལྡན་སོགས་འདོར་ན་གྲགས་ཅན་མི་སྣ། རང་གི་རིགས་ལ་ཞན་པ་དཀར་བའི་བོད་རིགས་ཡོད་ཚད་རྒྱ་གཞུང་གིས་འཇུ་བཟུང་དང༌། བཀག་གཉེར། བཙོན་འཇུག་སོགས་བྱེད་མུས་ཡིན་པ་དེ་མི་རིགས་འདིའི་བདེན་པའི་འཐབ་རྩོད་ལ་འགོག་རྐྱེན་ཆེན་པོ་ཞིག་ཆགས་འདུག

    Reply
  29. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ད་དངོས་གནས་འགྲིག་མ་སོང་ཡ།
    ཁྲིམས་རྩོད་པ་གླས་ཀྱང་ཏག་ཏག་ཅིག་ཡོང་གི་མ་རེད།
    ཞོགས་དུང་བཙོན་འཇུག་གི་རིང་དེ་དག་ལ་རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཞོགས་དུང་གི་ཀླད་ཤུགས་ཏག་ཏག་བཟོས་ནས་ང་ཚོར་ཕྱིར་སྤྲད་གི་རེད། ད་དངོས་གནས་འགྲིག་མ་སོང་ཡ།
    ནོར་བུ་རང་ལ་ཡོད་དུས།།
    ནོར་བུའི་རིན་ཐང་མ་རྟོགས།།
    ནོར་བུ་གཞན་ལ་ཤོར་དུས།།
    ་་་་་་་་་་
    ཞེས་པ་དེ་དྲན་གྱི་འདུག་གམ།

    Reply
  30. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཁྲིམས་རྩོད་པ་གླས་ན་སྒོར་མོ་མང་པོ་དགོས་པ་རེད། ད་ང་ཚོས་རང་འཁྲི་དང་དུ་བླངས་ནས་དེའི་ཕྱོགས་སུ་རོགས་འདེགས་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese