མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་འོག་གི་རྩོམ་པ་བོ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ་མཐོ་སློབ་ཏུ་མཐོ་རིམ་སློབ་མ་ཁག་ཅིག་ལ་གཞིས་ཀྱི་བཙོན་འོག་གི་ཤེས་ལྡན་མི་སྣ་བཞི་བཅུའི་སྐོར་བགྲོ་གླེང་གནང་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་དང་ས་རཱ་མཐོ་སློབ་གཉིས་མཉམ་འབྲེལ་ཐོག ཕྱོགས་མཐའ་ཁག་གི་མཐོ་རིམ་སློབ་གྲྭ་ཁག་ནས་དབྱར་ཟླའི་གུང་གསེང་དང་བསྟུན་ནས་བོད་ཡིག་ཆེད་སྦྱོང་བྱེད་དུ་ཡོང་བའི་མཐོ་རིམ་སློབ་མ་རྣམས་ལ། ཤེས་རབ་དང་སྙིང་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་བ་དང་། ཉིན་དེའི་བགྲོ་གླེང་གཙོ་སྐྱོང་བའམ་གཏམ་བཤད་གནང་མཁན་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཨ་འཁོར་བཟོད་པ་ལགས་ཀྱིས། ད་ལྟ་བོད་ནང་དུ་རྩོམ་པ་བོ་དང་ཤེས་ཡོན་པ་མི་ ༤༠ ཙམ་འཛིན་བཟུང་བྱས་ཡོད་པའི་སྐོར་ལ་གསུང་བཤད་གནང་ཡོད།

དགེ་རྒན་ཨ་འཁོར་བཟོད་པ་ལགས་ཀྱིས་ཤེས་རབ་དང་སྙིང་སྟོབས་ཞེས་པའི་བརྗོད་གཞི་དེའི་སྐོར་ལ་འགྲེལ་བཤད་གནང་སྐབས། ད་ལྟ་རྒྱལ་ཁབ་མང་བོ་ཞིག་གིས་རང་བཙན་རྩོད་ཀྱིན་ཡོད་པ་དང་འཐབ་རྩོད་ཁྲོད་ཞུགས་ཡོད། ཡིན་ནའང་། རྒྱལ་ཁབ་མང་བོ་ཞིག་གིས་སྙིང་སྟོབས་ལ་བརྟེན་ཏེ་རྒྱལ་ཁབ་དེ་སླར་གསོ་བྱེད་པ་དང་རང་བཙན་རྩོད་པ། རང་སྲིད་རང་སྐྱོང་ལེན་གི་ཡོད་མོད། ཤེས་རབ་ལ་མ་བརྟེན་པར་སྙིང་སྟོབས་གཅིག་པུར་བརྟེན་ནས་རང་བཙན་ལེན་ཐུབ་པའི་རྒྱལ་ཁབ་སུ་གཅིག་ཀྱང་བྱུང་མེད། ཚང་མ་ཤེས་རབ་ལ་བརྟེན་ཡོད། དེར་བརྟེན་ང་ཚོ་བོད་མི་ཚོས་ཀྱང་སྙིང་སྟོབས་བླ་ན་མེད་པ་ཞིག་བསྐྱེད་དེ་རང་བཙན་ལེན་དགོས་ན། གཙོ་བོ་ཤེས་རབ་ལ་བརྟེན་དགོས། ཞེས་གསུངས་ཡོད།

དེ་མིན་ཁོང་གིས་བོད་ཀྱི་རླབས་ཆེན་གྱི་རྩོམ་པ་བོ་ཁག་ཅིག་ངོ་སྤྲོད་གནང་དོན། རྗེ་མི་ལ་རུས་པ། ཁོང་ནི་རྒྱལ་སྤྱིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་འོས་པའི་ཚད་ལྡན་གྱི་རྩོམ་པ་བོ་ཞིག་ཡིན་ནའང་ངོས་འཛིན་བྱེད་ཐུབ་པ་བྱུང་མེད། ཁོང་ནི་རང་བྱུང་ཁམས་ལ་ངོས་འཛིན་ཡག་པོ་བྱེད་མཁན་ཞིག་དང་མིའི་གཤིས་ཀ་དང་ཀུན་སྤྱོད་ལ་ངོས་འཛིན་ཡག་པོ་བྱེད་མཁན་ཞིག རྩོམ་པ་པོ་རང་ཉིད་དང་རྩོམ་ལུས་བར་དོ་མཉམ་པའི་བླ་ན་མེད་པའི་རྩོམ་པ་པོ་ཞིག་རེད།

རྒྱལ་པ་ཚངས་དབྱངས་རྒྱ་མཚོ། ཁོང་སྐབས་དེའི་ཆབ་སྲིད་ཀྱི་རྙོག་འཛིང་ཆེས་ཆེ་བའི་དུས་སྐབས་ཤིག་གི་ནང་དུ་ལྷུང་ཡོད། ལྷ་བཟང་ཁང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་བར་གྱི་རྩོད་གླེང་ནང་དུ་ཁོང་ལྷུང་སྟེ། གཡས་ཀྱི་ཕྱོགས་བྱས་ན་མ་འགྲིག་པ་དང་གཡོན་གྱི་ཕྱོགས་བྱས་ན་མ་འགྲིག་པ་ཞིག་བྱུང་ཡོད། དེའི་སྟབས་ཀྱིས་ཁོང་གིས། དེ་རིང་ཕན་ནས་ང་བླ་མ་བྱེད་ཀྱི་མིན་ལ་ཆབ་སྲིད་པའང་བྱེད་ཀྱི་མིན། ང་ཆབ་སྲིད་ལས་ལོགས་སུ་ཐོན་ཏེ་སྒེར་གྱི་འཚོ་བ་རོལ་གྱི་ཡིན་ཟེར་མཁན་ཞིག་རེད། ཁོང་རླབས་ཆེ་བར་བརྩི་དགོས་དོན་མིའི་རང་བཞིན་ལྷན་སྐྱེས་ཟེར་བ་དེ་ཕྱི་ལ་འདོན་མཁན་གྱི་རྩོམ་པ་པོ་སྐད་གྲགས་ཆེ་ཤོས་ཤིག་རེད། ཁོང་གིས། སྒོམ་པའི་བླ་མའི་ཞལ་རས། །ཡིད་ལ་འཆར་རྒྱུ་མི་འདུག །མ་སྒོམ་བྱམས་པའི་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེ། །ཟེར་བའི་ཚིག་འདིར་འགྲེལ་བཤད་སྣ་ཚོགས་ཡོད་ནའང་། སྐབས་དེར་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་ལྟ་བུ་ཞིག་གིས་སྐད་ཆ་འདི་བཤད་པར་ལས་སླ་བོ་མེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག ཐོག་དང་པོར་བོད་ཀྱི་གནད་དོན་རྩོམ་ཡིག་གི་ལམ་ནས་འབྲི་མཁན་དང་སྤུས་དག་ཤོས་ཁོང་ཆགས་ཡོད། ཁོང་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བྲིས་གནང་མཛད་ཡོད། དེའི་ནང་དུ་ད་ལྟ་ང་ཚོས་དབུ་མའི་ལམ་ཞེས་པའི་ཚད་མཐོ་བའི་རང་སྲིད་རང་སྐྱོང་དེ། རྒྱ་ནག་གི་ཁྲིམས་ལུགས་ནང་གཏན་ལ་ཕབ་ཡོད་པ་དང་ལག་ལེན་བྱེད་ཀྱི་མེད་པ་དེར། མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད།

དགེ་འདུན་ཆོས་འཕེལ། ཁོང་ནི་དྲང་བདེན་ལ་དགའ་བ་དང་ནམ་ཡང་དྲང་བདེན་མི་འདོར་བའི་སྙན་ངག་པ་དང་རྩོམ་པ་པོ་ཡིན། ཁོང་གིས་མི་སྒེར་གྱི་ཕུགས་བསམ་དང་རྩོམ་གཤིས་ཐད་དུ་རྩོམ་ཡིག་མང་བོ་བྲིས་ཡོད་ལ། མི་རིགས་དང་རྒྱལ་ཁབ་ཅིག་གི་མ་འོངས་པའི་ཕུགས་བསམ་དང་རེ་བའི་ཆེད་དུ་རྩོམ་ཡིག་མང་བོ་བྲིས་གནང་མཛད་ཡོད། ཁོང་ནི་དཔྱོད་ཤེས་ཀྱི་རྒྱང་འབོད་བྱེད་མཁན་ཐོག་དང་པོ་དེ་ཆགས་ཡོད།

དཔལ་དོན་འགྲུབ་རྒྱལ། རྩོམ་རིགས་གསར་བའི་དེད་དཔོན། དེང་སང་བོད་པར་ནུབ་ཕྱོགས་ཀྱི་རྩོམ་ཡིག་གམ། རྒྱ་ནག་གི་རྩོམ་ཡིག ཡང་ན་དུས་རབས་གསར་བའི་རྩོམ་ཡིག་སོགས་ལབ་སྟངས་གང་ཡིན་རུང་། རྩོམ་ཡིག་གསར་པ་མགོ་རྩོམ་མཁན་ཁོང་ཡིན།

ཞོགས་དུང་། ཁོང་ནི་བོད་ནང་གི་སློབ་གྲྭ་ཆེན་མོ་དང་ན་གཞོན་རྣམས་ལ་ཤུགས་རྐྱེན་ཆེ་ཤོས་དང་། ན་གཞོན་གྱི་རྨི་ལམ་ཡག་ཤོས། རེ་བ་ཆེ་ཤོས་ཀྱི་རྩོམ་པ་བོ་དེ་ཡིན། ན་གཞོན་རྣམས་ཀྱིས་ཁོང་ལ་བསམ་བློ་བ་དང་བསམ་བློ་གསར་བའི་སྣེ་ཁྲིད་པ་ཞེས་བསྟོད་བསྔགས་འབུལ་གྱིན་ཡོད། དེ་ལྟར་བསྟོད་དགོས་དོན་ཁོང་གིས་སྔ་ཕྱི་བར་གསུམ་དུ་བརྩམས་ཆོས་རིན་ཐང་ལྡན་པ་མང་བོ་བརྩམས་ཡོད། མཇུག་མཐར་ཁོང་གིས་རང་གི་ཁྱིམ་ཚང་དང་བཅས་པ་བློས་བཏང་སྟེ་གནམ་ས་གོ་འབྱེད་ཅེས་པའི་དེབ་དེ་བརྩམས་ཡོད།

འཇམ་དབྱངས་སྐྱིད། བོད་ཀྱི་གཞས་མ་དང་རྩོམ་པ་པོ་རེད། ཁོ་མོས་བོད་དོན་སྐོར་གྱི་རྩོམ་ཡིག་བྲིས་པར་བརྟེན་ནས་བཙོན་དུ་འགྲོ་དགོས་བྱུང་བ་དང། བཙོན་གྱི་མྱོང་ཚོར་སོགས་ཀྱང་བྲིས།

ནོར་འཛོམས་སྐྱིད། ཁོང་མོ་ཁྲིམས་འཛིན་ལས་བྱེད་རེད། ཁོང་མོར་ཕོག་པའི་ནག་ཉེས་ནི་རྒྱ་ནག་གི་གསང་བ་ཕྱིར་བསྒྲགས་བྱས་པ་དེ་ཡིན།

བུད་མེད་རྩོམ་པ་པོ་འོད་ཟེར། ཁོང་མོ་ད་ལྟའི་བར་ཐེངས་དུ་མར་འཇུས་ཡོད་ནའང་ཁོང་མོས་བོད་དོན་ཆེད་བཟུང་བའི་སྨྱུ་གུ་དེ་ག་དུས་ཡིན་ནའང་གློད་མེད།

དགེ་རྒན་ཨ་འཁོར་བཟོད་པ་ལགས་ཀྱིས་གོང་གསལ་མི་སྣ་འདི་དག་རེ་རེ་བཞིན་འགྲེལ་བརྗོད་དང་ངོ་སྤྲོད་གནང་བ་དང་དེ་དག་གི་བརྩམས་ཆོས་སྐོར་ཡང་ངོ་སྤྲོད་གནང་། ཡིན་ནའང་། བརྗོད་གཞི་དངོས་ཏེ། འདས་པའི་ལོ་འདི་འགར་འཛིན་བཟུང་བྱས་པའི་ཤེས་ལྡན་མི་སྣ་བཞི་བཅུ་ལྷག་གི་སྐོར་ལ་དམིགས་བཀར་གྱིས་གང་ཡང་གསུངས་མེད་མོད། མཇུག་ཏུ་ཁོང་གིས་གོང་གི་མི་སྣ་འདི་དག་བོད་ནང་གི་རྩོམ་པ་པོ་བཞི་བཅུ་ལྷག་འཛིན་བཟུང་བཀར་ཉར་བྱས་པ་རྣམས་ངོ་སྤྲོད་བྱས་པ་ཡིན། ང་ཚོའི་ལག་ཏུ་ད་དུང་ཤེས་རྟོགས་བྱུང་མེད་པ་མང་བོ་ཡོད། གོང་གི་མི་སྣ་འདི་ཚོ་ངོ་སྤྲོད་བྱེད་དོན་ཤེས་རབ་ལྡན་པའི་སྙིང་སྟོབས་ཅན་རྐྱང་རྐྱང་ཡིན་སྟབས་ངོ་སྤྲོད་བྱས་པ་ཡིན། རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཤེས་ལྡན་མི་སྣ་བཞི་བཅུ་ལྷག་གི་སྐོར་ལ་ལས་འགུལ་སྤེལ་གྱིན་ཡོད་ཅེས་གསུངས་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༤ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༥ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༧ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 24

  1. འཇམ་དབྱངས། says:
    ཟླ་བ། 2 སྔོན།

    ང་ཚོ་བོད་ལ་མཚོན་ན་ཆེས་སྡུག་རྩུབ་བའི་རྒྱ་ནག་གཞུང་གི་ལག་ཏུ་ཤོར་ཡོད་པ་རེད། སློབ་མ་ཚོ་ལ་དོན་དངོས་སློབ་སྦྱོང་ཡག་པོ་གནང་རྒྱུ་གལ་ཆེ། སློབ་མ་ཚོ་མགོ་ཡག་མགོ་སྐོར་མ་བཏག་རོག

    Reply
  2. ཚེ་རིང། says:
    ལོ་ 15 སྔོན།

    གུང་སེང་མ་བཏང་བར་བོད་ཡིག་སྦྱོང་དུ་ཡོང་མཁན་ཚོར། ཁ་ཡོད་ལག་ཡོད་ཀྱི་བོད་ཡིག་ཅུང་སློབ་ཐུབ་ན་ཡག་པོ་རེད། ཁོང་ཚོ་བོད་ཡིག་ལ་དགའ་ཞེན་ཡོད་ནའང། མ་ཤེས་པར་སྦྱོང་དུ་ཡོང་བ་རེད། ཕར་ལོག་སྐབས། ཕྱོགས་རེས་ཅན་ཞིག་མ་ཆགས་པར། བོད་ཡིག་ལ་དུང་ཞེན་ཅན་ཞིག་བཟོས་ཐུབ་ན་ཡག་པོ་རེད།

    Reply
  3. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    འདིཚོས་བསྟོད་དྲགས་ནས་ནམ་མཁའི་དབྱིངས་སུ་འདེགས་ཀྱི་རེད། སྨོད་དྲགས་ནས་དམྱལ་ཁམས་བཅོ་བརྒྱད་ནང་དུ་འཕེན་གྱི་རེད། འདི་ཚོའི་ཁ་ལ་བལྟ་ས་ཡོད་མ་རེད། ཞོགས་དུང་གིས་ནོར་འཁྲུལ་ཏོག་ཙམ་ཤོར་ན་འདི་ཚོས་ཚོགས་འདུ་འཚོགས་ནས་ཞོགས་དུང་ལ་དགག་པ་རྒྱག་རྒྱུ་ཏན་ཏན་རེད། རང་གཤིས་ག་འདྲ་ཞིག་འདུག སོ་སོའི་གདོང་ལ་མཛུབ་མོ་བཙུགས་ནས་བསམ་བློ་ཐོངས་དང་།

    Reply
  4. སྐར་མདའ། says:
    ལོ་ 15 སྔོན།

    དངོས་གནས་བཤད་ན་བོད་ཀྱི་རྩོམ་པ་པོ་ཞོགས་དུང་ལ་མི་དགའ་བ་དང་སྡང་ཞུགས་ཀྱི་བསམ་བློ་ག་ལ་ཡོད། འོན་ཀྱང་འདིར་ཅི་ཡང་མི་ཤེས་མཁན་འགས་ཞོགས་དུང་ནི། རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་། ཨ་མདོ་བ་དགེ་འདུན་ཆོས་འཕེལ་སོགས་དང་མཉམ་པའི་མཁས་དབང་ཞིག་ལ་ངོས་འཛིན་པ་ནི་ནོར་འཁྲུལ་རེད་སྙམས། གང་ལྟར་ཡང་ཁོང་ནི་བོད་མི་རིགས་ལ་ཤ་ཞེན་ཅན་ཀྱིས་བསམ་བློ་བ་ཞིག་ཡིན་པ་གསལ་པོ་རེད།
    འོན་ཀྱང་དགའ་ན་བསྟོད་དྲགས་པ་དང་། སྡུག་ན་སྨད་དྲགས་པ་འདི་ནི་བོད་མིའི་གཤེས་ག་ཡིན་པ་འདྲ།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འདི་ཚོ་ཡང་ཡང་གླེང་རྒྱུ་གལ་ཆེན་རེད། འདི་ཚོ་ཡང་ཡང་དྲན་རྒྱུ་གལ་ཆེན་རེད། འདི་ཚོ་ཡང་ཡང་སྐྱེ་རྒྱུ་གལ་ཆེན་རེད། འདི་ཚོ་ཡང་ཡང་འཕགས་རྒྱུ་གལ་ཆེན་རེད། དེ་དང་ལྷན་དུ་གཞན་ཚོའང་གླེང་ཞིང་དྲན་ན་བཟང་།

    Reply
  6. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་འཁོར་གྱིས་དངོས་གནས་བགྲོ་གླེང་གི་ཁ་བྱང་དང་འཚམས་པའི་གཏམ་བཤད་ཅིག་ཁྱོན་ནས་བྱེད་ཐུབ་མི་འདུག སྡོམ་ཚིག་འདྲ་ཞིག་བཀོད་ནས་བཤད་འདུག་པ་ནི་དགོས་ངེས་དེ་མ་རེད། དེ་བས་དངོས་ཡོད་ཅིག་བཤད་ཡོད་ན་དགའ་བ་ལ། གང་ལྟར་གཞིས་ཆགས་པ་ཕོ་གསར་མོ་གསར་འགའ་ལ་ཧང་སངས་པ་ཞིག་བྱུང་ཡོད་སྲིད།

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    སྐར་མདའ་ཞེས་པ་འདི་ཞོགས་དུང་ལ་མ་དགའ་བའི་ཚུལ་ལ་བལྟས་ན། འབྱུང་བོ་ཞིག་གི་རྒྱུད་བརླམ་ཡོད་པ་འདྲ། ཇི་འདྲའི་མི་ཅབ་ཆུང་ཞིག

    Reply
  8. མི་ཞུན། says:
    ལོ་ 15 སྔོན།

    རྒན་ཨ་འཁོར་ལགས་ལ་ཉམས་ཡོད་ཀི

    Reply
  9. རང་རྟོན། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ།

    Reply
  10. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    རྩམ་པ་པོ་བྱ་གཞུང་རིན་བཟང་དང་།ཨརིག་སྒྲོལ་མ་སྐྱབས།ཐེའུ་རང་སོགས་མང་པོ་ཞིག་གི་མཛད་རྗེས་མ་དྲན་པ་འམ་ཡང་ན་མཚན་གཞུང་བཀོད་སའི་ཤོག་བུ་མ་སྙེད་པ་ངག་རུང་ཡིན་རྒྱུ་རེད།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    འགོ་བརྗོད་རྫིག་པོ་དང་བགྲོ་གླེང་སྟོང་པ། པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱིས་མིང་ཐོག་ནས་ད་བར་ཕྱི་རྒྱལ་ལ་མི་ག་ཚོད་བཏང་ཡོད་པའི་སྐོར་བགྲོ་གླེང་ཞིག་ཚུགས་ཐུབ་ན་ཡག་པོ་རེད།

    Reply
  12. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྐྱག་པའི་གཙོ་སྐྱོང་བ།   འགོ་བརྗོད་དང་གསུང་བཤད་ཀྱི་ནང་དོན་གཏན་ནས་འབྲེལ་བ་མི་འདུག  

    Reply
  13. jamyang lama says:
    ལོ་ 15 སྔོན།

    དྲ་གྲོགས་བོད་པ་ལགས་སྐུ་ཉིད་ནས་བོད་མི་རིགས་ལ་ཆེ་ཤིན་ཏུ་རླབས་
    ཆེ་བའི་རིག་པ་སྨྲ་བ་དོན་གྲུབ་རྒྱལ་དང་སྐུ་ཞབས་ཞོག་དུང་དགེ༌ཆོས་
    ལ་སོགས་པའི་བོད་མི་རིགས་ཀྱི་མཁས་པའི་གྲགས་པ་ཕྱོགས་བཞིར་ཁྱབ་
    པའི་རིག་པ་སྨྲ་བ་རྣམས་ཁྱེད་རང་གི་སྐྱུག་པའི་གནས་ཞིག་ཡིན་ན་དེ་དག་ལས་
    ཆེ་ལྷག་པའི་སྐུ་ཉིད་ཀྱི་སེམས་ཀྱི་རིག་པ་སྨྲ་བ་འདི་སུ་ཡིན་ནམ་དེ་ལ་དོན་གྲུ་རྒྱལ་
    དང་ཞོགས་དུང་དགེ་ཆོས་དེ་བཞིན་བོད་མིགས་ཀྱི་རིག་པ་རྣམས་ལ་མི་ལྡན་པའི་དམིགས་གསལ་གྱི་
    ཁྱད་ཆོས་གང་ཞིག་ཡོད་དམ་སྐུ་ཉིད་ནས་དྲ་གྲོགས་ཡོངས་ལ་ཞུས་ན་
    ཆེ་ཤིན་ཏུ་རླབས་ཆེ།།

    Reply
  14. རིག་འཛིན་བཟང་པོ says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་པ་པོ་ཞེས་པའི་མིང་རྫིག་པོ་དེ་དོན་དངོས་ཐོག་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ལས་འགུལ་གང་ཡང་བྱེད་མི་ཐུབ་པར་མིང་བྱང་ཆེན་པོ་ཞིག་འཁྱེར་ནས་ཁ་སྟོང་པའི་བཤད་བཤད་རྐྱང་རྐྱང་བྱས་ནས་མ་འདུག་པར་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་རྩོམ་རིག་གང་མང་སྤེལ་རོགས་ཞུ་།།ད་དུང་ཨ་འཁོར་བཟོད་པ་ལགས་ཁྱེད་རང་གིས་མི་རིགས་ལ་ཕན་པའི་སྒྲུང་རྩོམ་ཐར་ཐོར་རེ་བྲིས་ནས་བཞུག་ན་ལེགས་སྙམ།།

    Reply
  15. སྐར་མདའ། says:
    ལོ་ 15 སྔོན།

    རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་། ཨ་མདོ་བ་དགེ་འདུན་ཆོས་འཕེལ། འདི་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ལ་བྱང་ཆུབ་པའི་རྕོམ་པོ་ཞིག་རེད། དཔལ་དོན་འགྲུབ་རྒྱལ་ནི་བོད་ཀྱི་ལོ་རྒྱུལ་ལ་མཁས་ཤིང་དེང་རབས་སྔོན་ཐོན་གྱི་ལྟ་ལའང་བཅུད་ལེན་སྙིགས་འདོར་བྱེད་ཐུབ་བའི་རྩོམ་པ་པོ་ཞིག་རེད།
    ཞོགས་དུང་ལ་མཚོན་ན་མར་ལེ་རང་ལུགས་ཀྱི་ལྟ་བ་ཁྲལ་ཁྲོལ་ཞིག་གོ་ལོ་དང་ཐོས་ལོ་ཡོད་ཐོག་དེ་བོད་ཡིག་གི་ཐོག་ལ་འབྲི་ཐུབ་པའི་སུམ་རྟགས་དག་གསུམ་སོགས་ཀྱི་ཆ་སྐྱེན་ཙམ་ཚང་བའི་རྩོམ་པ་པོ་ཞིག་རེད།
    རྡ་སའི་དམར་སྲུང་རུ་ཁག་གི་རྣ་བ་ལ་ཞོག་དུང་གི་ལྟ་བ་འདི་ཧ་ཅིང་སྙན་པོ་དང་། སེམས་ནང་ལ་ཧ་ཅིང་མཐོང་ཆེན་བྱེད་ཡུལ་ཞིག་ཆགས་ཡོད། འོན་ཀྱང་ལྟ་བ་འདི་ནི། དེང་རབས་གཞོན་སྐྱེས་ཀྱི་བསམ་བློ་སྔོན་ཐོན་ཞིག་མ་ཡིན་པར། འདས་པའི་དུས་ཀྱི་མར་ལེ་རངས་ལུགས་ཀྱི་ལྟ་བ་གཞིར་བཞག་ཐོག བོད་མི་ཕྱོགས་ཡང་གཡེམ་རྒྱུགས་མཁན་ལ་མཛའ་བའི་ཚིགས་ཁ་ཤེས་རེ་གསར་དུ་བསྣན་ནས་བྲིས་པ་ཞིག་ཡིན་པ་ངོས་ཟིན་དགོས།
    གང་ལྟར་ཡང་ཞོགས་དུང་བཙོན་འཇུགས་བྱས་པ་འདི་བློ་ཕན་པའི་གནས་ཞིག་ཡིན་ཕྱིར། གདུང་སེམས་མཉམ་སྐྱེད་འོག་ཁོང་ཀློད་གྲོལ་འོངས་ཐབས་ཞིག་ཡོན་ན་རོགས་རམ་བྱེད་དགོས། དེ་མིན་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་ཨ་མདོ་བ་དགེ་འདུན་ཆོས་འཕེལ་སོགས་དང་མཉམ་པའི་མཁས་དབང་ཞིག་ལ་ངོས་འཛིན་བྱེད་པ་འདི་ནི། རྡ་སའི་བོད་ཡིག་ཡག་པོ་མི་ཤིས་མཁན་རྣམས་དང་དམར་སྲུང་རུ་ཁག་གི་བསམ་བློ་རེད།

    Reply
  16. སྐར་མདའ། says:
    ལོ་ 15 སྔོན།

    སྤྱིར་བཤད་ན། རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་ཨ་མདོ་བ་དགེ་འདུན་ཆོས་འཕེལ། གཉིས་ལ་མཚོན་ན་བོད་ཆོས་དང་རིག་གཞུང་གཉིས་ལ་བྱང་ཆུབ་པའི་རྕོམ་པོ་ཞིག་རེད། དཔལ་དོན་འགྲུབ་རྒྱལ་ནི་བོད་ཀྱི་ལོ་རྒྱུལ་ལ་མཁས་ཤིང་དེང་རབས་སྔོན་ཐོན་གྱི་བལྟ་ལའང་བཅུད་ལེན་སྙིགས་འདོར་བྱེད་ཐུབ་བའི་རྩོམ་པ་པོ་ཞིག་རེད།
    ཞོགས་དུང་ལ་མཚོན་ན་མར་ལེ་རང་ལུགས་ཀྱི་ལྟ་བ་ཁྲལ་ཁྲོལ་ཞིག་གོ་ལོ་དང་ཐོས་ལོ་ཡོད་ཐོག་དེ་བོད་ཡིག་གི་ཐོག་ལ་འབྲི་ཐུབ་པའི་ཆ་སྐྱེན་ཙམ་ཚང་བའི་རྩོམ་པ་པོ་ཞིག་རེད།
    རྡ་སའི་དམར་སྲུང་རུ་ཁག་གི་རྣ་བ་ལ་ཞོག་དུང་གི་ལྟ་བ་འདི་ཧ་ཅིང་སྙན་པོ་དང་། སེམས་ནང་ལ་ཧ་ཅིང་མཐོང་ཆེན་བྱེད་ཡུལ་ཞིག་ཆགས་ཡོད། འོན་ཀྱང་ལྟ་བ་འདི་ནི། དེང་རབས་གཞོན་སྐྱེས་ཀྱི་བསམ་བློ་སྔོན་ཐོན་ཞིག་མ་ཡིན་པར། འདས་པའི་དུས་ཀྱི་མར་ལེ་རངས་ལུགས་ཀྱི་ལྟ་གཞིར་བཞག་ཐོག བོད་མི་ཕྱོགས་ཡང་གཡེམ་རྒྱུགས་མཁན་ལ་མཛའ་བའི་ཚིགས་ཁ་ཤེས་རེ་གསར་དུ་བསྣན་ནས་བྲིས་པ་ཞིག་ཡིན་པ་ངོས་ཟིན་དགོས།
    གང་ལྟར་ཡང་ཞོགས་དུང་བཙོན་འཇུགས་བྱས་པ་འདི་བློ་ཕན་པའི་གནས་ཞིག་ཡིན་ཕྱིར། ཁོང་ཀློད་གྲོལ་འོངས་ཐབས་ཞིག་ཡོན་ན་རོགས་རམ་བྱེད་རོགས། དེ་མིན་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་དང་ཨ་མདོ་བ་དགེ་འདུན་ཆོས་འཕེལ་སོགས་དང་མཉམ་པའི་མཁས་དབང་ཞིག་ལ་ངོས་འཛིན་བྱེད་པ་འདི་ནི། རྡ་སའི་བོད་ཡིག་ཡག་པོ་མི་ཤིས་མཁན་རྣམས་ཀྱི་བལྟ་བ་ཞིག་རེད།

    Reply
  17. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ད་ལམ་ལས་འགུལ་ཡག་པོ་ཞིག་སྤེལ་ཏེ་འདུག རྗེས་སུ་ཡི་རང་ཞུའོ།། འདི་འདྲའི་བགྲོ་གླེང་རྒྱ་ཆེན་པོ་ཞིག་དང་ལས་འགུལ་གཞི་རྒྱ་ཆེན་པོ་རེ་སྤེལ་རྒྱུར་རྩོམ་པ་པོའི་མཐུན་ཚོགས་ནས་འགན་རྐང་བཞེས་གནང་དགོས་ནས་འདུག་པར་མཐོང་ངོ་།། འདི་འདྲ་དག་ནི་རྩོམ་ཚོགས་ཀྱིས་ངེས་པར་གནང་དགོས་པར་ཡང་མཐོང་ངོ།། རྣམ་པ་ཚོའི་ལས་འགུལ་འདི་རིགས་ལ་རྒྱབ་སྐྱོར་ཞུ་མུས་སུ་ཡོད་དོ་ཞུའོ།།

    Reply
  18. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    གོ་སྒྲིག་འདི་འདྲ་ཞིག་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཕྱི་ཟླ་བདུན་པའི་རྗེས་སུ་རྒན་ཨ་འཁོར་ལགས་ཀྱིས་གཙོ་བོ་བྱས་ཏེ།སླར་ཡང་ས་རཱ་སློབ་གྲྭར་འདི་འདྲ་ཞིག་གོ་སྒྲིག་བྱེད་པར་རེ་བ་ཡོད།ངོ་མ་གླེང་འོས་པའི་ཐེའུ་རང་།ཞོགས་དུང་།གངས་ཉི།སྒྲོལ་མ་སྐྱབས་ཕོ་མོ་གཉིས།འདི་དག་གླེང་རྒྱུ་བརྗེད་མི་ཉན་གི་ཡ་་་་་

    Reply
  19. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    གོ་སྒྲིག་འདི་འདྲ་ཞིག་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཕྱི་ཟླ་བདུན་པའི་ནང་དུ་རྒན་ཨ་འཁོར་ལགས་ཀྱིས་གཙོ་བོ་བྱས་ཏེ།སླར་ཡང་ས་རཱ་སློབ་གྲྭར་འདི་འདྲ་ཞིག་གོ་སྒྲིག་བྱེད་པར་རེ་བ་ཡོད།ངོ་མ་གླེང་འོས་པའི་ཐེའུ་རང་།ཞོགས་དུང་།གངས་ཉི།སྒྲོལ་མ་སྐྱབས་ཕོ་མོ་གཉིས།འདི་གླེང་རྒྱུ་བརྗེད་མི་ཉན་གི་ཡ་་་་་

    Reply
  20. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    དོན་དངོས་ཐོག་དུས་བབ་དྲ་ཚིགས་ཀྱིས་འགོག་ནུས་ན།བོད་པ་ཟེར་བའི་མི་འདི་དག་ངེས་པར་འགོག་དགོས་ཀྱི་འདུག རྒྱུ་མཚན་ནི་ང་ལ་མང་པོ་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་།ཉམ་ཆུང་བའི་བདག་གི་མིང་བྱང་འདི་ནག་སུབ་གཏོང་མི་ཡོང་ངམ་སྙམ་ནས་ཞེད་ཀྱིན་འདུག དགེ་ཆོས་དང་།དོན་གྲུབ་རྒྱལ།ཞོངས་དུང་སོགས་ཀྱི་མིང་ཙམ་ཡང་གོ་ན་སྐྱུག་འགྲོ་བ་དག་ལ་བསམ་བློ་ལེགས་པོ་ཞིག་མེད་པ་ནི་མངོན་སུམ་ཚད་མས་མ་གྲུབ་ཀྱང་རྗེས་དཔག་ཚད་མས་རྟོགས་ནུས་པ་ཞིག་རེད།ནམ་ཞིག་འདིའི་གྲས་དེ་༸གོང་ས་མཆོག་དང་པཎ་ཆེན་བཅུ་བ་མཆོག་མཚན་གོ་ནའང་སྐྱུག་འགྲོ་གི་རེད།དེ་ཡིན་དུས་དེ་ལྟར་མ་སྐྱུག་གོང་ནས་རུལ་སོང་གི་བསམ་བློ་འདི་འདྲ་ཅན་དག་རྒྱང་ཕུད་བཏང་ན་ཡག་གི་རེད།

    Reply
  21. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བགྲོ་གླེང་འདི་འདྲ་ཞིག་ནི་ཁ་སྔོན་ནས་དགོས་པ་ཞིག་རེད། ད་ལྟའང་འཕྱི་ཡོད་པ་མ་རེད། མུ་མཐུད་ནས་དགོས་པ་ཞིག་རེད། རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདིའདྲའི་ཉམ་ཆུང་མདོག་གི་བགྲོ་གླེང་ཞིག་ཇི་ཕྱིར་འཚོགས་པ་ཡིན་ནམ། མཁས་པ་དང་རྩོམ་པ་པོ་ཚོར་ཤུགས་ཆེན་པོས་གླེང་བཅུག་ཡོད་ན་ག་འདྲའི་གཟི་བརྗིད་ཆེ་བ་ལ། ཡིན་ནའང་། ཇེ་ཆུང་ནས་ཇེ་ཆུང་ཇེ་གཉོམ་ནས་ཇེ་གཉོམ་ལྟ་བུ་ཞིག་ཚོར་གྱི་འདུག

    Reply
  22. བོད་པ says:
    ལོ་ 15 སྔོན།

    སྐྱུག་ལྡད་བྱེད་ཡ་མང་དྲག་ཐལ།
    དགེ་ཆོས། དོན་གྲུབ་རྒྱལ། ཞོགས་དུང་ཟེར་ནས་སྐྱུག ཟས། ཡང་སྐྱུག ཡང་ཟས། དེ་ནས་ཡང་སྐྱུག དེ་ནས་ཡང་ཟས། དེ་ནས་ད་དུང་ཡང་སྐྱུག དེ་ནས་ཡང་ཟས། ཨ་ཨ་་་ཨ་མང་དྲག་ཐལ། ཁྱེད་ཅག་སྐྱུག་རོ་ཟ་མཁན་ཚོ་སྐྱུག་མི་ལོག་ནའང།ང་ཚོ་མི་ཟ་མཁན་ཚོ་ཞེན་པ་ལོག་གི ཁྱེད་ཚོས་སངས་རྒྱས་ཆོས་ལུགས་ཀྱི་སྔགས་བཟླས་བརྗོད་བྱེད་གི་ཡོད་ན་གནས་ཚུལ་ལོགས་པ་རེད། ཁྱེད་ཚོའི་སྐྱུག་ལྡད་དེ་་ལོ་ངོ་དྲུག་ཅུའི་རིང་གི་དམར་ཕྱོགས་པས་གསར་བརྗེ་ལས་འགུལ་སྐྱུ་ལྡད་རང་རེད། དམར་སྲུང་རུ་ཁག་ཅིག་བོད་ནས་རྡ་སར་བསླེབས་འདུག་ཟེར་བ་བདེན་ས་རེད།

    Reply
  23. ཞེ་འདང་མཚོ། says:
    ལོ་ 15 སྔོན།

    བགྲོ་གླེང་གི་ཁ་བྱང་རྫིག་ནའང་བགྲོ་གླེང་གི་ནང་ན་ཅི་ཡང་བཤད་མི་འདུག འདི་ནི་བོད་པའི་སྤྱི་ཚོགས་གང་ལ་སོང་ནའང་གོ་ཐུབ་པའི་སྐད་ཆ་ཏག་ཏག་རེད། ཇ་ཁང་དང་ཆང་ཁང་སོགས་ནས་བོད་པ་ཞིག་ལ་ཐུག་ནས་རྩོམ་རིག་སྐོར་གྱི་སྐད་ཆ་ཞིག་བཤད་སྐབས་ཆེ་ཆུང་རྒན་གཞོན་ཚང་མས་འདི་བཤད་ཀྱིན་པ་རེད། དྲང་མོར་བཤད་ན་གོང་གི་སྐད་ཆ་འདིའི་ནང་ནས་ཁྱོད་ཚོར་ཅི་ཞིག་རག་སོང་། ང་ལ་ནི་ཅི་ཡང་རག་མ་སོང་།

    Reply
  24. གནས་ཚང་། says:
    ལོ་ 15 སྔོན།

    མང་པོ་ཞིག་ཚང་མི་འདུག ཐེའུ་རང་། ཞོགས་ལྗང་། ད་དུང་གངས་ཉི། ཚ་བ་མདའ་སྨྱུག་སོགས་གླེང་འོས་པར་མ་ཟད། སྒྲོལ་མ་སྐྱབས་ནི་ལོ་རྒྱུས་ཀྱི་རྡོ་རིང་གཞན་ཞིག་ཡིན། ཨ་འཁོར་ལགས། མི་འཁོར་བ་ཞིག་མི་གནང་བའི་རེ་བ་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese