དོ་ནུབ་བོད་གཞུང་ཟློས་གར་ཐང་ཆེན་གྱི་ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད། ཝ་རཱ་ན་སི་མཐོ་སློབ་ཀྱི་བུ་མོ་བསྟན་འཛིན་ནོར་འཛོམས་ལགས་སུ་ཨང་དང་པོ་ཐོབ་སྟེ། ཐེངས་དགུ་བའི་བོད་ཀྱི་མཛངས་མའི་དབུ་རྒྱན་བསྒྲོན་ཡོད།
དེ་རིང་དགོང་མོའི་ཆུ་ཚོད་ ༨ སྟེང་ངྷ་ས་བོད་གཞུང་ཟློས་གར་ཐང་ཆེན་དུ་འདི་ལོའི་བོད་ཀྱི་མཛངས་མའི་མཇུག་མཐའི་སྟེང་རྩོད་འགྲན་བསྡུར་བྱས་ཏེ། ཝ་རཱ་ན་སི་མཐོ་སློབ་ཀྱི་བུ་མོ་བསྟན་འཛིན་ནོར་འཛོམས་ལགས་སུ་ཕྱི་ལོ་ ༡༠༡༠ ལོའི་བོད་ཀྱི་མཛངས་མ་ཨང་དང་པོ་དེ་ཐོབ་ཡོད་ཅིང་། ལྟད་མོ་བ་སྟོང་ཕྲག་གི་ཐལ་སྒྲ་དང་འབོད་སྒྲའི་ཁྲོད་ནས། སྔ་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་ཁོ་མོར་བསྒྲོན་ཡོད། དེ་བཞིན་ངྷ་ས་ནས་ཡིན་པའི་བུ་མོ་དབྱངས་ཅན་མེ་ཏོག་ལགས་སུ་ཨང་གཉིས་པ་དང་། བྷིང་ལོར་ནས་ཡིན་པའི་རིན་ཆེན་ཆོས་སྒྲོན་ལགས་སུ་ཨང་གསུམ་པ། བྷེང་ལོར་ནས་ཡིན་པའི་བསྟན་འཛིན་རྣམ་ཆོས་ལགས་སུ་ཨང་བཞི་བ་སྟེ་གཟེངས་བསྟོད་བྱ་དགའ་བཅས་ཐོབ་ཡོད།
བསྟན་འཛིན་ནོར་འཛོམས་ལགས་སུ་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མ་ཐག ཁོ་མོས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ང་ལ་བོད་ཀྱི་མཛངས་མའི་མཇུག་མཐའི་རྒྱལ་ཁ་ཐོབ་པར་ཧ་ཅང་དགའ་བོ་བྱུང་སོང་། མི་སུ་ཡིན་རུང་རང་ཉིད་ལ་རྒྱལ་ཁ་ཐོབ་ན་དགའ་བ་ཆོས་ཉིད་རེད། ཐེངས་འདིར་ང་ཚོ་མཉམ་དུ་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་གཞན་དག་ལ་རྒྱལ་ཁ་མ་ཐོབ་པར་བློ་ཕམ་ཡོང་གིན་ཡོད་པ་མཐོང་དུས་ང་ཡང་སེམས་སྐྱོ་བྱུང་། ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་དོན་ནི། སྤྱིར་བཏང་ཕྱིའི་རྣམ་པ་གལ་ཆེན་ཡིན་ཡང་། ནང་གི་རྣམ་པ་དེ་བས་ཀྱང་གལ་ཆེན་ཡིན་སྟབས། ང་ཚོ་བོད་ཀྱི་མཛངས་མའི་འགྲན་བསྡུར་བ་རྣམས་ལས་ང་རང་གིས་སྤོབས་པ་ཆེན་པོས་ཕྱོགས་མང་པོ་ཞིག་ནས་ཆ་ཤེས་ལེན་ཐུབ་པ་བྱུང་ཡོད་པས་ཡིན་རྒྱུ་རེད་ཟེར།
ཡང་མ་འོངས་པར་བོད་དོན་ཆེད་ལས་ཀ་ཅི་ཞིག་བྱ་འདུན་ཡོད་མེད་དྲིས་པར། སྤྱིར་བཏང་དཔལ་འབྱོར་གྱི་གནས་བབ་ཆ་ནས་ངས་ཧིན་སྒོར་འབུམ་གཅིག་ཙམ་གྱིས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་གང་ཡང་བསྒྲུབ་ཐུབ་གི་མ་རེད། ཡིན་ནའང་། མ་འོངས་པར་ང་མུ་མཐུད་གར་སྟེགས་མང་བོའི་སྟེང་འབུད་གི་རེད། འཛམ་གླིང་ཐོག་བོད་ཀྱི་གནད་དོན་སྐོར་ལ་གང་ཡང་མི་ཤེས་མཁན་ཚོར། ངས་གང་ཐུབ་ཐུབ་ཀྱིས་བོད་ཀྱི་གནད་དོན་ངོ་སྤྲོད་བྱ་རྒྱུ་ཡིན། ཞེས་དང་། མཐར་ཁོ་མོའི་མི་ཚེའི་དམིགས་འདུན་སྐོར་བཤད་དོན། དང་ཐོག་རང་ཉིད་ཀྱིས་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། དེའི་རྗེས་བོད་མི་སློབ་སྦྱོང་སྐྱོ་བོ་ཅན་དག་ལ་སློབ་གསོའི་ཐད་ནས་རོགས་སྐྱོར་བྱ་རྒྱུ་ནི་ཁོ་མོའི་མི་ཚེ་འདིའི་དམིགས་འདུན་ཆེ་ཤོས་དེ་ཡིན་ཟེར།
གསར་འགོད་པ། ཨ་རིག་འགྱུར་མེད་དང་། པར་བ་དོན་འགྲུབ་བཀྲ་ཤིས།
བུ་མོ་བསྟན་འཛིན་ནོར་འཛོམས་ལགས་བཀྲ་ཤིས་བདེ་ལེགས་ཞུ་རྗེས་ལ་འཛམ་གླིང་མཛེས་མའི་ནང་དུ་ཚུད་པའི་རེ་བ་བཅང་ཡོད་གང་ཡིན་ཟེར་ན་ང་ཁྱོད་རང་ལ་ཧ་ཅང་དགའ་བོ་ཡོད།
བསྟན་འཛིན་ནོར་འཛོམས་ལ་འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པར་དགའ་བསུ་ཞུ།
གང་ལྟར་ཡང་བོད་ཀྱི་བུ་མོ་ཁྱོད་ཀྱི་དེང་རབས་ཀྱི་བྱེད་སྒོ་འདིའི་ནང་འཛུལ་ཞུགས་དང་བཅས་ཏེ་བོད་ཀྱི་བུ་མོ་རྣལ་མ་ཞིག་གི་ལུས་ངག་ཡིད་གསུམ་གྱི་འཕག་ཚག་ཞིག་རྒྱ་ནག་སྲིད་གཞུང་གཙོས་པའི་རྒྱལ་སྤྱིའི་ཁྱོན་དུ་མངོན་དུ་བཅུག་པ་དེར་ངས་རྒྱབ་བསྐྱོར་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ནོ།
བུ་མོ་བསྟན་འཛིན་ནོར་འཛོམས་ལགས་སུ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པར་འཚམས་འདྲི་ཡོད།
བོད་ཀྱི་འཛང་མ་བསྟན་འཛིན་ནོར་འཛོམ་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
གཅིག་ནོར་སོང་། ག་རེ་ཀེ ལོ་འདིའི་བོད་ཀྱི་མཛངས་མ་དྲགས་འདེམས་ནང་དུ་ང་རང་གི་ཨ་ཅག་གཏོང་དགོས་པ་རེད་འདུག་ག ག་རེ་བྱས་ནས། བོད་ཀྱི་མཛངས་མའི་བྱ་དགའ་དེ་ལེན་སར། ཁྱོད་རང་གི་ཨ་ཅག་ལ་སློབ་སྦྱོང་མེད་པ། ངའི་ཨ་ཅག་གིས་བོད་སྐད་དང་བོད་ཡིག་ཐོགས་པ་མེད་པར་འབྲི་བཤད་ཐུབ་ཀྱི་ཡོད་རེད་ད། སྐྱེས་གཟུགས་ཀྱིས་གཉོབ་ཀྱི་མ་རེད་གོ། དབྱངས་ཅན་མེ་ཏོག་ཕ་བཞགས་ལ་གཞན་པ་ཚོར་སྐྱེ་གཟུགས་གེ་མི་འདུག་ག ཨ་ལེ་དངོས་གནས་རེད་བདེན་པ་རེད་འདུག ད་ལོ་རྗེས་མ་ཁྱོད་རང་གི་ཨ་ཅག་དེ་ཉིས་སྟོང་བཅུ་གཅིག་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་གཏོང་དགོས་རེད་ད། རེད་གྲོགས་པོ་ངས་ཀྱང་དེ་འདྲ་ཞིག་བསམ་བསྡད་ཡོད་ད། གང་ལྟར་ངའི་ཨ་ཅག་ལ་ཧམ་པ་ཚ་བོ་ཡོད་རེད་གསེར་གྱི་དབུ་བརྒྱན་ཐོབ་རྒྱུ་རེད་ཡ། ཧ་ཧ་ཧ་ཧ།
དང་ཐོག་ངས་འདི་ལོའི་བོད་ཀྱི་མཛེས་མའི་འགྲན་སྡུར་གྱི་བྱ་དགའ་ཐོབ་མཁན་གྱི་མཛེས་མ་བསྟན་འཛིན་ནོར་འཛོམས་ལགས་ལ་མཚམས་འདྲི་ཞུ་བ་དང། བོད་ཀྱི་ཉི་མ་ཞེས་དབྱིན་ཡིག་དྲ་རྒྱའི་ནང་དུ་འཁོད་གསལ་ལྟར། མི་རིང་ཁྱེད་ཉིད་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་བསྒྱུར་ཟབ་སྦྱོང་དེའི་ནང་བཞུགས་ནས་མ་འོངས་པར་སྐད་སྒྱུར་བྱ་རྒྱུའི་འདོད་མོས་ཡོད་པ་ཇི་བཞིན་བསྒྲུབ་ཐུབ་པའི་སྨོན་ལམ་ཡང་ཡོད། ཁྱེད་ཉིད་ཀྱི་བསམ་དོན་ཇི་བཞིན་སྒྲུབ་ཐུབ་པར་སྨོན།
སེར་སྨད་བློ་དགའ་ལགས་ཁྱེད་ཀྱིས་རེ་བའི་ཁྲོད་ཀྱ་ིམརྗངས་མ་
བསྟན་འཛིན་མེ་ཏོག་ཁོ་མོ་སྐབས་དགུ་པའི་བོད་ཀྱི་མཛངས་མའི་
དབུ་རྒྱན་ཁོ་མོ་ལ་ཐོབ་མིན་འདུག་པས་ཁྱེད་ཉིད་ནས་སྐབས་བཅུཔའི་
བོད་ཀྱི་མཛངས་མ་ཨང་དང་པོ་ཐོབ་པའི་སྨོན་འདུན་རྒྱབ་རྒྱབ་ན་རེ་བའི་ཁྲོད་དུ་
ཁྱེད་བླ་རྒན་ལག་ཏུ་འཁར་རྒྱུག་འཁྱེར་རྒྱུའི་དུས་ལ་སླེབས་ཡོང།།
བུ་མོ་བསྟན་འཛིན་ནོར་འཛོམས་ལགས་སུ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པར་འཚམས་འདྲི་ཡོད།
མཚན་སྙན་དེའི་ཐོག་ནས་ཁྱེད་ཉིད་ཀྱིས་བཤད་པ་ལྟར། བོད་སྤྱི་པའི་དོན་ལ་ཕན་འདོགས་མི་དམན་པ་ཞིག་གནང་ཐུབ་པའི་རེ་བ་ཡོད། ངས་གོ་ཐོས་ལ་ཕྱི་གཟུགས་བྱད་ཡག་ལ་ནང་ཤེས་ཡོན་ཀྱང་ཚད་ལྡན་ཡོད་ཚོད་འདུག་པས། ཡི་རང་དང་བསྔགས་བརྗོད་ཡོད།
འཛམ་གླིང་དང་ནི་ཨེ་ཤི་ཡ་དང་། །
རྒྱལ་ཁབ་གཞན་གྱི་མཛེས་མ་ཡིས། །
ང་ཡི་སེམས་པ་་མི་འགུལ་ཡང་། །
བོད་ཀྱི་མཛེས་མ་དེ་ལས་ལྡོག །
བུ་མོ་བཞི་ཀར་རྒྱལ་ཁ་ཐོབ་ན་བསམ་སོང་། ཡིན་ནའང་བུ་མོ་གཅིག་ལ་མ་གཏོགས་རྒྱལ་ཁ་ཐོབ་ཐུབ་མ་སོང་པས་བློ་ཕམ་བྱུང་།
དབྱངས་ཅན་མེ་ཏོག་དབྱངས་ཅན་ལྷ་མོ་བཞིན་མཚར་ཡང༌༎
བསྟན་འཛིན་ནོར་འཛོམས་སྤྱོད་ཡོན་ཀུན་འཛོམས་ཤིག་ཡིན་དུས༎
མཛངས་མའི་དབུ་རྒྱན་དབུ་ལ་རན་པོ་ཞིག་ལོས་ཡོད༎
མིག་ལྡན་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར་སོང་༎
བསྟན་འཛིན་གནམ་ཆོས་གནམ་རྒན་མ་ཡིས་མ་གཟིགས་ལ༎
རིན་ཆེན་ཆོས་སྒྲོན་ལ་ཡང་རིན་ཐང་མེད་སྟབས་ཀྱིས༎
དཔྱད་འདེམས་པ་ཡིས་དཔྱད་པ་གཏོང་ས་ཞིག་མ་རག །
མཇུག་ནས་བརྩིས་པའི་མཇུག་བྱང་དེ་གཉིས་ལ་རག་སོང༌༎
ད་ཤེས་མ་སོང་ཚང་མ་རྨོ་ལགས་ཀྱང་ཀྱང་རེད་འདུག་ཧཧཧཧཧཧཧཧཧཧཧཧཧཧ
མཛེས་སྡུག་ཅིག་གམ་༌༌༌༌༌༌༌༌༌
ཡང་ན་བློ་སྟོབས་ཤིག་ཡིན་༌༌༌
གང་ལྟར་ལྡིང་ཆ་འདིའི་སྟེང་ནས་༌༌
སྟོད་ཧྲང་དང་སྨད་ཧྲང་ཡང་ཕྱིར་ཕྱུང་སྟེ༌༌༌
ད་ཆ་ཁྱོད་ཚོ་་༌༌
དུས་རབས་ཀྱི་འཁྱོག་འགྲོས་ལ་ཟིན་འདུག་༌༌༌
བོད་མོ་ཚོ་༌༌༌
ཁྱོད་ཚོ་དེ་ལྟར་ལོངས་ཤོག
ངོ་མ་དེ་ལྟར་ལོངས་ཤོག་ཡ༌༌༌༌༌༌༌༌༌༌༌༌
ནོར་འཛོམས་ལགས་བཀྲ་ཤིས་བདེ་ལེགས། མཚན་བྱང་དེ་འཁྱེར་ནས་ད་དུང་ལོངས་ཤོག་ཨ།
བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་སུ་འཚམས་འདྲི་དང་སེམས་སྙིང་དྲོན་མོས་བཀྲིས་བདེ་ལེགས་ཞུ།
ཕྱིའི་རྣམ་པ་དང་ལོ་ཚད་ཆ་ནས་དབྱངས་ཅན་མེ་ཏོག་ལས་ལྷག་པ་ཞིག་མི་འདུག་ཀྱང༌། ནང་ཤེས་ཡོན་ཐོག་ཞུ་ན། ཝ་ཎ་ནས་ཡིན་པའི་བུ་མོ་བསྟན་འཛིན་མེ་ཏོག་ཡག་ཤོས་སུ་གྱུར་ཡོད་པ་འདྲ། ད་དུང་ཁོང་གིས་དབྱིན་སྐད་དང་ཧིན་སྐད་ཕྲན་བུ་ཤེས་པའི་ཐོག་ཝ་ཎ་ནས་དུས་ཡུན་གང་འཚམས་རིང་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་རིག་པ་བཅས་ལ་བག་ཆག་མི་དམན་ཙམ་འཇོག་ཡོད་ཅིང༌། གཟུགས་དབྱིབས་དང་རྣམ་པ་ཡང་སྡུག་པོ་རང་མེད་ལ། ཆེས་མཛེས་མོ་ཡང་མིན་ནའང་སྣང་བ་འོས་པ་ཞིག་ཏུ་འཆར་སྣང་ཡོད་སྟབས་ད་ལེན་བོད་ཀྱི་མཛངས་མའི་དབུ་རྒྱན་ཁོང་མོར་བསྒྲོན་པ་འགྲིག་འདུག་སྙམ།
བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་ལམ་ལུགས་སྲོལ་ཐམས་ཅད་ནུབ་ཕྱོགས་པའི་ལད་མོ་རྐྱང་རྐྱང་བྱེད་དགོས་པ་མི་འདོད་ལ། ཡང་ཆ་ཐམས་ཅད་ནས་བཽད་ལུགས་སྲོལ་རྒྱུན་འབའ་ཞིག་བྱེད་དགོས་དོན་ཡང་མེད།
གང་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་དང་བོད་མིའི་ཐུན་མིན་གྱི་ཁྱད་ཆོས་ཀྱི་རྒྱ་ལས་མི་འགལ་ཞིང༌། མཛངས་མའི་འགྲན་སྡུར་གྱི་རིན་ཐང་ཡང་མི་ཉམས་པ་ཞིག་བྱུང་ན་དེ་གའི་འགྲིགས་པ་མཐོང༌།
ནུབ་ཕྱོགས་པའི་ལུགས་སྲོལ་ལྟར་ལུས་ཐམས་ཅད་གཅེར་བུ་བུད་དགོས་དོན་མེད་ལ། བོད་ལུགས་སྲོལ་རྒྱུན་ལྟར་ཕྱུ་པ་དང་སྤག་ཙགས་ཀྱིས་ལུས་ཡོངས་རྫོགས་སྦས་འཐུམ་དགོས་པ་ཞིག་ཏུའང་མ་མཐོང༌། མཐའ་དེ་གཉིས་དང་བྲལ་བའི་རན་པོ་ཞིག་བྱེད་ན་འགྲིགས་ངེས་སུ་སྣང༌།
ནོར་གྱིས་བསླུས་པའི་ནོར་འཛོམས་ནི།།
མེ་ཏོག་ལྟ་བུའི་དབྱངས་ཅན་ལ།།
སྤྱིར་ན་འགྲན་པ་མི་འདུག་ཀྱང་།།
གཟི་དཔང་རྣམས་ཀྱི་གཟི་བའི་མིག
ཡོ་འཁྱོག་གང་ལས་ཤོར་བས་ཉེས།།
རྣམ་པའི་ཆ་ནས་རྣམ་ཆོས་ཀྱང་།།
ཆོས་སྒྲོན་ལྟ་བུའི་རྨོ་ཅིག་ལ།།
མི་དོ་ཟེར་ན་འཛམ་གླིང་འདིར།།
མཛངས་མའི་མཚན་ཞིག་ཡོད་རེ་སྐན།།
ཨ་་་་ཤུ་རེ་ཁོ ་་་་་རྣམ་ཆོས་་་་ཐ་མ་རེད། མོ་སྔོན་ཆད་མཛེས་མ་ཡོད་རེད་དཱ།
བསྟན་འཛིན་ནོར་འཛོམས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།
ད་ལོའི་མཛངས་མའི་རྒྱལ་ཁ་ཐོབ་མཁན་ལ་དགའ་བསུ་ཡོད།
ཡང་གོང་གི་སེར་སྨད་བློ་དགའ་ལགས་ལ་ཞུ་རྒྱུར། དབྱངས་ཅན་མེ་ཏོག་ལ་བྱ་དགའ་མ་ཐོབ་ནི་དགའ་འོས་པ་ཞིག་ཡིན། རྒྱུ་མཚན་ནི། ཁོང་མོས་བོད་སྐད་མི་ཤེས་ཁར་ཨེ་ཤེས་ལ་མི་བལྟ་བར་སྡོད་པ་ཞིག་ཡིན། རྡ་སར་སླེབས་ནས་དུས་ཡུན་རིང་བོ་སོང་ནའང་དགྱ་སྐད་གཅིག་བུས་ང་རྒྱལ་བྱེད་མཁན་ཞིག་ཡིན། ངས་ཁོང་མོར་ལོ་ཆུང་ཐོག་ལ་བོད་སྐད་ཅིག་སྦྱོང་དགོས་པ་རེད་ཅེས་བཤད་མྱོང་ཡོད་དེ། དེ་ནི་བོང་བུའི་རྣ་ལ་ཆོས་རེད་འདུག ད་དུང་དབྱིན་སྐད་ཀྱང་གང་ཡང་མི་ཤེས། དེ་འདྲ་བ་ཞིག་ལ་བོད་ཀྱི་མཛངས་མའི་མིང་བཏགས་ན་ཡག་གམ། ཕྱི་ཤུན་ཙམ་གྱིས་ཁྱོད་ཀྱིས་བཤད་པ་ལྟར་ཡག་ཤོས་རེད་ཟེར་ན་མི་འགྲིག་པ་མི་འདུག་སྟེ། དེ་ལ་ཆ་འཇོག་ཅི་ཞིག་ཡོད་ཨ། དེ་བས་ད་ཐེངས་ཀྱིང་ཨང་དང་བོ་ཐོབ་པ་འདི་ལ་དགའ་བསུ་ཞུ་འོས།
འཛངས་མ་འགྲན་བསྡུར་ཞིག་པ་དེ་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་ལ་བསམ་ན་
གཏན་གཏན་དགོས་ངེས་འོན་ཀྱང་ཆགས་འཇིགས་ཀྱི་དུས་སྐབས་འདི་ལ་ལྟོས་ན་ལས་
འགུལ་འདིར་དང་ལེན་གཏན་ནས་གནང་ཐབས་མེད་པ་མ་ཟད་གལ་སྲིད་དེ་ལྟར་གནང་
དགོས་ཚེ་བོད་མི་རིགས་ཀྱི་ཡར་རབས་བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་སྲོལ་རྒྱུན་རྒྱན་ཆ་དང་དེང་དུས་སློབ་སྦྱོང་གཉིས་ཀའི་ཐོག་ནས་གནང་ན་འོས་ཤིང་འཚམས།
བུ་མོ་དབྱངས་ཅན་མེ་ཏོག་ལགས་སུ། ཉིས་སྟོང་བཅུའི་བོད་ཀྱི་མཛངས་མ་ཨང་གཉིས་པ་ཐོབ་པར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་ཁྱེད་རང་ཨང་དང་པོ་མ་ཐོབ་པ་དེར་བློ་ཕབ་ཙམ་ཡང་ཡོད།
ཉིས་སྟོང་བཅུ་རུ་ནོར་བཅོས་གནང་རོགས་ཞུ།
ཉིས་སྟོང་བཅུ་གཅིག་གི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ལ་བོད་མི་རིགས་ཀྱི་བདེ་སྡུག་གླེང་སའི་སྡིངས་ཆ་ཞིག་དངོས་སུ་ཐོབ་ཟིན་པ་དང་ལྷན་རྒྱས་ཀྱང་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་འབྱོར་ཡོད་མཁན་ཞིག་ཡིན་པས། གླེང་ཕྱོགས་དང་ཁ་ཕྱོགས་མ་ནོར་བ་ཞིག་དང་། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་དགོངས་གཏིང་ཟབ་ཅིག་མཁྱེན་པ་གནང་སྟེ། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལ་ཞུགས་རོགས་གནོངས།
བསྟན་འཛིན་ནོར་འཛོམས་ལགས། འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུའོ༎
ཕྱི་ནང་ཤེས་ཡོན་ཀུན་གྱི་མིག་སྔར་བསྟན༎
བོད་ཀྱི་བསྟན་སྲིད་སྐྱོང་བའི་དམ་བཅའ་འཛིན༎
མོ་རྟེན་ཕོ་ཡི་སེམས་ལྡན་གཉེན་གྱི་ནོར༎
ཕྱི་མཛེས་ནང་མཛངས་གཉིས་ཀ་་ཁྱེད་ལ་འཛོམས༎
ཞེས་ཆེད་བསྟོད་བྱས་པ་དང་ཆབས་ཅིག་མངགས་རྒྱུར། ད་ལྟ་ཁྱེད་རང་སྔར་གྱི་བསྟན་འཛིན་ནོར་འཛོམས་དེ་མིན་པར། ཕྱི་ལོ་2010་༼བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་༽སུ་གྱུར་ཟིན་པས་མིང་དང་མཉམ་དུ་འགན་ཡོད་པས་ན་སྔར་ལས་ཀྱང་བཙུན་པ་དང༌། སྔོན་ལས་ཀྱང་བཟང་བ་དགོས་ཞེས་དྲན་རྟེན་ཙམ་དུ་སྨྲས་སོ༎
མཛངས་མ་ནོར་འཛོམས་ལ་བཀྲ་ཤིས་བདེ་ལེགས་རྒྱུ་དང་ཆབས་ཅིག་ཞུ་རྒྱུ་ཞིག་ལ་ད་ནི་ཁྱེད་ཀྱི་མི་ཚེ་ལ་འགྱུར་བ་གསར་པ་ཞིག་ཐེབས་ཟིན་པས་ཕྱོགས་ཐམས་ཅད་ནས་ཡིད་གཟབ་བྱ་དགོས། བསྟན་བཅོས་ལོ་རིམ་ཐོན་རྗེས་ཞིབ་འཇུག་གི་སློབ་དཔོན་ལོ་རིམ་གཉིས་དེ་མུ་མཐུད་མཇུག་བསྐྱལ་རྒྱུ་གལ་ཆེ། གཅིག་བྱས་ན་ཇོ་ནོར་བུ་རྒྱལ་མཚན་ལགས་འགྱོད་པ་སྐྱེ་གི་ཡོད་འགྲོ། ཧཧཧཧ སྐུ་རྩེད་ཡིན་ད།
ད་ལོའི་བོད་ཀྱི་མཛེས་མའི་མགྲན་བསྡུར་གྱི་རྒྱལ་ཁ་འདིས། ཕྱིའི་སྐྱེ་གཟུགས་གཅིག་པུ་མགྲན་བསྡུར་བྱས་པ་ཞིག་མ་ཡིན་པར་གསལ་སྟོན་བྱས་འདུག་པས། ལོ་རྗེས་མར་ཡོན་ཏན་ལྡན་པའི་བུ་མོ་མང་ཙམ་གར་སྟེགས་འདིར་ཕེབས་པའི་ཚོད་དཔག་བྱེད་ཐུབ།
མཛངས་མ་བསྟན་འཛིན་ནོར་ལ་བཀྲ་ཤེས་བདེ་ལེགས་ཞུ་བ་དང་ཆབ་གཅིག ཁོ་མོའི་མི་ཚེའི་དམིགས་འདུན་སྐོར་གྱི་འཆར་གཞི་ལ་རྒྱབ་སྐྱོར་ཡོད།
བུ་མོ་བཞི་ཀར་རྒྱལ་ཁ་ཐོབ་ན་བསམ་སོང་། ཡིན་ནའང་བུ་མོ་གཅིག་ལ་མ་གཏོགས་རྒྱལ་ཁ་ཐོབ་ཐུབ་མ་སོང་པས་བློ་ཕམ་བྱུང་།
གདོང་གི་མཛེས་པ་དབྱངས་ཅན་མེ་ཏོག་ལས་ལྷག་ཅིག་མི་འདུག འོན་ཀྱང་། བསྟན་འཛིན་ནོར་འཛོམས་ལ་རྒྱལ་ཁ་ཐོབ་པར་རྒྱུ་མཚན་ཡང་དག་འདུག ང་ཡང་དེ་ལ་མོས་མཐུན་ཡོད། མོ་རང་ཝ་ར་ཎ་སི་ནས་བོད་ཀྱི་རིག་གནས་སྤྱི་ལ་བག་ཆགས་ཡག་པོ་བཞག་ཡོད་པ་མ་ཟད། ད་དུང་སྐད་རིགས་ཀྱང་བོད་དབྱིན་ཧིན་གསུམ་ཤེས་པས། རང་གི་བསམ་བློའི་ནུས་ཚད་ཕྱིར་འདོན་བྱེད་པར་ཆ་རྐྱེན་ངེས་ཅན་ཚང་ཡོད་པ་རེད།
ཨ་རོགས་ཚོ། དབྱངས་ཅན་མེ་ཏོག་གི་ཁ་པར་་ཨང་གྲངས་འདྲ་ཡོད་དམ། ཧ ཧ ཧ ཧ
༢༠༡༠ ལོའི་་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
ད་ལོའི་མཛངས་མ་འགྲན་བསྡུར་ཀྱི་ཆ་ཤས་ལེན་མཁན་གྱི་བུ་མོ་ཚོ་ལའང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ།
རང་ཉིད་ལ་དབང་བའི་གར་སྟེགས་སྟེང་སྤོབས་པ་ཆེན་པོས་ཞུགས་མྱོང་བའི་བོད་ཀྱི་བུ་མོ་སྔ་ཕྱི་ཚང་མ་ལ་རྗེས་སུ་ཡི་རངས་དང་གུས་འདུད་ཞུ།
མ་འོངས་པའི་བོད་ཀྱི་སྲས་མོའི་འགྲན་བསྡུར་ཁྲོད་མཁས་འཛངས་ལྡན་པའི་བོད་ཀྱི་མཛེས་མ་མང་ཙམ་ཞུགས་ཐུབ་པའི་རེ་སྨོན་ཡོད།
དབྱངས་ཆེན་མེ་ཏོག་ལ་རྒྱ་ཁ་མ་ཐོབ་པ་ཅི་ཡིན་ན་ ཁོ་མོ་མཛེས་ཤིས་རེད་འདུག
སྤྱི་ལོ་༢༠༡༠་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཁྱེད་ཀྱིས་བསམ་བློའི་ཁྱེར་སོ་ལ་ང་དགའ་པོ་བྱོང
༢༠༡༠ ལོར་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་བཀྲ་ཤིས་བདེ་ལེགས་ཞུ། གཞན་བུ་མོ་རྣམས་རང་ཉིད་ལ་དབང་བའི་གར་སྟེགས་སྟེང་སྤོབས་པ་ཆེན་པོའི་ཞུགས་པར་རྗེས་སུ་ཡི་རངས་ཞུ།
༢༠༡༠ ལོར་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་བཀྲ་ཤིས་བདེ་ལེགས་ཞུ། གཞན་བུ་མོ་རྣམས་རང་ཉིད་ལ་དབང་བའི་གར་སྟེགས་སྟེང་སྤོབས་པ་ཆེན་པོའི་ཞུགས་པར་རྗེས་སུ་ཡི་རངས་ཞུ།
ད་དུང་མཛངས་མར་ཆ་ཤས་ལེན་མཁན་གྱི་བུ་མོ་ཚོར་ཡང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན། རང་ཉིད་ལ་དབང་བའི་གར་སྟེགས་སྟེང་སྤོབས་པས་ཞུགས་པར་གུས་འདུད་ཡི་རངས་ཞུ་རྒྱུུ་ཡིན།
སྤྱི་ལོ་༢༠༡༠ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།