མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱིའི་འོས་བསྡུའི་དུས་ཚེས་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔའི་བོད་མི་མང་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་དང་། དངོས་གཞིའི་འོས་གཞི་གཉིས་དུས་མཉམ་དུ་བྱ་རྒྱུ་ཡིན་ལ། དེ་ནི་མི་མང་ལ་སྟབས་བདེ་ཡོང་ཆེད་དུ་ཡིན་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཙན་བྱོལ་བོད་གཞུང་འོས་བསྡུ་ལྷན་ཁང་གིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་ནང་། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གསར་འདེམས་བྱ་ཕྱོགས་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མི་མང་གིས་ཐད་ཀར་འོས་འདེམ་གྱི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་དུས་ཚེས་ཕྱིར་བསྒྲགས་གནང་ཡོད།

དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས། ཐེངས་འདིའི་འོས་བསྡུའི་སྐབས་སྔར་དང་མ་འདྲ་བར་སྤྱི་འཐུས་ཀྱི་སྔོན་འགྲོ་དང་བཀའ་བློན་ཁྲི་པའི་སྔོན་འགྲོ་གཉིས་ཉིན་བརྒྱ་དུས་གཅིག་ལ་བཟོས་ཡོད་པར་མ་ཟད། བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཡང་ཉིན་གཅིག་ལ་འཁེལ་བར་བྱས་ཡོད། དེ་ལྟར་བྱས་ན་མི་མང་འོས་ཤོག་ལྡུག་ཏུ་ཐེངས་གཉིས་ལ་མ་གཏོགས་འགྲོ་དགོས་གི་མ་རེད་ལ། སྟབས་བདེ་རུ་ཕྱིན་ཡོད་ཟེར།

སྤྱི་འཐུས་སྐབས་བཅོ་ལྔ་པ་དང་བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་གཞི་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༣ ཉིན་ཏེ། རེས་གཟའ་ཉི་མར་འཁེལ་ཡོད་ལ། བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དེ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༢༠ ཉིན་བྱ་རྒྱུ་ཡིན། དེ་ལྟར་བྱས་ན་བོད་ལུགས་ཀྱི་ལོ་སར་ཚེས་གཅིག་ཉིན་ནི་ཕྱི་ཟླ་ ༣ ཚེས་ ༥ ཉིན་འཁེལ་ཡོད་པ་དང་། དེ་ནས་བརྩིས་པའི་བཀའ་སྤྱིའི་དངོས་གཞིའི་འོས་གཞི་བར་དུ་བདུན་ཕྲག་གཉིས་ལྷག་ལས་མེད་སྟབས། བཞུགས་སྒར་ཁུལ་གཙོས་ཕྱོགས་མཐའ་ཁག་གི་བོད་མི་རྣམས། དབྱར་ཚོང་རྒྱག་པ་སོགས་ལས་རིགས་འདྲ་མིན་སྟེང་མ་ཞུགས་པར་རང་རང་གི་ས་གནས་སུ་བཞུགས་རྒྱུར་བསྐུལ་ཡོད།

ཡང་གསལ་བསྒྲགས་སྐབས། ད་ལྟ་ཡུ་རོབ་ཏུ་སྤྱི་འཐུས་གཉིས་དང་ཨ་རིའི་ཕྱོགས་ནས་སྤྱི་འཐུས་གཅིག་མ་གཏོགས་མེད་ལ། སྤྱིར་བཏང་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་བོད་མི་ཚོ་གནས་སྡོད་བྱེད་མཁན་མང་བོ་ཡོད་ནའང་། བོད་མི་ཡོད་ས་ཚང་མར་སྤྱི་འཐུས་མེད་པ་དང་ཟླ་གསུམ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་བཀའ་བསྡུར་གནང་བ་གཞི་ལ་བཞག་སྟེ། ང་ཚོས་ཚོད་དཔག་བྱས་པ་ལྟར་ན། ཟླ་ ༩ ནང་ད་ལྟ་སྤྱི་འཐུས་ཡོད་བཞིན་པའི་རྒྱལ་ཁབ་རེ་ཟུང་ནང་སྤྱི་འཐུས་འཕར་ཆ་ཡོང་སྲིད་པ་རེད་ལ། བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་གཞན་ཁག་ནང་སྤྱི་འཐུས་མེད་སར་སྤྱི་འཐུས་གསར་པ་འདེམས་བསྐོ་བྱེད་དགོས་འབྱུང་སྲིད་གི་རེད། དེར་བརྟེན་འོས་བསྡུའི་ལས་རིམ་དག་སྤྱིར་བཏང་གཏན་འཁེལ་བྱུང་ཡོད་ནའང་། སྤྱི་འཐུས་གྲོས་ཚོགས་མ་འཚོགས་གོང་ས་གནས་འོས་བསྡུའི་འགན་འཛིན་ཚོར་གཏོང་རྒྱུར་ཕྱིར་འཐེན་བྱས་ཡོད་ཅེས་དང་།

དེང་སྐབས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་དྲ་རྒྱ་ཞེས་པ་དེ་མི་མང་ནང་གཞུང་འབྲེལ་ཡིན་མིན་ཐོག་དོགས་འདྲི་བྱེད་མཁན་དང་། དྲ་རྒྱ་དེའི་ནང་བསྒྲགས་པའི་བཀའ་ཁྲིའི་སྔོན་འགྲོའི་འོས་མི་དག་གཞུང་འབྲེལ་གྱིས་བསྒྲགས་པའི་འོས་མི་ཡིན་མིན་དོགས་འདྲི་བྱེད་མཁན་འདུག་སྟབས། དྲ་རྒྱ་དེ་ནི་གཞུང་འབྲེལ་གྱི་དྲ་རྒྱ་མིན་པ་དང་། དྲ་རྒྱའི་ནང་གི་འོས་མི་དག་ཀྱང་གཞུང་འབྲེལ་གྱི་འོས་མི་མ་རེད་ཅེས་གསལ་འགྲེལ་མཛད་ཐོག གཞུང་འབྲེལ་གྱི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་དག་སྔོན་འགྲོའི་འོས་གཞི་གྲུབ་རྗེས་གཞི་ནས་བསྒྲག་གི་རེད། དེ་ནི་གཞུང་འབྲེལ་གྱི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་ངོ་མ་ཆགས་གི་རེད་ཅེས་གསུངས་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུ་སླེབས་མཚམས། གོང་ས་མཆོག་གིས་ཐད་ཀར་དབུས་འོས་བསྡུ་ལྷན་ཁང་དུ་ཆོལ་ཁ་རེ་ནས་འོས་བསྡུའི་འགན་འཛིན་ལས་འཕར་རེ་བསྐོ་གཞག་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱི་ལས་རོགས་སུ་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་དྲུང་ཆེ་བཅུད་པར་གཡང་མཁོ་རྒྱལ་ལགས་དང་། བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་རིན་འཛིན་ཆོས་གྲགས་ལགས་རྣམ་གཉིས་ཐད་བསྐོས་གནང་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 8

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྔོན་འགྲོ་འོས་བསྡུ་སྐབས་སུ་མི་མང་མང་ཆེ་བ་དགུན་ཚོང་ལ་འགྲོ་ཚར་བའི་ཡག་པོ་ཞིག་ཨེ་ཡོང་ན།

    Reply
  2. Palden says:
    ལོ་ 16 སྔོན།

    ད་ལམ་བཀའ་བློན་ཁྲི་པའི་འོས་འདེམས་གནང་རྒྱུ་དེ་བཞིན་ཤིན་ཏུ་གལ་ཆེའི་ཕྱག་ལས་ཤིག་ཡིན་ཅིང་། དེ་ནི་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་གོམ་གྲོད་གནང་རྒྱུའི་ཁ་ལོ་བ་ལྟ་བུ་ཡིན་པས་དེ་བཞིན་ཚང་མས་ཤེས་འབྱོན་ལྷག་བསམ་ཅན་གཙོར་འདོན་གནང་རྒྱུ་དགོས་གལ་ཆེ། བཀའ་ཁྲི་དེ་བཞིན་ལོ་གཞོན་དང་བུད་མེད་ལ་སྤྲོད་དགོས་པ་སོགས་ཐོབ་ཐང་གི་རྩད་བརྒྱབ་རྒྱུར་དགོས་པ་ཆེར་མ་མཐོང་། ལས་དོན་བསྒྲུབ་རྒྱུ་ཉིད་གཙོ་བོ་ཡིན་རྟེན་དེར་ལྷག་བསམ་དང་ཤེས་འབྱོན་གཙོ་བོར་བཏོན་རྒྱུ་ཡིན།

    སྤྱི་འཐུས་ཀྱང་མི་མང་གི་མགྲིན་ཚབ་ཤིག་ཡིན་རྟེན་དངོས་ཡོད་མི་མང་གི་བཀའ་ངལ་རྟོག་རྒྱུ་དང་དེ་བཞིན་རང་གཞུང་ལ་སྙན་འབུལ་ཞུས་ཏེ་མི་མང་གི་བཀའ་ངལ་སེལ་ཐབས་གནང་རྒྱུ་གཙོ་བོ་ཡིན་པས་དེར་ཕྱོགས་རིས་སོགས་ཀྱི་དྲི་མས་མ་གོས་པ་དགོས།

    ད་ལྟའི་བཀའ་བརྒྱུད་སྤྱི་འཐུས་ལ་མཚོན་ན། བཀའ་བརྒྱུད་སྤྱི་ནས་འདེམས་པ་ཡིན་ཀྱང་བཀའ་བརྒྱུད་བྱེ་བྲག་པ་ཞིག་གི་ཕྱོགས་སུ་བཟུང་ཏེ་རང་རྒྱལ་གཞན་ཕམ་གྱི་ཕྱག་ལས་ཤ་སྟག་གནང་བར་བློ་ཕམ་ཆེ། ཕྲན་ནས་བཀའ་བརྒྱུད་བྱེ་བྲག་པ་ཞེས་པ་ཀཾ་ཚང་ལ་ཞུ་བ་ཡིན་ཀཾ་ཚང་གི་ད་ལྟའི་གནས་སྐབས་གཉིས་ཡོད་པར་བཀའ་བརྒྱུད་བསྟན་པའི་དབུ་འཕྲིད་འདེམས་སྐོ་བྱ་རྒྱུ་དེ་བཞིན་ཀཾ་ཚང་ཕྱོགས་གཉིས་ཆར་གོ་བསྡུར་བྱ་དགོས་རྒྱུ་ལས་དེ་ལྟར་མ་གནང་བར་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་འཛིན་པའི་ཀཾ་ཚང་གཅིག་པུ་བཞག་ནས་གཞན་སྐྱབས་རྗེ་ཞྭ་དམར་ནག་གཉིས་ཀྱི་རྗེས་སུ་འཇུག་པའི་ཀཾ་ཚང་ཡལ་བར་དོར་བ་འདི་ནི་དྲང་པོ་མིན་པས་དེའི་སྐོར་ཆེད་རྩོམ་ཞིག་འདུག་པས་འདིར་གཟིགས་གནང་རྒྱུ།
    http://www.hetuprabav.blogspot.com

    Reply
  3. རྐང་གསུམ། says:
    ལོ་ 16 སྔོན།

    འཚོ་གནས་ཁ་འཐོར་དང་མི་རིགས་གཏན་བརླག་ཏུ་འགྲོ་ལ་ཉེ་བའི་ཆེས་ཛ་དྲག་གི་དུས་སྐབས་འདིར། ང་ཚོ་བཙན་བྱོལ་དུ་གནས་པའི་རིག་རྒྱུད་གཅིག་པའི་སྤུན་ཟླ་ཚོས་རང་གི་ཁ་ཕོར་བའི་ཆེད་དུ་ཕུ་ནུ་ནང་འཁྲུག་དང་།
    རྙིང་རུལ་གྱི་བག་ཆགས་ཀྱིས་སྐྱེད་པའི་འདུ་ཤེས་འཛིན་སྟེང་ཡོད་ཚད་གད་སྙིགས་སུ་གཏོར་ནས་རང་གི་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་དོན་ཆེན་སྒྲུབ་སླད་དུས་ཀུན་བརྩོན་པ་སྐྱེད་དགོས་པ་ནི་ང་ཚོ་ཚང་མར་ཁུར་དུ་བབ་པའི་ལས་འགན་ཞིག་ཡིན་པ་སེམས་དང་བསམ་པའི་དཀྱུལ་དུ་ཉལ་ནས་འཛིན་དགོས་པ་ནི་ཆེས་གནད་འགག་ཅིག་རེད།
    དེ་བས་ན་དེ་རིང་བཙལ་བྱོལ་བོད་མིའི་འོས་བསྡུ་ལྷན་ཁང་གིས་བཀའ་ཁྲི་སྐབས་གསུམ་པ་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་འོས་འཕེན་དུས་ཚེས་གཅིག་ཡིན་པའི་གསལ་བསྒྲགས་སྤེལ་བ་ནི་ཧ་ཅང་དགའ་འོས་པའི་ལས་འཆར་ཡག་པོ་ཞིག་རེད།
    ཡིན་ནའང་ང་ཚོ་རྒྱ་བོད་ཕྱི་ནང་ཀུན་ན་ཡོད་པའི་རིགས་མཐུན་སྤུན་ཟླ་ཚོས་ངེས་པར་དུ་མཁྱེན་དགོས་པ་ནི་མ་འོངས་པའི་བཀའ་ཁྲི་ལས་འབྱུང་འགྱུར་གྱི་བོད་མི་མང་སྤྱི་འཐུས་གཙོ་ཆེ་བ་ནི་ད་ལྟའི་བཀའ་ཁྲིའི་ལོ་དུས་ཀྱི་བཀའ་ཤིག་གི་ལས་འཆར་ལས་ང་ཚོས་གསལ་བོ་མཁྱེན་ངེས་རེད། ཡིན་ནའང་ད་ལྟའི་བཀའ་ཁྲི་ལས་མ་འོངས་པའི་བཀའ་ཁྲི་གཙོ་གནད་ཆེ་བ་མ་ཟད། ད་ལྟའི་བོད་མི་མང་སྤྱི་འཐུས་ཀྱི་བྱ་སྤྱོད་ལས་འགྱུར་གྱི་བོད་མི་མང་སྤྱི་འཐུས་ཀྱི་བ་སྤྱོད་གཙོ་གནད་དུ་འཛིན་དགོས་པ་ནི། འདས་མ་ཐག་པའི་དོན་རྐྱེན་ཆུང་ཆུང་དེའི་རྒྱབ་ལོགས་ཀྱི་སྟོབས་ཤུགས་ལས་ང་ཚོས་གསལ་བོར་མཁྱེན་ངེས་རེད།
    མ་གཞི་འདས་མ་ད་གསུམ་གྱི་བཙན་བྱོལ་བོད་མིའི་བཀའ་སྤྱིའི་ཤེས་ཚད་དང་མི་གཞི་ལེགས་ཉེས་ང་ཚོས་ཇི་ལྟར་བཤད་རུང། འདི་དག་ཚང་མ་ང་ཚོའི་འདེམས་འདུན་གྱི་བསམ་བློའི་ཁྲོད་ནས་ཡར་འགྲོ་བ་ཞིག་ལས་གཞན་གང་ཡང་མེད་ངེས་རེད། ཡིན་ནའང་ང་ཚོས་ད་རུང་ཁོང་ཚོར་གཤེ་གཤེ་གཏོང་བཞིན་ཁ་ལ་ཚིག་ཅི་ཡོང་གིས་ཁོང་ཚོར་སྡུག་མེ་འདོན་བཞིན་ཡོད། སྤྱིར་བཏང་བཤད་ན་འདི་དག་ཚང་མའི་ནོར་འཁྲུལ་འབྱུང་སའི་ལྟེ་བ་ནི་ང་ཚོ་མི་དམངས་ཚོ་རང་རེད།
    རྒྱུ་མཚན་དེའི་ཕྱིར་ང་ཚོས་མ་འོངས་འབྱུང་འགྱུར་གྱི་བཀའ་སྤྱིའི་འོས་བསྡུའི་སྐབས་བསམ་པ་རྣམ་དག་ཞིག་ཁུར་ནས་རང་གི་འོས་འཕེན་པར་འདོད་པའི་མི་དེའི་འདས་ཟིན་པའི་ལོ་རྒྱུས་ལ་དཔྱད་ཞིབ་བྱས་ནས་ཐ་མར་རང་གི་བློ་ངོར་གང་བབ་པ་དེ་ལ་འོས་འཕེན་ཐུབ་དགོས་པ་ལས་མི་གཞན་གྱི་བཤད་ཚད་ལ་མི་ཉན་པ་དང། ཆབ་སྲིད་ཀྱི་ལས་དོན་འདྲ་མིན་གྱི་བྱ་འགུལ་བརྩོན་མཁས་པའི་མི་བུ་ཚོའི་ལག་ཆ་རུ་རང་ཉིད་མི་ཚུད་པར་བྱས་ནས་ད་རེབ་ཀྱི་འོས་བསྡུ་འདི་ལ་རང་གི་སེམས་སྟེང་ན་མི་བུ་སུ་དང་སུ་ཡོད་ན་དེ་ཉིད་འཕེན་ཐུབ་པར་བྱེད་རྒྱུ་ནི་སོ་སོ་རང་ཉིད་མི་ཞིག་ཡིན་པའི་ཁེ་དབང་རེད།
    ཡིན་ནའང་གུས་པ་རང་ཉིད་ལ་ཆ་མཚོན་ན་རང་དབང་ལག་དེབ་བོར་ནས་ཟླ་བ་ཁ་ཤེས་འགྲོ་བཞིན་ཡོད་ནའང་གསར་དུ་བཟོ་སྒྲུབ་ཀྱི་ལས་ལ་བརྩོན་རུང། བར་རྐྱེན་གང་མང་ཞིག་གི་གནད་དོན་འོག་བཟོ་ཐུབ་ཀྱིན་མེད་སྟབས། ད་ཐང་གི་འོས་བསྡུའི་ནང་རང་གི་ཆ་ཤེས་ལེན་ཐུབ་ས་མ་རེད་བསམ་ནས་སེམས་ཕམ་ཡིད་ཆད་ངང་སྐད་ཆ་རེ་བཤད་ནས་ཡོད།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བོད་མི་མང་སྤྱི་འཐུས་རྣམ་པ་ལྷག་བསམ་རྣམ་དག་ཞིག་རག་ཐུབ་པ་བྱ་དགོས་གལ་ཆེ་བར་མངོན།

    Reply
  5. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 16 སྔོན།

    བོད་མི་མང་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་ཡག་པོ་ཞིག་ཡོངས་བར་གཞུང་སྒེར་ཚང་མས་རྒྱབ་སྐྱོར་གནང་དགོས་ན་རང་དབང་གཅེས་འཛིན་ལག་དེབ་སོགས་ལ་ཅུང་འགྱུར་བ་བཏང་དགོས་རུང་ཐུགས་ཞིག་གནང་གལ་ཆེ།

    Reply
  6. གྲྭ་རྒོད says:
    ལོ་ 16 སྔོན།

    སྐབས་བཅོ་ལྔའི་བོད་མི་མང་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་གལ་ཆེན་པོར་ཡིན་པས།མི་མང་འོས་ཐོབ་ཡོད་མཁན་ཚང་མའི་ཆ་ཤེས་ལེན་ཐུབ་པ་ཞིག་བྱེད་ཐུབ་ན་ཤུན་ཏུ་ལེགས།དེ་ལྟར་མི་མང་འོས་ཐོབ་ཡོད་མཁན་ཆང་མའི་འགན་ལེན་ཐུབ་པ་ཞིག་བྱེད་ན་རང་བཙན་ལག་དེབ་ཐོག་སྟབས་བདེ་རུ་གཏོང་དགོས་པ་དང་།གཏོང་སྟིང་དེ་ཡང་རང་བཙན་ལག་དེབ་བཟོ་སྐབས་དཀལ་ངལ་མེད་པ་ཞིག་ཡོངས་པའི་རེ་ཡོད།བོད་མི་ཚང་མའི་ཕྱོགས་རེས་དང་ཞེན་ཁོག་མེད་པར་བོད་སྤྱིའི་ལས་དོན་རང་ལ་བསམ་ཤེས་བྱེད་མཁན་ཞིག་ལ་རེ་བ་བྱེད་རོགས་ཞེས་འབོད་བསྐུལ་ཞུ་གི་ཡོད།

    Reply
  7. རིག་འཛིན། says:
    ལོ་ 16 སྔོན།

    འོས་བསྡུའི་དུས་ཚོད་འདི་ཤིན་ཏུ་སྟབས་བདེ་ཞིག་ལ་བཟོ་འདུག

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ད་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དང་བོད་དམངས་སྤྱི་འཐུས་རྣམ་པ་བཅས་མི་མང་གིས་རིམ་པ་སྒྲིམ་སྟེ་གདམ་བྱ་འདེམས་བྱེད་མ་ནོར་
    བར་གནང་དགོས་རྒྱུ་དེ་གལ་ཆེ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese